གནད་བསྡུས། 详情

ནགས་རྩྭ་སྲུང་སྐྱོང་བེད་སྤྱོད་ཀྱི"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འཆར་གཞི་ཁྱབ་བསྒྲགས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནགས་རྩྭ་དར་ན་སྐྱེ་ཁམས་དར་ལ། ནགས་ཚལ་དང་རྩྭ་ཐང་ལས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཐད་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད། 

《ནགས་ལས་དང་རྩྭ་ཐང་སྲུང་སྐྱོང་བེད་སྤྱོད་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི》ཟླ7པའི་ཚེས22ཉིན་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས། འཆར་གཞི་ལྟར་ན། 2030ལོར་བསླེབ་དུས། "བྱང་གསུམ"བཟོ་གྲྭའི་མཚོན་རྟགས་ཅན་གྱི་ལས་དོན་ཆེན་པོ་གསུམ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་དང་། རང་བྱུང་སྲུང་སྐྱོང་ས་ཁུལ་ཕྱོགས་བསྡུས་ལེགས་སྒྲིག་ལེགས་འགྲུབ་འབྱུང་ནས། ནགས་ཚལ་དང་རྩྭ་ཐང༌། ན་འདམ་བཅས་ཀྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་ཞབས་ཞུའི་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་སྣ་མང་མཁོ་སྤྲོད་དང་འཛད་སྤྱོད་བྱེད་སའི་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་འགྱུར་བ་དང་། ནགས་ཚལ་དང་རྩྭ་ཐང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བཏོན་ཡོད།

འཆར་འགོད་ལས་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཞིང་ལྗང་སྒྱུར་གྱི་འགུལ་སྐྱོད་ཆེན་པོ་སྤེལ་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ནགས་ལས་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་ནུས་པར་ཤུགས་སྣོན་བྱེད་པ། ཁྱབ་ཁོངས་གཙོ་གནད་ཅན་དུ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། གསར་གཏོད་ཀྱིས་སྣེ་ཁྲིད་པ་དང་སྒོ་འབྱེད་མཉམ་ལས་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་ཡོད། །

热门新闻

热门图库

热门排行