གནས་ཚུལ། 详情

གུང་ཧོ་རྫོང་གི་གཞི་རྒྱ་ཆེ་བའི་བོད་ཀྱི་སྒྲ་སྙན་རྡུང་ལེན་ལ་འཛམ་གླིང་ཟིན་ཐོའི་ངོས་འཛིན་གནང་བ།

2026-07-28 09:01:51 来源: 作者: 编辑:བུ་མོ་མཆོག

རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས26ཉིན། གུང་ཧོ་རྫོང་གིས་གཞི་རྒྱ་ཆེ་བའི་བོད་ཀྱི་སྒྲ་སྙན་རྡུང་ལེན་རྩ་འཛུགས་བྱས་ཤིང་། འཛམ་གླིང་ཟིན་ཐོའི་ངོས་འཛིན་གནང་བའི(WRCAC)ཡུལ་དངོས་ནས་ཞིབ་བཤེར་དང་། རྒྱུ་ཆ་ཞིབ་བཤེར་བྱས་ཏེ་འཛམ་གླིང་ཟིན་ཐོར་ངོས་འཛིན་གནང་ཡོད། གཞི་རྒྱ་ཆེ་བའི་ཨ་མདོའི་བོད་ཀྱི་རྒྱན་གོས་རིག་གནས་ངོས་འཛོན་གནང་རྗེས། གུང་ཧོ་རྫོང་ལ་འཛམ་གླིང་ཟིན་ཐོར་ངོས་འཛིན་གནང་བའི་རྣམ་གྲངས་ལྔ་ཡོད།


སྒྲ་སྙན་རྡུང་ལེན་ནི་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་ཡིན་ལ། ཨ་མདོའི་བོད་རིགས་མང་ཚོགས་ཀྱི་བསམ་པའི་རིག་གནས་མཚོན་རྟགས་ཤིག་ཀྱང་རེད། ཐེངས་འདིར་ཤུལ་བཞག་རྒྱུན་འཛིན་གཏོང་ཆེད། རྫོང་ཡོངས་ཀྱི་ཞང་གྲོང་སོ་སོའི་སྒྲ་སྙན་རྡུང་ལེན་ལ་དགའ་བ་རྣམས་དང་། བོད་ཀྱི་རྡུང་ལེན་པ626ལྷན་གཅིག་དུ་འཛོམས་ནས་རྒྱུད་དྲུག་པི་ཝང་གི་སྒྱུ་རྩལ་གྱི་དཔལ་ལ་རོལ། དྲུག་འགྱུར་ངག་གི་དབྱངས་རྟ་མཉམ་གཅིག་དུ་བླངས་ནས། མཚོ་སྔོན་པོའི་རླབས་ཕྲེང་དང་དྲོད་འཇམ་བསིལ་རླུང་གི་འགྲོས་དང་བསྡོངས་ནས།སྒྲ་སྙན་རྡུང་ལེན་ལ་དགའ་བ་རྣམས་ཀྱི་ལུས་ཀྱི་ཉམས་དང་ངག་གི་འགྱུར་བ་ཅིག་གྱུར་དུ་མཚོན་པར་བྱས་སོང་།

གར་སྟེགས་རྐྱང་བའི་འཁྲབ་སྟོན་དང་མི་འདྲ་བར་ཐེངས་འདིའི་ཟིན་ཐོའི་འགྲན་སློང་དེ་བརྒྱུད་སྤྲོད་རོགས་ཁྲིད་ཀྱི་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་འདུ་ཤེས་གཏིང་ཟབ་ངང་མཉམ་འདྲེས་བྱས་ནས། སྒྱུ་རྩལ་པ་རྒན་པ་དང་ན་གཞོན་རྒྱུན་འཛིན་པ་གཉིས་ཀྱིས་གར་སྟེགས་གཅིག་གི་སྟེང་ནས་འཁྲབ་སྟོན་བྱས་པས། སྲོལ་རྒྱུན་གྱི་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ་པར་མངོན་འགྱུར་བྱུང་། བྱ་འགུལ་གྱི་ཡུལ་དངོས་སུ་མི་གྲངས་རྩིས་བཤེར་བྱེད་པ་དང་བརྙན་ཕབ་བྱེད་པ། དཔང་རྟགས་དཔྱད་གཞི་ཆ་ཚང་ཉར་ཚགས་བཅས་བྱས་ཏེ། འཛམ་གླིང་གི་ཟིན་ཐོ་ཚད་གཞིར་བཟུང་བའི་རྣམ་གྲངས་རེ་རེ་བཞིན་ཞིབ་བཤེར་ནན་མོ་བྱས་ནས། མཐར་འགྲན་སློང་ལེགས་གྲུབ་བྱུང་བའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཤིང་། ཡུལ་དངོས་ནས་རིགས་སོ་སོའི་མང་ཚོགས་ཀྱིས་དགའ་བསུ་ཡི་ཐལ་མོའི་རྡེབ་སྒྲ་རྒྱུན་མི་ཆད་པས། མཐོ་སྒང་གི་ཤུལ་བཞག་རིག་གནས་ཀྱི་གཟི་བརྗིད་དང་མཚན་སྙན་ཇེ་དྲག་ཏུ་བཏང་།  

ཐེངས་འདིའི་འཛམ་གླིང་གི་ཟིན་ཐོ་བཏོད་པ་དེ་གཞི་གྲངས་ཐད་ཀྱི་ཚད་བརྒལ་གསར་རྐྱང་ཞིག་ཡིན་པར་མ་ཟད། གུང་ཧོ་རྫོང་གི་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་པ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་གསར་གཏོད་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད། ཉིན་འདི་འགའི་རིང་མཚོ་སྔོན་པོའི་འགྲམ་གྱི་རྟ་རྒྱུག་འགྲན་ཚོགས་དང་། སྤུན་ཟླའི་རྫོང་དང་ཞང་གྲོང་གི་ཆེད་སྒྲིག་རིག་རྩལ་འཁྲབ་སྟོན། སྒྲ་སྙན་རྡུང་ལེན་འགྲན་སྡུར། དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་ཚོགས་སོགས་ཀྱི་བྱ་འགུལ་རེ་རེ་བཞིན་འཁྲབ་སྟོན་བྱས་པས། གཞི་རྒྱ་ཆེ་བའི་བོད་རིགས་ཀྱི་སྒྲ་སྙན་རྡུང་ལེན་དེ་རིག་གནས་ཡུལ་སྐོར་གྱི་མུ་འབྲེལ་བྱ་འགུལ་ལ་ངོས་འཛིན་བྱས་ནས། ཡུལ་སྐོར་བ་དག་གིས་ཨ་མདོའི་བོད་རིགས་ཀྱི་རིག་གནས་ལ་རོལ་མྱོང་བྱས།  

གུང་ཧོ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཐའོ་ཧུའེ་ཅོན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། གུང་ཧོ་རྫོང་གིས་མུ་མཐུད་དུ་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཐོན་ཁུངས་དང་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུ་དམ་འཛིན་བྱས་ནས། ཤུལ་བཞག་རིག་གནས་འགྲེམས་སྟོན་བྱས་པ་དང་མང་ཚོགས་ཀྱི་ནུས་རྩལ་འགྲན་སྡུར། རིག་གནས་ཡུལ་སྐོར་སྤེལ་རེས་བཅས་ཀྱི་སྟེགས་བུ་བསྐྲུན་ནས་མུ་མཐུད་དུ་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྲ་བརྟན་དུ་བཏང་། རྗེས་ཕྱོགས།ང་ཚོས་ཐེངས་འདིའི་འཛིམ་གླིང་གི་ཟིན་ཐོ་ངོས་འཛིན་བྱས་པའི་ར་སྤྲོད་དེ་མགོ་འཛུགས་ས་གསར་བ་བྱས་ཏེ། སྒྲ་སྙན་རྡུང་ལེན་སོགས་ཀྱི་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སྔོག་འདོན་བྱེད་པ་དང་རྒྱུན་འཛིན་བྱེད་པ། ཁྱབ་གདལ་དུ་གཏོང་བ་བཅས་ཀྱི་ལས་དོན་མུ་མཐུད་དུ་སྤེལ་ནས། རྨ་ཀླུང་སྔོན་མོར་བསྐྱོད་པའི་མཚོ་ལྷོའི་ཡུལ་སྐོར་གྱི་ཁྱབ་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྒྱུད་དྲུག་པི་ཝང་གི་དབྱངས་རྟ་སྙན་མོ་དང་འགྲོགས་ནས་འཆམ་མཛེས་གུང་ཧོའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་གླེང་ནས། རིག་གནས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་དུ་གཏོང་བ་དང་རིགས་སོ་སོའི་མང་ཚོགས་ཀྱིས་ཐུན་མོང་གིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་ཡིན་ཟེར།།

热门新闻

热门图库

热门排行