གནད་བསྡུས། 详情

མཚོ་འཁྱིལ་སྡེ་བས་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་པ།

 མཚོ་ལྷོ་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་རྣམ་པ་གསར་པ་གཏོད་པར་སྣེ་ཁྲིད་བྱེད་པ་དང་། ཁུལ་ཡོངས་ཀྱི་སྡེ་བ་རིམ་པའི་ཏང་རྩ་འཛུགས426གིས་མང་ཚོགས་སྡེ་བ་རིམ་པའི་བྱ་བའི་ཁྲོད་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། དམངས་ལ་རེ་འབོད་ཡོད་ན་ང་ལ་ལན་སློག་རྒྱུ་ཡོད་པ་དང་། མང་ཚོགས་ལ་གྲོས་བསྡུར་བྱ་རྒྱུ་ཡོད་ན་ང་ལ་སྒྲུབ་རྒྱུ་ཡོད་པའི་དམིགས་ཚད་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་། ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་བརྡལ་མཚོ་འཁྱིལ་སྡེ་བའི་སློབ་གྲྭ་གྲོལ་རྗེས་ཀྱི་བཅོལ་སྐྱོང་ནས་རྒན་པའི་ཉིན་མོའི་ལྟ་སྐྱོང་བར་དང་། སྡེ་བའི་ཕྱིའི་རྣམ་པ་ཇེ་ལེགས་སུ་བཏང་བ་ནས་ཤང་སྲོལ་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བར། དམངས་ཚིས་དོན་དངོས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བཅས་ཀྱིས་གནས་སྤོར་སྡེ་བ་དེར་རྣམ་པ་གསར་པོ་ཞིག་མངོན་ཡོད།

དབྱར་གནང་སྐབས་སུ་མཚོ་འཁྱིལ་སྡེ་བའི་བཅོལ་སྐྱོང་ས་ཚིགས་དེ་བྱིས་པ་ཚོ་འགྲོ་སའི་གནས་བཟང་པོ་ཞིག་ཏུ་གྱུར་ཡོད། མཚོ་འཁྱིལ་སྡེ་བའི་ཕན་ཚུན་རོགས་རེས་ཚན་ཆུང་གིས་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་རྒྱུན་པར་སྤྱི་ཕན་སློབ་སྐྱོར་བྱ་འགུལ་སྤེལ་ཏེ། ན་གཞོན་དང་བླངས་པ་ཚོས་དེ་རུ་བྱིས་པ་ཚོར་སློབ་ཚན་ཟུར་ཁྲིད་དང་རི་མོ་འབྲི་རྒྱུར་མཛུབ་ཁྲིད། མཉམ་དུ་དཔེ་ཀློག་བྱེད་པ་བཅས་བྱས་ནས། ཞིང་སྡེའི་བྱིས་པར་དབྱར་གནང་སྐབས་སུ་ལྟ་སྐྱོང་དང་སློབ་ཚན་ཟུར་ཁྲིད་བྱེད་མཁན་མེད་པའི་གནད་དོན་ཐག་གཅོད་བྱས།

ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་བརྡལ་མཚོ་འཁྱིལ་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཀྲང་ཞིན་ཀྲུའུ་ཡིས་བཤད་རྒྱུར། ང་ཚོ་མཚོ་འཁྱིལ་སྡེ་བར་བཅོལ་སྐྱོང་ས་ཚིགས་ཤིག་བཙུགས་ཡོད་པ་དང་། གནང་བའི་སྐབས་སུ་སློབ་ཆེན་སློབ་མ3འདིར་ཡོང་ནས་བྱིས་པ་ཚོ་དང་མཉམ་དུ་རྩེད་མོ་རྩེད་རོགས་བྱེད་པའམ་ཡང་ན་སློབ་ཚན་ཟུར་ཁྲིད་བྱེད་པ། རི་མོ་ཁྲིད་པ། མཉམ་དུ་དཔེ་ཀློག་བྱེད་པ་སོགས་བྱས་ཏེ། བྱིས་པར་ལྟ་སྐྱོང་བྱེད་པའི་དུས་ཚོད་དཀོན་པའི་གནད་དོན་ཐག་གཅོད་བྱས།

མཚོ་འཁྱིལ་སྡེ་བས་ད་དུང་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་དང་བཅོལ་སྐྱོང་ས་ཚིགས་གཉིས་ཟུང་འབྲེལ་བྱས་ཏེ་ཕྱོགས་བསྡུས་གསར་བརྗེའི་རྟེན་གཞི་གསར་གཏོད་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་མིག་དཔེ་འགྲེམ་སྟོན། ཐོག་མའི་བསམ་འདུན་སློབ་གསོ་སོགས་བརྗོད་དོན་འགྲེམ་སྟོན་ཁང་བསྐྲུན་ཏེ། གསར་བརྗེའི་སློབ་གསོ་དེ་སློབ་གྲྭ་གྲོལ་རྗེས་ཀྱི་བཅོལ་སྐྱོང་ཞབས་ཞུའི་ནང་དུ་མཉམ་འདྲེས་བྱས་ནས། བསམ་བློའི་སློབ་གསོ་དང་སློབ་ཚན་ཟུར་ཁྲིད་གཉིས་ཟུང་འབྲེལ་དམ་པོ་བྱས་ཡོད།

མཚོ་འཁྱིལ་སྡེ་བའི་ཆ་གསགས་ཚོང་ཁང་གི་ཟོག་སྒྲོམ་སྟེང་དུ་འཚོ་བའི་མཁོ་ཆས་སྣ་ཚོགས་གྲལ་དག་པར་བཤམས་ཡོད་ལ། སྡེ་མི་ཚོས་ཁོར་ཡུག་བཅོས་སྐྱོང་དང་དང་བླངས་ཞབས་ཞུ་སོགས་ཀྱི་བྱ་བའི་ཁྲོད་ཞུགས་ནས་སྐར་མ་བསགས་ཤིང་། ཆ་གསགས་བྱང་བུར་བརྟེན་ནས་དེ་དང་མཐུན་པའི་དངོས་པོ་བརྗེ་ལེན་བྱེད་ཐུབ། དེས་སྡེ་མི་ཚོའི་སྡེ་བའི་བྱ་བའི་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཡོད་པར་མ་ཟད། སྡེ་བའི་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བར་ཡང་སྐུལ་འདེད་བཏང་སྟེ། ཀུན་སྤྱོད་ལེགས་པོ་དང་ཕན་ཚུན་རོགས་རམ་བྱེད་པའི་རྣམ་པ་བཟང་བོ་ཞིག་ཆགས་ཡོད།

རྒན་པ་དང་བྱིས་པ་ནི་ནམ་ཡིན་ཡང་སྡེ་བའི་སེམས་ཁྲལ་བྱེད་པའི་བྱ་བ་གལ་ཆེན་ཡིན་ལ། གཞིས་སྲུང་རྒན་པ་དང་ཁེར་སྡོད་རྒན་པའི་བཟའ་བཏུང་ལ་རོལ་དཀའ་བའི་གནད་དོན་ལ་དམིགས་ནས། མཚོ་འཁྱིལ་སྡེ་བས་རྒན་པ་རྣམས་ལ་ཟ་ཁང་དང་རྒན་པ་ཚོ་མཉམ་དུ་བསྡད་དེ་ཁྱིམ་དོན་ལབ་གླེང་བྱེད་སའི་གནས་མལ་ལེགས་པོ་བསྐྲུན་ཡོད་ལ། དེ་མིན་བཟའ་བཏུང་ལ་རོལ་དཀའ་བ་དང་ཁེར་སྡོད་ཀྱི་གནད་དོན་ཐག་གཅོད་བྱས་པས། རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་རྟེན་ས་ཡོད་པ་དངོས་གནས་མངོན་འགྱུར་བྱུང་ཡོད།

ཞིན་ཧེ་རྫོང་རྩི་གོར་ཐང་མཚོ་འཁྱིལ་སྡེ་བའི་སྡེ་མི་དཔལ་ཆེན་འཚོ་ཡིས་བཤད་རྒྱུར། དེ་རིང་ངས་གཙང་སྦྲ་ལེགས་པོ་ཞིག་བྱས་རྗེས་ཆ་བསགས་བྱང་བུ་ཞིག་ཐོབ་ལ། ཆ་བསགས་བྱང་བུ་དེ་ཇ་དེམ་ཞིག་ལ་བརྗེས་པ་ཡིན། དངོས་གནས་བཀའ་དྲིན་ཆེ། རྗེས་ཕྱོགས་ངས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཙང་སྦྲར་མུ་མཐུད་དུ་ཤུགས་འདོན་རྒྱུ་ཡིན་ཟེར།

བྱིས་པའི་གཅེས་སྐྱོང་ནས་རྒན་པའི་ཞབས་ཞུའི་བར་དང་། ཁོར་ཡུག་བཅོས་སྐྱོང་ནས་ཤང་སྲོལ་རྒྱུན་འཛིན་གྱི་བར། མཚོ་འཁྱིལ་སྡེ་བས་ཅན་བཅུའི་ཏང་འཛུགས་སྐྱོང་དམ་འཛིན་བྱས་ཏེ། ཏང་ཡོན་དང་མང་ཚོགས་ཀྱིས་ནུས་ཤུགས་གཅིག་ཏུ་སྒྲིལ་ཏེ། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཁྲོད་ཀྱི་སྡེ་མིའི་ཐོབ་སྣང་དང་སྐྱིད་སྣང་མུ་མཐུད་དུ་མཐོར་འདེགས་སུ་བཏང་ནས། མཐོ་སྒང་གི་གནས་སྤོའི་སྡེ་གསར་དེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐྱོད་བཞིན་ཡོད།

热门新闻

热门图库

热门排行