ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཞེ་གཉིས་པ་བསྡུས།
ཟླ7པའི་ཚེས21ཉིན། ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཞེ་གཉིས་པ་བསྡུས་ཤིང་། ཁུལ་སྲིད་གྲོས་ཀྲུའུ་ཞི་ཚེ་རིང་དང་། ཀྲུའུ་ཞི་གཞོན་པ་ཅིང་ཡུང་ཅེ། ཀྲུའུ་ལིང་། ལི་ཀུའོ་ཧྲེང་བཅས་གྲོས་ཚོགས་སུ་ཞུགས། མཱ་ཞའོ་ཝེ་དང་འབྲུག་འབུམ་རྒྱལ། ལི་ཁྲེན་ལིང་། ཀྲང་ཀོའུ་ཕེང་དང་། ལས་ཁུངས་སོ་སོའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་བཅས་གྲོས་ཚོགས་སུ་ཟུར་ཞུགས་གནང་ཡོད་པ་རེད།
ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཟླ6པའི་ཚེས30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་བསྒྱུར་བར་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལག་ལེན་དང་ཐབས་ལམ་སྐོར་གྱི་བརྟག་ཞིབ་སྙན་ཞུ(འཆར་ཟིན)》དང་། 《མཚོ་ལྷོ་ཁུལ་གྱི་གྲོང་གསེབ་དར་སྤེལ་དང་འབྲོག་ཁུལ་གྱི་ཡུལ་སྲོལ་དཔལ་ཡོན་སྡེ་སྲོལ་དམངས་ཆིངས་བཟོས་པའི་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ(འཆར་ཟིན)》《ཁུལ་སྲིད་གྲོས་ཀྱི་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་གི་ཅན་བཅུའི་ཏང་འཛུགས་བྱ་བའི་ཇུས་གཞི(གྲོས་ཞིབ་མ་ཟིན)》《ཁུལ་སྲིད་གྲོས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས〉སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་བྱ་བའི་ནང་དོན་གཙོ་བོ(གྲོས་ཞིབ་མ་ཟིན)》བཅས་ལ་གྲོས་ཞིབ་བྱས།
ཚོགས་འདུ་ལས་མིག་སྔར་སྐོར་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་དང་ཞོད་དུས་ཀྱི་ལས་རེས་སྲུང་བ། སྐབས་བརྗེའི་གྲ་སྒྲིག་སོགས་ཀྱི་ལས་འགན་ཁག་དུས་མཉམ་དུ་འཁེལ་བ་དང་། སྤྱིའི་ལས་ཀའི་དུས་ཚོད་ཐུང་བ་དང་གོ་རིམ་མང་བ།ལས་འགན་ལྕི་བ་བཅས་ཡིན་མོད། འོན་ཀྱང་ལོ་འཁོར་གྱི་གཏན་འཁེལ་ཟིན་པའི་གྲོས་མོལ་འཆར་གཞི་ལྷོད་གཡེང་དུ་གཏོང་མི་རུང་བ་དང་རྗེས་ཀྱི་ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་ལྟ་ཞིབ། དོན་དག་ཡོད་ན་གྲོས་བསྡུར་བྱ་ཆོག་པ་ཞེས་པའི་གཞི་རིམ་གྱི་གྲོས་མོལ། དུས་ཚིགས་ཀྱི་བཞུགས་མོལ་གྲོས་མོལ། ཨུ་ཡོན་གྱི་ཆེད་དོན་གསོ་སྦྱོང་སོགས་རྒྱུན་ལྡན་གྱི་འགན་འཁྲི་སྒྲུབ་པའི་དོན་དག་ངེས་པར་དུ་དུས་ལྟར་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་ཤིང་། ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་དགོས་ཏེ། ཁྱོན་ཡོངས་ཀྱི་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས། གཅིག་གྱུར་འཆར་འགོད་ཀྱི་འདུ་ཤེས། དོན་འཁྱོལ་གྱི་འདུ་ཤེས་བཅས་ཆེ་རུ་གཏོང་བ། རང་འགུལ་གྱིས་སྔོན་ལ་ཇུས་འགོད་དང་དུས་ཚོད་སྔོན་ལ་ལེགས་སྒྲིག་བྱེད་པ། གལ་ཆེ་ཆུང་དང་དལ་བྲེལ་གསལ་འབྱེད་བཅས་བྱས་ཏེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བར་འགན་ལེན་ནན་མོ་བྱ་དགོས་ཤིང་། ཀྲུའུ་ཞི་གཞོན་པ་རྣམས་ཀྱིས་ལས་བགོས་འགན་གཉེར་གྱི་འགན་འཁྲི་བརྟན་པོར་འཁུར་བ་དང་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་ལས་དོན་ལ་དངོས་སུ་གཅིག་གྱུར་འཆར་འགོད་བྱེད་པ། དངོས་སུ་བཀོད་གཏོང་སྐུལ་སྤེལ། ལྟ་སྐུལ་སློབ་སྟོན་དང་འགག་སྒོ་སྲུང་བ། མཐུན་སྦྱོར་དང་དཀའ་གནད་སྒྲོལ་བ་བཅས་བྱས་ཏེ། ལས་དོན་ཁག་གི་བྱ་བའི་རྩིས་ཐོ་དུས་རྒྱུན་ལྡན་དུ་ལེགས་སྒྲིག་དང་དཀའ་གནད་སེལ་བ་བཅས་བྱས་ཏེ། ཅན་བཅུའི་ཏང་འཛུགས་སྐྱོང་ལ་ལྟ་སྐུལ་སློབ་སྟོན་དང་། སྐབས་བརྗེའི་གྲ་སྒྲིག་དང་སྐོར་ཞིབ་དག་ཐེར་ཡོ་བསྲང་། འབྲུབ་འགོག་ལས་རེས་སྲུང་བ། ལོ་འཁོར་གྱི་གྲོས་མོལ་ལས་འགན་བཅས་ལ་མཉམ་དུ་དམ་འཛིན་བྱས་ནས། གཙོ་གནད་ལས་འགན་འགག་སྒྲོལ་ནུས་ལྡན་དང་རྒྱུན་གཏན་གྱི་འགན་སྒྲུབ་ལས་འགན་གོ་རིམ་ལྡན་པར་བྱས་ནས། དམིགས་འབེན་ལས་འགན་ཁག་ལེགས་སྒྲུབ་བྱ་དགོས་ཞེས་བསྟན།
ཚོགས་འདུ་ལས་ད་དུང་འབྲེལ་ཡོད་ཡིག་ཆ་གཞན་དག་ལ་གྲོས་ཞིབ་བྱས།