ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
ཟླ7པའི་ཚེས26ཉིན། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེན་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཤིང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་ཡང་དག་པའི་སྲིད་འབྲས་ལྟ་བའི་ཚན་རིག་གི་ནང་དོན། ལག་ལེན་གྱི་རྨང་གཞི་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པར་བསྐྱོད་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ལས་དོན་སོ་སོའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱས།
ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད་གནང་། ཚོགས་ཐོག་ཏུ་ཀྲང་ཅུན་ལུའུ་དང་ཀྲེང་ཕིན་ཞན། ཀང་ཧྥུའུ། ཧྥུན་རུན་ཡོན། བཀྲ་ཤིས་ཕུན་ཚོགས། འབྲུག་འབུམ་རྒྱལ་བཅས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ་བརྗོད་དོན་དུ་བཟུང་སྟེ། བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱས་ཤིང་། ཁོངས་མི་གཞན་དག་གིས་གཏམ་བཤད་ཡིག་ཆ་ཡར་སྤྲད། ཚང་མས་སློབ་སྦྱོང་དང་བགྲོ་གླེང་གི་བརྗོད་དོན་ལ་དམ་པོར་དམིགས་ནས། མཚོ་ལྷོའི་འཕེལ་རྒྱས་དང་བྱ་བའི་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ་ངོས་འཛིན་དང་མྱོང་ཚོར། ལག་བསྟར་བྱེད་སྟངས་སྐོར་ནས་བགྲོ་གླེང་བྱས། ཞུང་ཡོན་ལའེ་ཡིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་ངོས་འཛིན་ཀྱི་མྱོང་ཚོར་དང་བྱ་བའི་མྱོང་བ་མཉམ་སྤྱོད་བྱས་ཤིང་། ཁོས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་མུ་མཐུད་དུ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་ལྟེ་བའི་གཏན་ཚིགས་ཁོང་དུ་ཆུད་པར་བྱས་ཏེ། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དང་མཐུན་པར་བྱས་ནས། ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་གཞི་ཚུགས་ཏེ་བྱ་བ་སོ་སོར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྩ་བ་སྲ་བརྟན་བཅས་བྱས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་ཡང་དག་པའི་སྲིད་འབྲས་ལྟ་བར་གོ་བ་ཟབ་མོ་ལེན་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སློབ་སྦྱོང་དང་བསམ་གཞིག བེད་སྤྱོད་བཅས་མཉམ་འདྲེས་དང་། ཤེས་བྱ་དང་འདུ་ཤེས། སྤྱོད་ལམ་བཅས་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་ཁྱད་ཆོས་ལས་བདེན་དོན་གྱི་སྟོབས་ཤུགས་རང་རྟོགས་སྒོས་རྟོགས་པར་བྱ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཕེལ་རྒྱས་ཐད་བསམ་བློ་གཏོང་བ་དང་། དངོས་སྒྲུབ་དོན་གཉེར་བྱེད་པར་བརྩོན་པ་བྱེད་པ། དོན་འཁྱོལ་དམ་འཛིན་བྱེད་པར་ནུས་ཤུགས་འདོན་པ་བཅས་ལ་མུ་མཐུད་དུ་ཁྲིད་སྟོན་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་སྐུལ་འདེད་གཏོང་དགོས། ཚད་གཞི་དང་མཐུན་པར་བྱེད་པ་དང་། ཁ་ཕྱོགས་ནོར་བར་ཡོ་བསྲང་བྱས་ནས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་ལག་ལག་ལེན་བྱེད་པའི་བླང་བྱ་དངོས་ཁོང་དུ་ཆུད་པར་བྱ་དགོས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ་དང་། གཞི་རིམ་དུ་བསྐྱོད་ནས་དམངས་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་དགོས། ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་རྩོམ་པར་གཞི་ཚུགས་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། དམངས་ཚིས་ལེགས་བཅོས། གཞི་རིམ་བཅོས་སྐྱོང་སོགས་ཀྱི་བྱ་བ་གཙོ་བོ་སོ་སོར་གཅིག་གྱུར་གྱིས་འཆར་འགོད་དང་དམ་འཛིན་ལེགས་པོ་བྱེད་པ་དང་། སློབ་གསོ་དང་སྨན་བཅོས། རྒན་གསོ། ལས་ཞུགས་སོགས་དམངས་ཚིས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། བྱ་སྤྱོད་དང་ཕན་འབྲས་དངོས་ལ་བརྟེན་ནས་སྲིད་འབྲས་བཟང་བོ་ལེན་དགོས། བསམ་བློ་དང་ལག་ལེན་གཅིག་གྱུར་ཡོང་བར་མུ་མཐུད་དུ་ཤུགས་བསྣན་ནས། ཏང་འཛུགས་སྐྱོང་བརྟན་པོར་གཏོང་བར་བརྟེན་ནས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་ལག་ལེན་དོན་འཁྱོལ་ཡོང་པར་འགན་སྲུང་བྱ་དགོས། འཕྲལ་དུ་བཅོས་སྐྱོང་བྱེད་པ་དང་ཡུན་རིང་གི་ལམ་སྲོལ་འཛུགས་པ་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་མུ་མཐུད་དུ་གཏིང་ཟབ་དང་སྲ་བརྟན་དུ་གཏོང་བ་དང་། དངོས་ཡོད་དང་བྲལ་བ་དང་། མང་ཚོགས་དང་ཁ་བྲལ་བ་སོགས་ཀྱི་ནོར་འཁྲུལ་གྱི་ཁྲིད་ཕྱོགས་མཐའ་གཅིག་ཏུ་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ། སྲིད་དོན་གཙང་སྐྱོང་དང་སྒྲིག་ཁྲིམས་ནན་སྲུང་། རུལ་སུངས་ལ་རྒོལ་བར་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་སྐུལ་འདེད་གཏོང་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ཀྱི་དཀའ་ཁག་དང་སེམས་ཁྲལ་ཐག་གཅོད་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཕན་པ་སྔར་ལས་མང་པོ་ཐོབ་པར་བྱ་དགོས་ཞེས་བསྟན།