གནད་བསྡུས། 详情

ཞུང་ཡོན་ལའེ་ཞིན་ཧེ་རྫོང་དུ་སོང་ནས་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།

རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཞིན་ཧེ་རྫོང་དུ་སོང་ནས་གནོད་འགོག་རྒུད་སྐྱོབ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་དང་གནོད་སེལ། རྒུད་སྐྱོབ་བཅས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་སྒོས་ས་ཡོམ་གྱི་གནོད་འགོག་དང་གནོད་སེལ། རྒུད་སྐྱོབ་བཅས་ཀྱི་བྱ་བ་ཁག་གི་ཁྲོད་ཀྱི་ཞིབ་ཕྲའི་འགན་འཁྲི་དོན་འཁྱོལ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན། 

རྟོག་ཞིབ་སྐབས་སུ་ཞུང་ཡོན་ལའེ་ཡིས་སྔ་རྗེས་སུ་ཨ་མདོ་གཞིས་ཁུལ་གྱི་གཅིག་བསྡུས་གནས་སྡོད་ས་ཁུལ་དང་ཧའོ་ཡའོ་ཏའོ་རང་འདེམས་ཚོང་ཁང་། ཧང་གཞུང་གི་ཆུའི་སྐྱེ་ཁམས་སླར་གསོའི་ལས་གཞིའི་ཡུལ་དངོས་དང་ཐང་ནག་ཤང་སེང་ལྡང་སྡེ་བའི་གནོད་ཐེབས་མང་ཚོགས་ཀྱི་ཁྱིམ་དུ། ཡུལ་དངོས་ཀྱི་འགན་འཁུར་བའི་གནོད་ཐེབས་གནས་ཚུལ་གྲལ་བཤེར་དང་ཐོན་སྐྱེད་འཚོ་བ། དངོས་ཟོག་འགན་སྲུང་དང་བྱུར་རྐྱེན་བཅོས་སྐྱོང་བཅས་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། མིག་སྔའི་བྱ་བར་སྐུལ་འདེད་གཏོང་བའི་དཀའ་ཁག་དང་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱས་པའི་གནས་ཚུལ། དེ་མིན་ཉེན་ཁ་དང་བྱུར་རྐྱེན་གྲལ་བཤེར་གྱི་ཕན་འབྲས་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། དེའི་རྗེས་སུ་ཞུང་ཡོན་ལའེ་ཡིས་ཞིན་ཧེ་རྫོང་གནོད་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་རུ་ཡུལ་དངོས་གཞུང་སྒྲུབ་ཚོགས་འདུ་འཚོགས་ཏེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་དང་མཉམ་དུ། ཁུལ་སྲིད་གཞུང་གི་འབྲེལ་ཡོད་གཙོ་གཉེར་མགོ་ཁྲིད་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ། ཞིན་ཧེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གནོད་འགོག་རྒུད་སྐྱོབ་བྱ་བའི་བསྒྲུབ་ཚུལ་སྐོར་གྱི་བསམ་ཚུལ་བསྡུ་ལེན་བྱས་པར་མ་ཟད། དུས་རིམ་རྗེས་མའི་གཙོ་གནད་ལས་འགན་ལའང་བཀོད་སྒྲིག་བྱས་པ་རེད།  

གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ལྷོ་ཁུལ་གྱི7•28ཀྱི་གནོད་འགོག་རྒུབ་སྐྱོབ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉེན་གཡོལ་གནས་སྤོ་དང་ཉེན་ཁ་སྔོན་འགོག  མང་ཚོགས་བདེ་སྡོད་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་བྱ་བའི་ཐད་བླང་བྱ་གསལ་བོ་བཏོན་པ་རེད། རིམ་པ་ཁག་དང་སྡེ་ཁག་སོ་སོས་བསམ་བློའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་སྒུལ་ཤུགས་ལ་སྐུལ་སློང་བྱས་ཏེ། མང་ཚོགས་ཀྱི་སྒུག་པ་དང་བརྟེན་པ། སློང་བ་བཅས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་ནས་རང་སྟོབས་རང་སྤེལ་དང་ཕན་ཚུན་རོགས་རེས་ཀྱི་སྙིང་སྟོབས་དར་སྤེལ་སྒོས་གནོད་འགོག་རྒུད་སྐྱོབ་ལ་ནུས་ཤུགས་ཆེན་པོ་འདོན་དགོས་པ་དང་།  བཀོད་སྒྲིག་དོ་དམ་ཚད་ལྡན་དུ་གཏོང་བ་དང་དམངས་འཚོ་འགན་ལེན་གྱི་མ་མཐའི་ཚད་གཞི་སྲ་བརྟན་དུ་བཏང་ནས་གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་དོ་དམ་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། བཀོད་སྒྲིག་བྱ་ཡུལ་གྱི་ཞབས་ཞུའི་འགན་ལེན་བྱ་ཐབས་ཞིབ་ཚགས་སུ་གཏོང་བ།  བཀོད་སྒྲིག་བྱ་ཡུལ་གྱི་རྒྱུན་ལྡན་དོ་དམ་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ་སེམས་རྣལ་དུ་ཕབ་ནས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་བྱ་དགོས།  བྱུར་རྐྱེན་གྲལ་བཤེར་གཏིང་ཟབ་བྱས་ཏེ་ཞོར་ཐོན་གནོད་འཚེའི་ཉེན་ཁ་སྔོན་འགོག་ནན་མོ་བྱས་ནས་གཙོ་གནད་ས་ཆ་དང་འགག་རྩའི་ཁྱབ་ཁོངས་ལ་ཕྱོགས་ཡོངས་དང་གྲལ་བཤེར་རྣམ་པའི་ཐོག་ནས་སླར་ཡང་གྲལ་བཤེར་བྱས་ཏེ།  ཉེན་ཁ་དང་བྱུར་རྐྱེན་ཆད་ལུས་མེད་པར་བྱ་དགོས་ཤིང་།  གནོད་ཐེབས་གནས་ཚུལ་གཏན་འཁེལ་བྱས་པའི་གནས་ལ་བསྐྱར་སྐྲུན་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་དང་། གནོད་ཐེབས་རྗེས་ཀྱི་སླར་གསོའི་མྱུར་ཚད་མགྱོགས་སུ་གཏོང་བ།  ཚད་གཞི་མཐོ་བའི་སྒོ་ནས་ཆེད་དོན་ལས་དོན་ཚོགས་པ་འཛུགས་པ། གནོད་ཐེབས་གནས་ཚུལ་ལ་ཞིབ་བཤེར་དང་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་དུས་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། འཕྲལ་བསྟུན་ཐག་གཅོད་བྱ་བ་དེ་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་དུས་རིམ་དུ་བར་བརྒལ་ཡོང་བར་སྐུལ་འདེད་གཏོང་དགོས། ཁུལ་དང་རྫོང་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་སྒྲུབ་ལས་དོན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ།  བསམ་བློ་གཅིག་གྱུར་དང་།  ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་གཞོགས་འདེགས་དམ་ཟབ་དང་། ཕྱོགས་གཅིག་ལ་ཤུགས་རྒྱག་པ། འབྲེལ་འདྲིས་ཟབ་མོ་བཅས་བྱས་ཏེ་གཅིག་གྱུར་མཐུན་སྦྱོར་དང་ཕན་ནུས་ཆེ་བའི་སྐུལ་འདེད་ཀྱི་བྱ་བའི་རྣམ་པ་ཆགས་པར་བྱེད་པ་དང་། བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱ་དགོས། གཞི་རིམ་གྱི་ནུས་པ་སྟོབས་ཆེར་གཏོང་བ་དང་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས།  རིམ་པ་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་དང་ཅན་བཅུའི་ཏང་འཛུགས་སྐྱོང་གི་ཆེད་དོན་ལས་དོན་ཚོགས་པ་ཁག་དང་། གཉིས་འབྲེལ་མཉམ་སྐྲུན་ལམ་སྲོལ་འཛུགས་པ།  ཏང་ཡོན་ལས་བྱེད་པས་རང་འགུལ་ངང་སྔོན་ལ་སྣེ་ཁྲིད་པ་དང་འགན་འཁྲི་འཁུར་ཕོད་པར་བྱས་ཏེ་དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱ་དགོས། རང་འགུལ་ངང་འབྲེལ་འདྲིས་བྱས་ཏེ་ཐོན་ཁུངས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་།  བྱ་བའི་ཞན་ཆ་དང་དགོས་མཁོ་དངོས་གནད་ལ་འཁེལ་བའི་སྒོ་ནས་ལེགས་སྒྲིག་བྱས་ཏེ་བྱུར་རྐྱེན་སེལ་བ་དང་། དམངས་འཚོ་འགན་སྲུང་། གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་སོགས་ཀྱི་བྱ་བར་ཕན་ནུས་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱ་དགོས་ཞེས་ནན་གྱིས་བསྟན།  

ཁུལ་གྱི་མགོ་ཁྲིད་ཀའོ་ཡུང་ཧུང་དང་། ལིའུ་ཡན། སུན་ཅུན་ཞ། ཏེང་ཧྲེང་ཕེང་། བསོད་ནམས་བདེ་སྐྱིད་། ཅང་ཏུང་མེ། ཀྲའོ་ཧུང་ཚའེ་བཅས་སོ་སོར་རྟོག་ཞིབ་བྱ་བ་དང་ཡུལ་དངོས་གཞུང་སྒྲུབ་ཚོགས་འདུར་ཞུགས་ཡོད།    

热门新闻

热门图库

热门排行