ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཡི་རྒྱ་སྐྱེད་ཚོགས་འདུ་ཐེངས90པ་བསྡུས་པ།
ཟླ7པའི་ཚེས23ཉིན་ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཡི་རྒྱ་སྐྱེད་ཚོགས་འདུ་ཐེངས90པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཚེ་བརྟན་སྒྲོལ་མས་ཚོགས་འདུར་མགོ་འཛིན་གནང་།
ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོའི་ཚན་རིག་གླིང་དང་ཀྲུང་གོའི་བཟོ་སྐྲུན་གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། དེ་མིན་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་གྲྭ་དང་པོའི་མེ་སྐྱོན་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་ཕེང་ཧྲུའེ་རྫོང་གི་རི་ཉིལ་བར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
ཚོགས་འདུ་ལས་དམངས་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་དགོས་ཏེ། གཅིག་ནས་རང་སྐྱོང་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་ལ་གཞིགས་ཏེ། ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས། ཁྱད་ལྡན་ཞིང་ཕྱུགས་ལས་དང་སྐྱེ་ཁམས་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཁྲིམས་བསྟར་ཞིབ་བཤེར་དང་ཆེད་དོན་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ལྟ་སྐུལ་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ། དམངས་ཆེན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ཚན་རྩལ་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས། གཉིས་ནས་དམངས་ཆེན་གྱི་འགན་ནུས་ལ་གཞི་ཚུགས་ཏེ་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ལྟ་སྐུལ་བྱེད་ཤུགས་བཅས་ཆེ་རུ་བཏང་ནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་རྒྱུར་སྐུལ་འདེད་བྱ་དགོས། གཉིས་འབྲེལ་མཉམ་འཛུགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་སྡེ་ཁག་སོ་སོར་བདེ་འཇགས་ཐོན་སྐྱེད་ཀྱི་བླང་བྱ་ཁག་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱ་དགོས་ཤིང་། དམངས་ཆེན་འཐུས་མིར་ཅན་བཅུའི་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་འཛིན་རྒྱུར་སྐུལ་སློང་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་སོ་སོར་ཡོངས་ཁྱབ་ཏུ་ཞུགས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་དགོས། གསུམ་ནས་ལས་ཁུངས་ཀྱི་བདེ་འཇགས་ལས་དོན་ལ་ཤུགས་རྒྱག་དགོས་ཏེ། ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་མ་མཐའི་ཚད་གཞིའི་བསམ་ཕྱོགས་བརྟན་པོར་བཙུགས་ནས་སྒྲིག་སྲོལ་ལམ་ལུགས་དང་བྱ་ཐབས་ཁག་དོན་འཁྱོལ་ནན་མོ་བྱས་ཏེ། ལས་ཁུངས་ཀྱི་འདུ་ཤེས་འཛིན་སྟངས་དང་མེ་ཟོན་བདེ་འཇགས། ལས་ཁུངས་ཀྱི་ཡིག་ཚགས། ཚོགས་འདུའི་བྱེད་སྒོ། གཞུང་འཁོར་དོ་དམ་འཁོར་སྐྱོད། ཡིག་བསྐུར་ངོ་བཅར་དང་བརྟན་བརླིང་སྲུང་སྐྱོང་། དྲ་རྒྱའི་ཆ་འཕྲིན། གསང་གནད་གསང་སྲུང་སོགས་ཕྱོགས་ཀྱི་བདེ་འཇགས་ཀྱི་བྱུར་རྐྱེན་རྒྱུན་རྣམ་ཅན་གྱི་སྒོ་ནས་གྲལ་བཤེར་བྱེད་པ་དང་། འབྲེལ་ཡོད་བདེ་འཇགས་གསང་སྲུང་སྒྲིག་བཀོད་སྒྲིག་ཆས་བཀོད་སྒྲིག་བྱེད་པ། འབྲེལ་ཡོད་འཕྲལ་བསྟུན་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་ལས་འཛོལ་འབྱུང་བར་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། བཞི་ནས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ཏེ་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་ལག་ལེན་གཏིང་ཟབ་ཏུ་བསྟར་ནས། དམངས་ཆེན་གྱིས་དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་གཞུང་གིས་གྲོང་ཁྱེར་གསར་སྒྱུར་གྱི་ལས་དོན་ཁག་ནན་ཏན་གྱིས་སྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བླང་བྱ་བཏོན།
ཚོགས་འདུ་ལས་མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་དྲུག་པའི་ཁོངས་མི་དང་ཁུལ་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་མིའི་མིང་འདོན་ཇུས་གཞིའི་གྲོས་ཞིབ་མ་ཟིན་ཞེས་པར་ཞིབ་འཇུག་བྱས་པ་རེད།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཧྥན་རུན་ཡོན་དང་ཏང་ཙུའུ་ཡི་ཁོངས་མི་ཀེང་ཧྲེང་ཁྲེང་། མ་ཧྲའོ་ཧྥུའུ། ཝང་གོ་ཞུན་བཅས་ཚོགས་འདུར་ཞུགས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གསེར་མཚོ་དང་དཔལ་ལྡན། ཁུལ་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་འགན་འཁུར་བ་བཅས་ཚོགས་འདུར་ཟུར་ཞུགས་བྱས།