གཙོ་གནད།2 详情

དོན་གྲུབ་ཀྱིས་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

ཟླ7པའི་ཚེས27ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས་ཤིང་།  ཁོས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་དུ་བསྟར་བ།  དངོས་སྒྲུབ་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་འཇོག་པ་དང་མི་དམངས་ལ་སྲིད་སྐྱོང་བྱས་རྗེས་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཚོ་ལྷོ་ཁུལ་གྱི་བྱ་གཞག་ཁག་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གྱིས་བསྟན། 

དོན་གྲུབ་ཀྱིས་སྲིད་འབྲས་ཀྱི་ལྟ་བ་གང་འདྲ་ཞིག་འཛུགས་དགོས་པ་དང་། སྲིད་འབྲས་ཀྱི་ལྟ་བ་ཡང་དག་པ་ཇི་ལྟར་ལག་ལེན་དུ་བསྟར་དགོས་པ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡུན་རིང་གི་གནས་བབ་ཆེན་པོ།མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན།སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་སྐྱེ་ཁམས་བཅས་དང་འབྲེལ་བ་ཡོད་ཕྱིར། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་།  ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན།  མཚོ་སྔོན་གྱི་ལས་དོན་ལ་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མཚོ་ལྷོར་རྒྱུས་ལོན་དང་།  མཚོ་ལྷོར་ངོས་ཟིན་འཐོབ་པར་བྱས་ནས།   ལྷག་བསམ་ཟོལ་མེད་དང་དམིགས་ཚད་ལ་དཔེ་ལྟོས་བྱེད་པའི་ཆབ་སྲིད་ཀྱི་སྲིད་འབྲས་ཧུར་ཐག་སྒོས་གཏོད་པ་དང་།མང་ཚོགས་སེམས་ལ་བཅངས་བ་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་དམངས་འཚོའི་སྲིད་འབྲས་འཇོག་པ།ཆོས་ཉིད་ལ་བརྩི་འཇོག་དང་འབད་འབུངས་ལྷོད་མེད་སྒོས་ཡུན་རིང་བའི་སྲིད་འབྲས་འཇོག་པ།མ་མཐའི་ཚད་གཞི་བརྟན་སྲུང་དང་བརྟན་བརླིང་ཚོད་འཛིན་ཐུབ་པའི་བདེ་འཇགས་ཀྱི་སྲིད་འབྲས་འཇོག་པ་བཅས་བྱ་དགོས་ཞེས་བསྟན།  

དོན་གྲུབ་ཀྱིས་སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་། དེ་མིན་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་འབད་བརྩོན་འོག མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་བརྟན་འཕར་བྱུང་ཡོད་ཀྱང་། ད་དུང་ཡུན་རིང་རང་བཞིན་དང་གྲུབ་ཆའི་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་འགག་རྩའི་གནད་དོན་ཡོད་པས། གུང་ཧོ་གཤོང་སའི་ལྗང་མདོག་དར་རྒྱས་ཀྱི་དམིགས་འབེན་ལ་ཁ་གཏད་དེ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་འདྲེས་པར་བྱ་དགོས་ཤིང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཇེ་བརྟན་དུ་གཏོང་བ་དང་སྐྱེ་ཁམས་གཙོ་བོར་འཛིན་པ་མཐའ་འཁྱོངས་བྱས་ཏེ། རི་ཆུ་ནགས་གསུམ་དང་ཞིང་། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད་པ། ཐོན་ཁུངས་གཞན་སྒྱུར་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ལྗང་མདོག་འཕེལ་རྒྱས་ལས་སྲིད་འབྲས་ལ་ཞིབ་བཤེར་བྱ་དགོས་པ་དང་། དམངས་ཚིས་བདེ་སྐྱིད་ཀྱི་ཚད་གཞི་མཐོར་འདེགས་སུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་གང་ལེགས་བྱས་ཏེ། དམངས་ཚིས་རིགས་སྣ་ཚོགས་ཀྱི་ཞན་ཆ་གསབ་པ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་དགོས། ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ནས་ནུས་ཁུངས་གཙང་མ་དང་ལྗང་རྩིས་མཉམ་ལས། སྐྱེ་ལྡན་ཞིང་ཕྱུགས། སྐྱེ་ཁམས་ཡུལ་སྐོར་བཅས་ཀྱི་ཚད་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ས་ཁོངས་ཀྱི་སྒུལ་ཤུགས་འདོན་སྤེལ་ལ་སྐུལ་སློང་བྱ་དགོས་པ་དང་། བདེ་འཇགས་བརྟན་བརླིང་གི་ཚད་ཐིག་བརྟན་པོ་སྲུང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། འགལ་བ་དང་རྩོད་གཞི་སྣ་མང་འདུམ་འགྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་རྐྱེན་ཚབས་ཆེན་ལ་སྔོན་འགོག་ནུས་ལྡན་བྱས་ནས་གཏན་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

དོན་གྲུབ་ཀྱིས་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པར་འཛིན་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ཕུགས་བསམ་གྱི་ཡིད་ཆེས་བརྟན་པོ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ། དངོས་སྒྲུབ་ཀྱི་བྱ་བའི་བྱེད་ཐབས་བཅས་སུ་བསྒྱུར་ནས། ཇུས་ཆོད་བཀོད་སྒྲིག་དང་བྱ་བའི་བླང་བྱ་སོ་སོ་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས་པ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་ལ་བརྟེན་ནས་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དང་། ཇུས་ཆོད་ཀྱི་ཚན་རིག་རང་བཞིན་དང་སྔོན་དཔག་རང་བཞིན། མ་ལག་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ། དོན་དངོས་ཐོག་བྱ་བ་འཆར་འགོད་བྱེད་པར་དངོས་སྒྲུབ་དང་ཇུས་ཆོད་འགོད་པར་དངོས་སྒྲུབ། སྲིད་འབྲས་འཇོག་པར་དངོས་སྒྲུབ་བཅས་ཡོང་བར་བྱ་དགོས། འགན་འཁུར་ཕོད་པ་དང་རང་འགན་གཙང་སྒྲུབ་ཕོད་པ། གཟབ་ནན་གྱིས་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས།  སྒྲིག་ཁྲིམས་དང་ལམ་ལུགས་ནན་སྲུང་བྱེད་པ་དང་། དོ་དམ་ནན་མོ་དང་དགའ་ཞེན་ཆེན་པོ། སྐུལ་ལྕག་གཅུན་འདོམས་གལ་ཆེན་བཅས་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་ཡོན་ལས་བྱེད་པས་བྱ་བ་བསྒྲུབ་འདོད་པ་དང་བྱ་བ་བསྒྲུབ་ཐུབ་པ། བྱ་བ་འགྲུབ་པ་བཅས་ལ་ཁྲིད་སྟོན་བྱས་ཏེ། མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་འཇོག་པ་དང་གྲུབ་འབྲས་དངོས་ལེན་པར་བརྩོན་ལེན་བྱ་དགོས་ཞེས་བླང་བྱ་བཏོན།

ཁུལ་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་ཚོགས་ཞུགས་གནང་ཡོད་པ་དང་། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཁག་ཅིག་ཚོགས་འདུར་ཞུགས་ཡོད།


热门新闻

热门图库

热门排行