ཞིང་ཆེན་ནང་ཁུལ། 详情

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་འཇུག་དཔྱད་གླེང་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་ཡིས་མགོ་འཛིན་གནང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཱ་ཡུའེ་ཞང་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གྲོས་ཨུ་ཡོན7གྱིས་བརྗེ་རེས་གཏམ་བཤད་བྱས། ཚང་མས་བསྟན་དོན། བཅའ་ཁྲིམས་འདིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད་པས། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་ཐིག་འདི་ཁོང་དུ་ཆུད་པར་བྱས་ཏེ། ཁྲིམས་སྦྱོང་དང་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ། ཁྲིམས་སྤྱོད་པ་བཅས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཆགས་པར་བྱས་ནས། མི་རིགས་སོ་སོའི་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》གཏན་འབེབས་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་པུའུ་དེའི་བཅའ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་དང་འགན་འཁྲི་སྒྲུབ་པ་དང་བེད་སྤྱོད་བྱེད་པར་ཚད་མཐོའི་མཐོང་ཆེན་དང་། ནང་དོན་གྱི་དོན་སྙིང་དང་ལག་ལེན་གྱི་ཁྲིད་ཕྱོགས་ཁོང་དུ་ཆུད་པ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་འདུ་ཤེས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་བ་བཅས་བྱས་ཏེ། རང་ཞིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"མཚོ་སྔོན་དུ་མི་རིགས་བྱ་བ་མ་བསྒྲུབས་ན་ཁྱོན་ཡོངས་དོན་གཉེར་བྱེད་མི་ཐུབ"ཅེས་ནན་བཤད་གནང་ཡོད། མི་རིགས་མཐུན་སྒྲིལ་ནི་མཚོ་སྔོན་དར་རྒྱས་གོང་འཕེལ་གྱི་སྲོག་རྩ་ལྟ་བུ་ཡིན་པ་དང་། ཁྲིམས་སྐྱོང་འགན་ལེན་ནི་མཚོ་སྔོན་གྱི་བརྟན་ལྷིང་མཐུན་སྒྲིལ་གྱི་རྨང་རྡོ་ལྟ་བུ་ཡིན། བཅའ་ཁྲིམས་དེའི་བསམ་བློའི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ། སྤྱི་ཡོངས་ལ་དམིགས་པ་དང་ཞིབ་ཕྲའི་ཐད་ཤུགས་བརྒྱབ་ནས། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་འདོན་སྤེལ་བྱེད་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་དང་བསྟུན་ནས། ཁྱད་ཆོས་ལྡན་པའི་ཐོན་ལས་ལ་ནུས་པ་སྩོལ་བ་དང་། སྤྱི་ཚོགས་མཉམ་འདྲེས་མཉམ་སྐྲུན། རིག་གནས་ཀྱིས་དམངས་སེམས་གཅིག་ཏུ་སྒྲིལ་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་འགན་འཁྲི་གནད་ལ་འཁེལ་བར་སྒྲུབ་པ་དང་། ཐོན་ལས་ལ་བརྟེན་ནས་མི་དམངས་ཕྱུག་པོ་ཆགས་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཕན་ཚུན་ཕྲ་ཞིབ་མཉམ་སྐྲུན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ། རིག་གནས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སེམས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། འགན་ནུས་ཀྱི་ནུས་པར་གཞི་བཙུགས་ཏེ་དྲིལ་བསྒྲགས་ཁྲིད་སྟོན་དང་། སེམས་ཤུགས་གཅིག་སྒྲིལ། ཐབས་འདོན་ལྟ་སྐུལ་བཅས་སྲུང་ཚད་གསུམ་གྱི་ཐོག་ནས་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་དང་འཆད་འགྲེལ་གཏིང་ཟབ་ཏུ་གཏོང་བ། མཉམ་སྐྲུན་མཉམ་བཅོས་ཀྱི་འགྲིལ་ཤུགས་ཆེན་པོ་གཅིག་བསྡུས་བྱེད་པ། སྲིད་དོན་སྐྱོང་རོགས་གནད་ལ་འཁེལ་བར་འཛུགས་པ། གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཆེད་མཁས་པ་བཅས་ཀྱི་འཐུས་མི་སྐོར་ཞིག་ཚོགས་འདུར་ཞུགས་པ་རེད། །

热门新闻

热门图库

热门排行