གཙོ་གནད།2 详情

རྨ་ཀླུང་སྔོན་མོའི་མཚོ་ལྷོའི་འགྲུལ་བཞུད་ལས་ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་གྱི་མུ་འབྲེལ་བྱ་འགུལ་ལས་ཁྲི་ཀའི་ས་ཚིགས་ཀྱི་མགོ་རྩོམ་མཛད་སྒོ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས23ཉིན། རྨ་ཀླུང་སྔོན་མོའི་མཚོ་ལྷོའི་འགྲུལ་བཞུད་ལས་ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་གྱི་མུ་འབྲེལ་བྱ་འགུལ་ལས་ཁྲི་ཀ་ས་ཚིགས་ཀྱི་མགོ་རྩོམ་མཛད་སྒོ་བསྡུས་ཤིང་། བྱ་འགུལ་ཁྲོད་རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་ཀྱི་འཛུགས་སྐྲུན་དང་། རིག་གནས་དང་ལུས་རྩལ། ཞིང་ལས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་གཏིང་ཟབ་པའི་སྒོ་ནས་མཉམ་འདྲེས་ཡོང་བར་སྐུལ་འདེད་བྱས་ལ། ཁྲི་ཀའི་གནའ་མཁར་གྱི་རིག་གནསIPལ་བརྟེན་ནས། རྨ་ཆུའི་རིག་གནས་དང་ཞིང་ལས་ཐད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བཏང་སྟེ། རིག་གནས་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ལ་སྐུལ་སྤེལ་གཏོང་བའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས།

640.jpg

ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ། ཀྲུང་གོ་གནམ་གཤིས་ཅུའུ་དང་ཀྲུང་གོ་གནམ་གཤིས་འཁོར་སྐྱོད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། ཀྲུང་གོ་གནམ་གཤིས་ཐཱན་སྙོམ་སྦྱོར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐུའུ་ཆི་ཧུང་། ཀྲུང་གོ་གནམ་གཤིས་ཅུའུ་ཡི་དབུ་བཞུགས་གནམ་གཤིས་དབྱེ་ཞིབ་པ་ཧུའུ་ཞའོ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཧྲའོ་ཅུན་བཅས་བྱ་འགུལ་ལ་ཞུགས་པ་རེད། མཛད་སྒོའི་སྟེང་ཀྲུང་གོ་གནམ་གཤིས་ཅུའུ་ཡི་དབུ་བཞུགས་གནམ་གཤིས་དབྱེ་ཞིབ་པ་ཧུའུ་ཞའོ་ཡིས་ཡུལ་དངོས་སུ《ཁྲི་ཀ་རྫོང་གི་གནམ་གཤིས་ཡུལ་སྐོར་དབྱེ་ཞིབ་སྙན་ཞུ》ཁྱབ་བསྒྲགས་བྱས་ལ། སྙན་ཞུ་ལས་ཁྲི་ཀ་རྫོང་གི་དུས་ཚིགས་ཀྱི་གནམ་གཤིས་ཁྱད་ཆོས་དང་ས་མཐོའི་ཚ་གཡོལ། སྐྱེ་ཁམས་ཀྱི་རྣམ་པ། ཁམས་གསོ་སོགས་ཀྱི་ཐད་ནས་ས་གནས་དེ་གའི་གནམ་གཤིས་ཀྱི་དགེ་མཚན་ཁ་གསལ་བྱས་ལ། བསིལ་ལྡན་ཁྲི་ཀ་ཞེས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་དར་སྤེལ་དང་གནམ་གཤིས་ཀྱི་ཐོན་ཁུངས་འཕེལ་རྒྱས་དེ་དགེ་མཚན་དུ་བསྒྱུར་བར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱས་ཡོད།

640 (2).jpg

རྒྱུས་ལོན་བྱུང་བ་ལྟར་ན་བསིལ་ལྡན་ཁྲི་ཀ་དེ་རྒྱལ་ཡོངས་ཀྱི་ཚ་གཡོལ་གནམ་གཤིས་དམིགས་སའི་མིང་ཐོའི་ཁྲོད་བདམས་ཐོན་བྱུང་བ་དང་། ཁྲི་ཀ་རྫོང་རིག་གནས་ཡུལ་སྐོར་འོས་སྦྱོར་དཔོན་གྱིས་ཡུལ་དངོས་སུ་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་སྤུས་ལེགས་ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱས་ཏེ། ཕྱོགས་མང་པོའི་ཐད་ནས་ཁྲི་ཀའི་སྣ་མང་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་དང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། གླུ་གར《བསིལ་ལྡན་ཁྲི་ཀའི་དྲོད་ཚད་ཧྲེ་ཧྲི་ཏུའུ25.6》ལས་འཁྲབ་སྟོན་གྱི་མགོ་བརྩམས་པ་དང་། སྲང་གཞུག་རྩེད་རིག《ལོ་ལེགས་ལ་བསྟོད་པ》ལས་ཁྲི་ཀའི་ཡུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་རྣམ་པ་མངོན་པར་བྱས་པ་དང་། སྙན་ངག་གྱེར་འདོན《གནས་མཆོག་ཁྲི་ཀར་བསྟོད》ལས་རྨ་ཆུའི་གྲོག་རོང་གི་ཐུན་མོང་མ་ཡིན་པའི་ས་བབ་ཁྱད་ཆོས་ཀྱི་རྣམ་པ་མཚོན་པར་བྱས་པ། གླུ་པ་གྲགས་ཅན་ལང་ཀི་ཡིས《ཀུ་ཤུའི་དྲི་ཞིམ》དང《སྔོ་ལྗང་གི་རྩྭ་ཐང》ཞེས་པའི་གླུ་གཞས་སྙན་མོས་ལྟད་མོ་བའི་ཡིད་སེམས་དབང་མེད་བཀུག

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མུ་འབྲེལ་བྱ་འགུལ་ཁྲོད་སྐྱེ་ཁམས་ལྟ་སྐོར་དང་རིག་གནས་མྱོང་རོལ།ཟས་མཆོག་མྱོང་རོལ། ཚ་གཡོལ་ཁམས་གསོ་སོགས་ནང་དོན་མང་པོ་མཉམ་འདྲེས་བྱས་ཡོད་པ་དང་། དུས་མཚུངས་སུ་མཚོ་སྔོན་གྱི་གསོལ་སྟོན་ཁྲོད་ཁྲི་ཀའི་ཞིང་ཁྱིམ་གླིང་གི་ཀ་རིང་མཐེབ་ཐུག་གི་སྤུས་རྟགས་ཁྱབ་བསྒྲགས་བྱ་འགུལ་སྤེལ་ཏེ། ཁྲི་ཀའི་ཡུལ་གྱི་ཁྱད་ལྡན་ཟས་མཆོག་གཅིག་སྡུད་སྒོས་འགྲེམ་སྟོན་བྱས་པ་དང་ཞིང་ཁྱིམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བག་ཤུགས་ཕྱིར་མངོན་པར་བྱས།

640.png

ཁུལ་གྱི་མགོ་ཁྲིད་ཏེང་ཧྲེང་ཕེང་དང་བསོད་ནམས་བདེ་སྐྱིད།དེ་མིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་། སྤུན་ཟླའི་རྫོང་གི་མགོ་ཁྲིད་དང་མགོ་ཁྲིད་རྒན་གྲས་ཀྱི་འཐུས་མི། གསར་འགྱུར་སྨྱན་སྦྱོར། རིག་གནས་ཡུལ་སྐོར་ཁེ་ལས། ཏང་གི་འཐུས་མི། དམངས་ཆེན་འཐུས་མི། ངལ་རྩོལ་དཔེ་ལེགས་པ་སོགས་ལས་རིགས་ཁག་གི་སྐུ་མགྲོན་རྣམས་མགོ་རྩོམ་མཛད་སྒོར་ཞུགས་ཡོད།

640 (3).jpg

热门新闻

热门图库

热门排行