སྒྲོན་བརྙན། 详情

པར་རིས་གསར་འགྱུར།

ཟླ7པའི་དབྱར་གཞུང་གི་ཉི་འོད་ཧ་ཅང་དྲོ། ཞིན་ཧེ་རྫོང་གི་སློབ་གྲྭ6གི་ཁང་ཀླད་དུ་བཞག་ཡོད་པའི་འོད་ཧྥུ་ལས་གཞིས་ཉི་འོད་དྲོན་མོ་ཟམ་མི་ཆད་པར་ཕྱོགས་གཅིག་ཏུ་བསྡུས་ཏེ། ཉི་འོད་དྲོན་མོ་དེ་ལྗང་མདོག་གློག་ནུས་སུ་བསྒྱུར་པས། སློབ་ཁང་དང་སློབ་ཁྲིད་སྒྲིག་ཆས་ཀྱི་གློག་བཀོལ་དགོས་མཁོ་བསྐང་ཞིང་།རོང་འབྲོག་ཁུལ་གྱི་དགེ་སློབ་སྟོང་ལྷག་ལ་དྭངས་གཙང་དང་ཡིད་རྟོན་རུང་བའི་གློག་ནུས་འགན་སྲུང་འདོན་སྤྲོད་བྱས་ཡོད།

94557b30-52ee-4855-80a1-d91ecb6b94f7.jpg

མཁའ་དབྱིངས་ནས་པར་བླངས་པའི་སློབ་ཁང་ཀླད་ཀྱི་འོད་ཧྥུ་པང་ལེབ།

རྒྱུས་ལོན་པ་ལྟར་ན།ལས་གཞི་འདི་ཀྲུང་གོ་ཏ་ཐང་རོགས་སྐྱོར་གྱིས་འཛུགས་སྐྲུན་བྱས་པ་དང་། ཉིན་དཀར་འོད་ཧྥུ་གློག་འདོན་གྱིས་ཐོག་མར་སློབ་རའི་གློག་བཀོལ་དགོས་མཁོ་བསྐང་སྟེ།སློབ་གྲྭའི་གློག་རིན་དང་དྲོད་འདོན་འགྲོ་སོང་ཇེ་དམའ་རུ་གཏོང་བ་དང་།འཕྲོ་མའི་གློག་ཤུགས་དེ་ད་གཟོད་གློག་དྲ་རུ་འདོན་སྤྲོད་བྱས་རྗེས།དེ་ལས་ཐོན་པའི་ཡོང་སྒོ་ཡོངས་རྫོགས་སློབ་གྲྭའི་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་སྟེང་དུ་བཀོལ་བཞིན་ཡོད།

ced1f13e-053d-4bb4-bece-2709e0ab759d.jpg

སློབ་ཁྲིད་བྱེད་པའི་རྣམ་པ།

སྔོན་རྩིས་བྱས་པ་ལྟར་ན། ལས་གཞི་འདིས་དུས་ཚོད་རེར་དྭངས་གཙང་གློག་ནུས་སྟོང་ཝ་ཁྲི200ལྷག་འདོན་པ་དང་།དབྱང་གཉིས་ཐཱན་འགྱུར་ཏུན1560ཇེ་ཉུང་དུ་གཏོང་བཞིན་ཡོད་པས།ལོ་རེར་སྡོང་པོ་ཁྲི15རེ་བཙུགས་པ་དང་ཡོངས་སུ་མཚུངས།

热门新闻

热门图库

热门排行