སྲིད་དོན། 详情

ཀོས་ནན་རྫོང་གི་བྱེ་འགོག་བྱེ་བཅོས་བྱས་ན་ལོ་འཁོར30ལོན་པའི་གྲུབ་འབྲས་འགྲེམས་སྟོན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི"སེམས་ཤུགས་གཅིག་སྒྲིལ་གྱིས་ལོ་ངོ་སུམ་ཅུའི་རིང་ལ་ལྗང་མདོག་གིས་བྱེ་མ་མནན་ནས་ལེའུ་གསར་པ་བརྩམས་པ"ཞེས་པའི་བྱེ་འགོག་བྱེ་བཅོས་བྱས་ནས་ལོ་འཁོར30ལོན་པའི་གྲུབ་འབྲས་འགྲེམས་སྟོན་གྱི་བྱེད་སྒོ་རབ་དང་རིམ་པ་དངོས་སུ་སྤེལ་མགོ་བརྩམས། ཐེངས་འདིའི་བྱེད་སྒོའི་ནང་དུ་གྲུབ་འབྲས་ཕྱོགས་བསྡོམས་དང་། ཉམས་མྱོང་རྒྱུན་འཛིན། ཟོང་རྟགས་གསར་གཏོད། འཕེལ་རྒྱས་ལ་ནུས་པ་སྤྲོད་པ། མི་གསོ་སྐྱོང་བྱེད་པ་བཅས་ནི་བརྗོད་དོན་གཙོ་བོ་ཡིན་ཞིང་། ཁྱད་ཆོས་ལྡན་པའི་བྱེད་སྒོ་ཆེན་པོ་དྲུག་འཆར་འགོད་བྱས་ཡོད་པ་སྟེ། དེའི་ནང་བྱེ་འགོག་བཅོས་སྐྱོང་གི་དངོས་ཡོད་སློབ་ཁྲིད་ཀྱི་རྣམ་པ་བསྐྲུན་པ་དང་། སྨྱན་སྦྱོར་ཡོངས་ཀྱིས་གཏིང་ཟབ་ཅིང་རྒྱ་ཆེ་བའི་སྒོ་ནས་དྲིལ་བསྒྲགས་བྱེད་པ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གི་མ་ལག་བསྐྲུན་པ། ཕྱོགས་ཡོངས་ནས་གྲུབ་འབྲས་དངོས་ལ་ལྟ་སྐོར་སྒྲིག་འཛུགས་བྱེད་པ། མཚོན་བྱེད་རང་བཞིན་ལྡན་པའི་བྱེ་འགོག་བཅོས་སྐྱོང་གི་ཡིག་ཆ་ཕྱོགས་བསྒྲིགས་སོགས་ཚུད་ཡོད།

པར་འདི་ནི་མགོ་རྩོམ་མཛད་སྒོའི་ཡུལ་དངོས་རེད།

བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་དམིགས་ཡུལ་ནི་ཀོས་ནན་རྫོང་གིས་ལོ་ངོ་སུམ་ཅུའི་རིང་བྱེ་འགོག་བྱེ་བཅོས་བྱས་པའི་གྲུབ་འབྲས་ཕུན་སུམ་ཚོགས་པ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱེད་པ་དང་། སྐྱེ་ཁམས་དོ་དམ་གྱི་ཉམས་མྱོང་རྩ་ཆེན་བསྐྱར་བཟོ་ཐུབ་པ་དང་དཔྱད་གཞིར་འཛིན་འོས་པ་རྣམས་ཕྱོགས་བསྡོམས་ཁྱབ་གདལ་གཏོང་རྒྱུ་དེ་ཡིན། དུས་མཚུངས་སུ་དངོས་ཡོད་སློབ་ཁྲིད་ཀྱི་ལམ་ནས་གཞོན་ནུ་ལོ་ཆུང་ཚོར་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་བསམ་བློ་ཆབ་སྲིད་སློབ་གསོའི་ལག་ལེན་ཕན་འབྲས་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་བསྐྲུན་པ་དང་མཉམ་འཛིན། མཉམ་སྤྱོད་བཅས་བྱེད་པའི"གཟི་བྱིན་འབར་བའི་ཀོས་ནན"ཞེས་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་རྫོང་ཡོངས་སུ་ཁོར་ཡུག་སྲུང་སྐྱོབ་དང་བྱེ་འགྱུར་བཅོས་སྐྱོང་། ལྗང་མདོག་འཕེལ་རྒྱས་སོགས་བྱ་གཞག་ཁག་གི་སྤུས་ཚད་མཐོར་འདེགས་དང་ཡུན་རིང་བརྟན་གནས་ཡོང་བར་འབད་བརྩོན་བྱ་རྒྱུ་དེ་རེད།

པར་འདི་ནི་མགོ་རྩོམ་མཛད་སྒོའི་ཡུལ་དངོས་རེད།

པར་འདི་ནི་མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་རེད།

པར་འདི་བྱེ་བཅོས་ཀྱི་གྲུབ་འབྲས་རེད།

པར་འདི་ནི་སློབ་མ་རྣམས་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་གཏམ་རྒྱུད་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད།

སློབ་མ་རྣམས་ཀྱིས་ཆེད་མཁས་པའི་རྗེས་སུ་འབྲངས་ནས་བྱེ་འགོག་བཅོས་སྐྱོང་གི་གཏམ་རྒྱུད་ལ་རྒྱུས་ལོན་བྱས། སྐྱེ་ཁམས་ལེགས་བཅོས་བྱུང་བ་དང་མཉམ་དུ། ལོ་ངོ་སུམ་ཅུའི་རིང་ལ། བྱེ་འགོག་བྱེ་བཅོས་ལས་བསྡོམས་པས་ཀོས་ནན་གྱི་འབྲོག་པ་མང་ཚོགས་ཁྲི1.8ལྷག་ཡུན་རིང་དུ་སྐྱེ་ཁམས་ལས་གཞི་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱུང་བར་སྐུལ་ཁྲིད་བྱས་ཤིང་། ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་སྒོར9000ཡན་གྱི་ཡོང་འབབ་འཕར་བ་རེད། ས་ཕྱོགས་གཅིག་ཏུ་བྱེ་མ་བཀག་སྟེ་ནགས་ཚལ་ཆགས་པར་བྱས་པ་དེ་ཁྱད་ཆོས་ལྡན་པའི་བྱེ་ཐང་གི་ཡུལ་ལྗོངས་དང་ཟུང་འབྲེལ་གྱིས། ས་གནས་དེས་རིག་གནས་དང་ཡུལ་སྐོར། ལུས་རྩལ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་གཏོད་བྱས་ཏེ། མུ་གེ་གྲམ་ཐང་བསྐོར་བའི་བྱེ་ཐང་རླངས་འཁོར་འགྲན་བསྡུར་ཞེས་པའི་ཁྱད་ལྡན་བྱེད་སྒོ་སྤེལ་ནས། ལས་རིགས་སྣ་ཚོགས་མཉམ་འབྲེལ་ངང་གོང་དུ་འཕེལ་བར་སྐུལ་མ་བཏང་ཡོད།།

热门新闻

热门图库

热门排行