གནད་བསྡུས། 详情

ཞིན་ཧེ་རྫོང་དུ་བསྟུད་མར་རིམ་པ5ཡན་གྱི་ས་ཡོམ་ཐེངས་གཉིས་ལ་བྱུང་བ།

ཟླ7པའི་ཚེས28ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ16དང་། ཆུ་ཚོད11དང་སྐར་མ34སྟེང་།ཞིན་ཧེ་རྫོང་གྱི་མངའ་ཁོངས་སུ་རིམ་པ5.7དང5.8གྱི་ས་ཡོམ་བསྟུད་མར་ཐེངས་གཉིས་ལ་བྱུང་བ་དང་། ས་ཡོམ་ཐེངས་གཉིས་ཀྱི་གཏིང་ཚད་ལ་སྤྱི་ལེ10ཡོད། ས་ཡོམ་བྱུང་སའི་ལྟེ་གནས་དེ་ཞིན་ཧེ་རྫོང་ཆུ་ཁོལ་ཤང་གི་སྟོད་པ་སྡེ་བ་དང་ལུང་བཟང་ཤང་གི་དམར་མོ་སྡེ་བ་གཉིས་ཡིན་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ46ཡོད། ས་ཡོམ་བྱུང་རྗེས། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གནོད་འགོག་བྱ་བ་མགྱོགས་མྱུར་ངང་བཀོད་སྒྲིག་བྱས་ཏེ། དུས་ཐོག་ཏུ་གནས་སྐབས་བཀོད་འདོམས་པུའུ་བཙུགས་ནས། ས་ཡོམ་མྱུར་བྱོལ་གྱི་རིམ་པ་གསུམ་པའི་འཐབ་ཇུས་ལག་བསྟར་བྱས་པ་རེད།

QQ20260729-114809.jpg

གསར་འགོད་པ་སྔ་མོ་ནས་ས་ཡོམ་ཁུལ་དུ་བཅར་འདྲིར་བསྐྱོད་ཅིང་། ཡུལ་དངོས་སུ་མཐོང་བ་ནི་ཞིན་ཧེ་རྫོང་སྲིད་གཞུང་ཐང་ཆེན་དུ་འཕྲལ་བསྟུན་རས་གུར་ཕུབ་པ་དང་།འཕྲལ་བསྟུན་དང་སྤྱི་བདེ།མེ་ཟོན།དྲག་ཆས་ཉེན་རྟོག  དམངས་དམག་བཅས་མི700ལྷག་ཙམ་ཡུལ་དངོས་སུ་འབྱོར་ནས།ཁག་བགོས་བཀོད་གཏོང་དང་།བདེ་འཇགས་སྲུང་སྐྱོང་།མང་ཚོགས་བཀོད་སྒྲིག་སོགས་ཀྱི་བྱ་བར་བྲེལ་བཞིན་ཡོད།ས་ཁོངས་ཡོངས་སུ་གྲལ་བཤེར་བྱས་པ་བརྒྱུད།ཐེངས་འདིའི་ས་ཡོམ་ཁྲོད་མི་སྣར་ཤི་རྨས་ཐེབས་མེད་པ་དང་།རྫོང་ཁོངས་ཀྱི་ཆུ་གློག་མཁོ་འདོན་རྒྱུན་ལྡན་ཡིན་པ་དང་།ཆུ་མཛོད་དང་གློག་འདོན་ས་ཚིགས།སྣུམ་སྣོན་ས་ཚིགས།གཏེར་རི།དགོན་སྡེ་སོགས་ས་གནས་གཙོ་བོ་དག་བདེ་འཇགས་རེད།


ཞིན་ཧེ་རྫོང་འཕྲལ་བསྟུན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཆིའུ་ཧའེ་ཁྲའོ་ཡིས་བཤད་རྒྱུར།གྲལ་བཤེར་ཞིབ་དཔྱད་བྱས་པ་བརྒྱུད་ཐེངས་འདིའི་ས་ཡོམ་བྱུང་ས་དེ་ཉེ་འགྲམ་གྱི་ཆུ་ཁོལ་ཤང་སྟོད་པ་སྡེ་བ་དང་ལུང་བཟང་ཤང་དམར་མོ་སྡེ་བ་གཉིས་ཡིན་པ་དང་།མིག་སྔའི་བར་ས་ཡོམ་ཁུལ་གྱི་ཉེན་ཁ་ཆེ་བའི་ས་ཁོངས་ཀྱི་མང་ཚོགས་ཚང་མ་གནས་སྤོ་བྱས་ཟིན་པ་དང་།ཤང་དང་གྲོང་བརྡལ7གྱི་རྨང་གཞིའི་སྒྲིག་བཀོད་ལ་གནོད་སྐྱོན་ཕོག་ཡོད་ལ།སྡོད་ཁང417ལ་གནོད་སྐྱོན་ཕོག་མོད།འོན་ཀྱང་མི་སྣར་ཤི་རྨས་ཐེབས་མེད།རྫོང་ཁོངས་ཀྱི་ཆུ་མཛོད་དང་གློག་འདོན་ས་ཚིགས།སྣུམ་སྣོན་ས་ཚིགས།གཏེར་རི།དགོན་སྡེ་བཅས་བདེ་འཇགས་ཡིན་པ་མ་ཟད།མང་ཚོགས42800ལྷག་ཙམ་གནས་སྤོ་བྱས་ཟིན་པ་དང་།བཀོད་སྒྲིག་བྱ་ཡུལ111བེད་སྤྱོད་བྱས་ལ།འཚོ་བའི་དངོས་ཟོག་གྲབས་གསོག་འདང་ཚིམ་པོ་ཡིན་ལ།རྗེས་མར་ང་ཚོས་བྱུར་རྐྱེན་གྲལ་བཤེར་མུ་མཐུད་དུ་ལེགས་སྒྲུབ་བྱས་ནས་ཡང་བསྐྱར་ས་ཡོམ་འབྱུང་བ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་ལ་སྔོན་འགོག་བྱས་ཏེ།མང་ཚོགས་གནས་སྤོ་བཀོད་སྒྲིག་གི་བྱ་བ་ལེགས་པོ་བསྒྲུབས་ནས་དངོས་ཟོག་འགན་ལེན་དང་སྤྱི་ཚོགས་ལ་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཟེར།

QQ20260729-114846.jpg

མིག་སྔའི་བར་དུ་ཞིན་ཧེ་རྫོང་གིས་གནས་སྐབས་ཉེན་གཡོལ་ས་གནས120དང་རས་གུར917བཀོད་སྒྲིག་བྱས་ཡོད་ལ།རྫོང་ཡོངས་ཀྱི་འཕྲལ་བསྟུན་དངོས་རྫས་གསོག་འཇོག་གི་གནས་གསུམ་དུ་སྲིད་གཞུང་གི་ཕྱེ་ཏུན210གསོག་ཉར་བྱས་ཡོད།དེ་མིན་ཞིན་ཧེ་རྫོང་གི་བཀོད་སྒྲིག་བྱ་ཡུལ་ཁག་གི་དངོས་ཟོག་མཁོ་འདོན་འདང་ཚིམ་པོ་ཡིན་པ་དང་།གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་ཁམས་བདེ་བོ་ཡིན་པས།ཉེན་སེལ་བདེ་འགོད་ཀྱི་བྱ་བ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ་བཞིན་ཡོད།

QQ20260729-114901.jpg

热门新闻

热门图库

热门排行