གནས་ཚུལ། 详情

རང་ཁུལ་གྱིས་ལྗང་གློག་ལ་བརྟེན་ནས་ལྗང་རྩིས་དར་སྤེལ་དུ་བཏང་བ།

རང་ཚགས་པར་གྱི་འཕྲིན།རང་ཁུལ་གྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས།ཤར་གྲངས་ནུབ་རྩིས་ཞེས་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས། གློག་ནུས་ཐོན་ལས་དར་སྤེལ་དུ་བཏང་བས།ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུ་ཞིག་བཏོད་ཡོད།

རང་ཁུལ་གྱིས་ལྗང་གློག་རྩིས་ཤུགས་ཀྱི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ།སྐྱེ་ཁམས་གཙོར་འཛིན་པའི་གོང་འཕེལ་གྱི་ལམ་བུ་ཞིག་བཏོད་ཡོད། མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་ཆགས་པའི་མཚོ་ལྷོ་ཁུལ་ལ་མཚོན་ན།ནུས་ཁུངས་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ལ།ལོ་ཧྲིལ་པོར་ཉི་འོད་འཕྲོ་བའི་ཆུ་ཚོད2500ལྷག་ཡོད་པ་དང་།རླུང་ནུས་སྤྱད་ཆོག་པའི་དུས་ཚོད་ཀྱི་བསྡུར་ཚད60%ལྷག་ཡོད།བྱེ་འགྱུར་ས་ཆ་སྤྱི་ལེ་གྲུ་བཞི་མ7000ཙམ་ཡོད་པ་དེས་འོད་ནུས་དང་རླུང་ནུས་ཐོན་ལས་ལ་ཡངས་པའི་གོང་འཕེལ་གྱི་བར་སྟོང་བསྐྲུན་ཡོད།དེ་བས་ཀྱང་གུང་ཧོའི་གཤོང་སའི་གཏེར་ཁུལ་ཆེ་ཤོས་དང་།གཞི་རྒྱ་ཆེ་ཤོས།སྤུས་ཀ་ལེགས་ཤོས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཚ་སྐམ་བྲག་གི་ཐོན་ཁུངས་ཡོད་པས། ཀྲུང་གོའི་གཤོང་ས་ཞེས་པའི་མཚན་སྙན་རྒྱས་ཡོད།ཆུ་དང་རླུང་།འོད།ཚ་ནུས་བཅས་འཛོམས་པའི་མཚོ་ལྷོ་ཁུལ་ལ་མཚོན་ན།ནུས་ཁུངས་སྣ་མང་ཕན་ཚུན་ཁ་གསབ་དང་ནུས་ཁུངས་གཙང་མའི་མ་ལག་བསྐྲུན་ཡོད་པ་དང་།ནུས་ཁུངས་གཙང་མའི་གློག་འདོན་ཚད་མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་གློག་འདོན་ཚད་ཀྱི54.08%ཟིན་ཡོད།

རང་ཁུལ་ལ་ལྗང་གློག་རྩིས་ཤུགས་དང་གློག་ཤུགས་མཉམ་ལས་འཕེལ་རྒྱས་བཟོ་ལས་གླིང་ཡོད་པ་དང་།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རྩིས་ཤུགས་དང་གློག་ཤུགས་མཉམ་ལས།ནུས་ཁུངས་གཙང་མའི་གོང་འཕེལ་བཅས་ཆེད་དོན་འཆར་འགོད་ཁག་གསུམ་སྤུས་ཚད་མཐོ་བའི་སྒོ་ནས་འཆར་འགོད་བཟོ་བཀོད་ལེགས་གྲུབ་བྱུང་ཡོད་པ་དང་།ཁུལ་རིམ་པའི་ལྗང་གློག་རྩིས་ཤུགས་དང་གློག་ཤུགས་མཉམ་ལས་གོང་འཕེལ་དུ་གཏོང་བའི་བཟོ་ལས་གླིང་ཁུལ་ལའང་དངོས་སུ་ཆོག་མཆན་ཐོབ་ཡོད།གླིང་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་མུའུ1400ཡོད་པ་དང་། མིག་སྔར་སྟོང་ཧྥུའུ330ཡི་གློག་ལམ་ལེགས་འགྲུབ་བྱུང་བ་དང་།སྟོང་ཧྥུའུ110ཡི་འོད་གློག་དྲ་སྦྲེལ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་བསྐྲུན་ཡོད་ལ།དེ་མིན་ཕྱོགས་བཞིར་འབྲེལ་ཡོད་པའི་དྲ་བ་དང་གློག་སྐུད་སྦུག་ལམ་ཡང་བསྐྲུན་ཟིན་པས།རྨང་གཞིའི་ཐེག་ནུས་མངོན་གསལ་སྒོས་མཐོར་འདེགས་བྱུང་ཡོད་ལ།བཟོ་ལས་གོང་འཕེལ་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།གླིང་ཁུལ་གྱི་ཐེག་ནུས་དང་སྒྲིག་ཆས་འཆར་འགོད་དང་ལྗང་གློག་གི་མཁོ་འདོན་བཅས་ཀྱིས་བཟོ་ལས་འཕེལ་རྒྱས་ལ་ནུས་ལྡན་གྱིས་འདེགས་སྐྱོར་བྱས་ཡོད་ལ། ཆུ་དང་རླུང་། འོད་ནུས། དྲོད་འདོན་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོའི་དགེ་མཚན་ལ་བརྟེན་ནས། མིག་སྔའི་བར། ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་འཆར་འགོད་དང་གསར་སྤེལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6800ལ་སླེབས་ཡོད་པ་དང་།སྒྲིག་ཆས་ཤོང་ཚད་སྟོང་ཝ་དུང་ཕྱུར2.2ལ་སླེབས་པ་དང་།དེའི་ཁྲོད་དྲ་སྦྲེལ་སྒྲིག་ཆས་ཀྱི་ཤོང་ཚད་སྟོང་ཝ་ཁྲི3658ཟིན་པས།ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་ཆས་ཤོང་ཚད་ཀྱི46%བཟུང་ཡོད།དེའི་ཁྲོད་དུ་འོད་ནུས་སྟོང་ཝ་ཁྲི2255ཟིན་པ་དང་། རླུང་ནུས་སྟོང་ཝ་ཁྲི470ཟིན་ཡོད།ཚལ་རྔ་འགག་དང་ལ་ཟེ་བ།དཀར་མོ་གཡང་འཁྱིལ་སོགས་ཆུ་གློག་ས་ཚིགས5ཡི་སྒྲིག་ཆས་ཤོང་ཚད་སྟོང་ཝ་ཁྲི720ཟིན་ལ། དམིགས་སུ་བཀར་ནས་བརྗོད་དགོས་པ་ཞིག་ནི་གུང་ཧོ་གཤོང་སའི་སྐམ་སའི་དྲོད་ནུས་ཐོན་ཁུངས་ལ་བརྟེན་ནས་རྒྱལ་ནང་གི་ཐེངས་དང་པོའི་ཚོད་ལྟའི་གློག་འདོན་དྲ་བར་འབྲེལ་མཐུད་མངོན་འགྱུར་བྱུང་ཡོད་པ་དང་།སྒྲིག་ཆས་ཀྱི་ཤོང་ཚད་སྟོང་ཝ1540ཟིན་ཡོད་པ་མ་ཟད།ས་འོག་ཆུ་འདོན་ལ་བརྟེན་ནས་དྲོད་རླུང་མཁོ་འདོན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི100ལ་སླེབས་ཐུབ་ཡོད། རང་ཁུལ་གྱིས་ལྗང་གློག་དང་རྩིས་ཤུགས་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས།རིག་ནུས་བཀོལ་སྤྱོད་ཀྱི་གནས་སྟངས་རྒྱ་ཆེར་བཏང་བ་དང་།ལྗང་གློག་དང་རྩིས་ཤུགས་ཐོན་ལས་ལ་སྐུལ་འདེད་བཏང་སྟེ།ཞིང་ཆེན་ཡོངས་ཀྱི་ལྗང་གློག་རྩིས་ཤུགས་ཀྱི་གཞི་རྟེན་འཛུགས་སྐྲུན་ལ་མཚོ་ལྷོའི་སྟོབས་ཤུགས་མངོན་པར་བྱས་ཡོད།།

热门新闻

热门图库

热门排行