ཞིན་ཧེ་རྫོང་གི་ས་ཡོམ་ལས་མང་ཚོགས42800ལྷག་སྤོ་སྒྱུར་བྱས་པ་དང་གནོད་སེལ་ལས་དོན་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་ཡོད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན་གྱི་ཆུ་ཚོད11དང་སྐར་མ16དང་། ཆུ་ཚོད11དང་སྐར་མ34། ཆུ་ཚོད16དང་སྐར་མ04བཅས་སུ་ཞིན་ཧེ་རྫོང་དུ་ས་ཡོམ་རིམ་པ5.7དང5.8། 5.0བཅས་བྱུང་བ་རེད། ས་ཡོམ་བྱུང་རྗེས། ཞིན་ཧེ་རྫོང་གིས་མྱུར་དུ་ས་ཡོམ་གནོད་འཚེའི་ཟློག་རིམ་གསུམ་པ་མགོ་བརྩམས་ཤིང་། རྫོང་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པ26གིས་རུ་ཁག་ཁྲིད་དེ་གཞི་རིམ་དུ་སོང་ནས། འཕྲལ་བསྟུན་དང་སྤྱི་བདེ། མེ་གསོད། དྲག་ཆས་ཉེན་རྟོག དམངས་དམག་སོགས་རོགས་སྐྱོབ་སྟོབས་ཤུགས600གཅིག་ཏུ་བསྡུས་ནས་་མྱུར་སྐྱོབ་བྱ་བའི་ཁྲོད་ཞུགས། ཞིབ་བཤེར་བྱས་པ་བརྒྱུད། ཐེངས་འདིའི་ཡོམ་ལྟེ་ཆུ་ཁོལ་ཞང་སྟོད་པ་སྡེ་བ། ལུང་བཟང་ཞང་དམར་མོ་སྡེ་བ་རུ་ཡོད། མིག་སྔའི་བར་དུ། ཡོམ་ཁུལ་གྱི་ཉེན་ཁ་ཡོད་པའི་ས་ཁོངས་ཀྱི་མི་སྣ་ཚང་མ་སྤོ་སྒྱུར་བྱས་པ་དང་། ས་ཡོམ་ལས་ཤང་གྲོང7གྱི་རྨང་གཞི་སྒྲིག་ཆས་ལ་གནོད་འཚེ་ཐེབས་པ་དང་། སྡོད་ཁང417ལ་གནོད་འཚེ་ཐེབས། མིག་སྔར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་འབྱོར་མེད། རྫོང་ཡོངས་ཀྱི་ཆ་མཛོད་དང་གློག་ཚུགས། སྣུམ་སྣོན་ས་ཚིགས། གཏེར་རི་བཅས་ཀྱི་བདེ་འཇགས་གནས་ཚུལ་ཚོད་འཛིན་བྱེད་ཐུབ་པ་དང་། མིག་སྔར་བསྡོམས་པས་མང་ཚོགས42800ལྷག་སྤོ་སྒྱུར་བྱས་པ་དང་། བཀོད་སྒྲིག་ས་ཚུགས111སྤྱོད་མགོ་བརྩམས་ནས། གནོད་སེལ་འཚོ་བའི་དངོས་ཟོག་འདང་བ་ཡིན། ཞོལ་ནས་ང་ཚོས་རྒྱུན་མཐུད་ངང་ཉེན་ཁ་ཞིབ་བཤེར་བྱས་ཏེ་ཡོམ་འཕྲོའི་རི་ཉིལ་བ་སོགས་ཀྱི་ཞོར་ཐོན་གནོད་འཚེ་འབྱུང་བར་སྔོན་འགོག་བྱ་རྒྱུ་དང་། འོས་ཤིང་འཚམ་པར་མང་ཚོགས་ཀྱི་སྤོ་སྒྱུར་བཀོད་སྒྲིག དངོས་ཟོག་འགན་སྲུང་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པས། གནོད་སེལ་ལས་དོན་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བཞིན་ཡོད།།

པར་འདི་ནི་བཀོད་སྒྲིག་ས་ཚུགས་ཀྱི་ཟུར་ཞིག་རེད།
པར་འདི་ནི་འཚོ་བའི་དངོས་ཟོག་སྐྱེལ་བཞིན་པའི་ཚུལ་རེད།
པར་འདི་ནི་སྦྲ་གུར་ཕུབ་བཞིན་པའི་ཚུལ་རེད།
པར་འདི་ནི་གློག་ཤུགས་འགན་སྲུང་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་རིན་མེད་ཟ་མ་འདོན་སྤྲོད་བྱེད་བཞིན་པའི་ཚུལ་རེད།
པར་འདི་ནི་སྦྲ་གུར་ཕུབ་བཞིན་པའི་ཚུལ་རེད།
པར་འདི་ནི་འཚོ་བའི་དངོས་ཟོག་སྐྱེལ་བཞིན་པའི་ཚུལ་རེད།
པར་འདི་ནི་སྐོར་སྐྱོད་བྱེད་བཞིན་པའི་ཚུལ་རེད།