གནས་ཚུལ། 详情

ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་བརྡལ་མཁར་བྱང་སྡེ་ཁུལ་གྱི་དང་བླངས་པས་དམངས་ཕན་ཞབས་ཞུ་ལེགས་པར་བསྒྲུབ།

ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་བརྡལ་མཁར་བྱང་སྡེ་ཁུལ་དུ། སྟོད་ཐུང་དམར་པོ་གྱོན་པའི་དང་བླངས་པ་སྐོར་ཞིག་ཡོད་དེ། སུ་ཚང་ལ་དཀའ་ངལ་ཡོད་པ་དང་ཁྱིམ་མཚེས་དབར་འགལ་བ་བྱུང་བ། རྒན་པར་རོགས་རམ་བཅས་བྱ་དགོས་ཚེ་ཁོ་ཚོ་དུས་ཐོག་ཏུ་ཡུལ་དངོས་སུ་སོང་ནས་ཐག་གཅོད་བྱ་ངེས་ཡིན་ལ། དེ་ལས་སྡེ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་སྐྱོང་གི་བྱ་བར་དམ་འཛིན་བྱས་ཏེ། 345ཡི་བྱ་བའི་བྱེད་ཐབས་ལ་བརྟེན་ནས་དང་བླངས་ཞབས་ཞུས་མང་ཚོགས་ལ་སྟབས་བདེ་བསྐྲུན་བཞིན་ཡོད་པ་མཚོན་ཐུབ།

 མཁར་བྱང་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་སྡེ་ཁུལ་ཞིག་ཡིན་ལ། ད་ལོ་ནས་བཟུང་སྡེ་ཁུལ་གྱིས345ཡི་བྱ་བའི་བྱེད་ཐབས་སྤྱད་ནས་ཁྱོན་བསྡོམས་དང་བླངས་ཞབས་ཞུའི་རུ་ཁག་དྲུག་བཙུགས་ཤིང་། རུ་ཁག་དེ་དག་གིས་རང་རང་གི་བྱ་བར་དོ་དམ་དང་ཕན་ཚུན་ལ་གཞོགས་འདེགས་བྱེད་བཞིན་ཡོད་ལ། དེའི་ཁྲོད་ཀྱི་བྱམས་ལྡན་ཁྱིམ་བསྐྱོད་རུ་ཁག་གིས་བགྲེས་པོ་དང་ཁེར་སྡོད། དབང་པོ་སྐྱོན་ཅན་བཅས་ཀྱི་གཙོ་གནད་ཁྱིམ་ཚང་ལ་ཆེད་དུ་ལྟ་རྟོག་དང་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད། སྡོད་མི་ལྷ་མོ་སྒྲོལ་མའི་མིག་དབང་ཉམས་ཡོད་ལ། ཁྱོ་གའི་རྣ་བའི་དབང་བོའང་ཉམས་ཡོད་པས། རྒན་རྒོན་དེ་གཉིས་དུས་རྒྱུན་འཚོ་བའི་ཁྲོད་དཀའ་ཁག་མང་པོར་འཕྲད་བཞིན་ཡོད། སྡེ་ཁུལ་གྱི་དང་བླངས་པ་ཚོས་དུས་ནམ་ཡང་ཁྱིམ་ཚང་དེའི་གཙང་སྦྲ་དང་ཁྱིམ་ལས་ལ་རོགས་རམ་བྱེད་བཞིན་ཡོད་པར་མ་ཟད། ལོ་གསར་དང་དུས་ཆེན་སྐབས་སུའང་འཚམས་འདྲིའི་དངོས་པོ་མང་པོ་གནང་བཞིན་ཡོད།

ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་བརྡལ་མཁར་བྱང་སྡེ་ཁུལ་གྱི་སྡོད་མི་ལྷ་མོ་སྒྲོལ་མས་བཤད་རྒྱུར། ང་ནི་དབང་བོ་སྐྱོན་ཅན་ཞིག་ཡིན་པས། མཁར་བྱང་སྡེ་ཁུལ་གྱི་མི་ཚང་མས་དུས་རྒྱུན་ང་ལ་རོགས་རམ་བྱ་ངེས་ཡིན་ལ། ང་ཚོ་དབང་བོ་སྐྱོན་ཅན་རྣམས་ལའང་ཐུགས་ཁུར་དང་རོགས་སྐྱོར་མང་པོ་བྱས་པས། ངས་སེམས་གཏིང་ནས་ཁོ་ཚོར་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

གཞུང་དངོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རྒྱུན་ལྡན་ལྟ་སྐྱོང་ནས་ཁྱིམ་མཚེས་བར་གྱི་འགལ་བ་འདུམ་འགྲིག་དང་སེལ་བའི་བར་དང་།  མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པ་ནས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་པའི་བར་རིམ་སྤོར་བྱས་ཏེ།  དང་བླངས་ཞབས་ཞུའི་རུ་ཁག་དྲུག་གིས་དྲ་མིག་ལ་གཞི་ཚུགས་པ་དང་རང་ནུས་གང་ཡོད་འདོན་པ།  སྡེ་ཁུལ་གྱི་རོགས་རེས་ཚོགས་པ་དང་མཉམ་དུ་ནུས་ཤུགས་བཏོན་ནས་བྱ་བ་ཆུང་ངུ་དྲ་མིག་ལས་ཐག་གཅོད་པ་དང་དོན་དག་ཆེན་པོ་སྡེ་ཁུལ་ལས་ཐག་གཅོད་པའི་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་ཡོད་ཅིང་།  སྡེ་མི་སྔར་ལས་མང་པོ་ཞིག་ནི་ལྟད་མོ་བ་ནས་ཟབ་ཞུགས་པ་ཞིག་ཏུ་གྱུར་ཏེ།  སྡེ་ཁུལ་གྱི་བྱ་བ་དག་ཀྱང་སྡེ་ཁུལ་དུ་དོ་དམ་བྱེད་པ་ནས་ཚང་མས་མཉམ་དུ་བསྒྲུབ་པའི་རྣམ་པར་གྱུར་ཡོད།

 ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་བརྡལ་མཁར་བྱང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་སུའུ་ཁྲེང་གིས་བཤད་རྒྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ་ཅན་བཅུའི་ཏང་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ་སྡེ་ཁུལ་གྱི345ཡི་བྱ་བའི་བྱེད་ཐབས་བེད་སྤྱོད་གཏིང་ཟབ་བྱས་པ་དང་།  དང་བླངས་ཞབས་ཞུ་རུ་ཁག་དྲུག་དང་དྲ་མིག་ཕན་ཚུན་རོགས་རམ་བྱེད་པའི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་ཞུ་དང་ལེན་བྱེད་མཁན་ཡོད་པ་དང་ཁྱིམ་མཚེས་བར་གྱི་འགལ་བར་དོ་དམ་བྱེད་མཁན་ཡོད་པ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱེད་མཁན་ཡོད་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྣ་མང་མཉམ་སྐྱོང་དང་སེམས་ལ་དྲོ་སྐྱིད་སྦྱིན་པའི་མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་སྡེ་ཁུལ་ཞིག་བསྐྲུན་ཡོད་ཟེར།

ཤེས་རྟོགས་བྱུང་བར་གཞིགས་ན། མཁར་བྱང་སྡེ་ཁུལ་གྱིས345ཡི་བྱ་བའི་བྱེད་ཐབས་ལག་ལེན་དང་བེད་སྤྱོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་།  དང་བླངས་ཞབས་ཞུའི་དོ་དམ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ།  སྐད་གཉིས་སྒྲོག་འགྲེལ་དང་དམངས་ཕན་ཚབ་སྒྲུབ།གཙོ་གནད་ཚོགས་སྤྱིར་གཅེས་སྐྱོང་བཅས་ཀྱི་ཞབས་ཞུ་དེ་དག་སྔར་བས་ཞིབ་ཚགས་དང་སྔར་བས་ནན་ཏན་སྒོས་བསྒྲུབ་ནས་སེམས་ལ་དྲོ་སྐྱིད་སྦྱིན་པའི་དང་བླངས་རུ་ཁག་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་སྲུང་སྐྱོང་ཡག་པོ་བྱ་རྒྱུ་རེད།

热门新闻

热门图库

热门排行