གནས་ཚུལ། 详情

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་མཚོ་ལྷོའི་འགྲེམ་ཁུལ་གྱི་ཐོན་རྫས་ཕྱིར་འཚོང་གི་སྤྱིའི་མ་དངུལ་ཁྲི235ལ་སླེབས་པ།

ཟླ7པའི་ཚེས19ཉིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་གཏོང་ཉོ་འཚོང་གྲོས་མོལ་ཚོགས་འདུ་སྐབས27པའི་གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་ནས་བདེ་བླག་ངང་མཇུག་བསྒྲིལ།  ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སུ་མཚོ་ལྷོ་ཁུལ་གྱིས་དྲ་ལམ་དང་ཡུལ་དངོས་ལ་དུས་གཅིག་ཏུ་ནུས་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ནས། མཚོ་ལྷོའི་ཐོན་རྫས་བཟང་བོའི་ཕྱིར་འཚོང་ཐབས་ལམ་རྒྱུན་མཐུད་ངང་རྒྱ་སྐྱེད་དུ་བཏང་སྟེ། མཐར་བྲིན་ཚོང་གི་སྤྱིའི་མ་དངུལ་སྒོར་ཁྲི235མངོན་འགྱུར་བྱུང་བ་རེད།

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་སུ་མཚོ་ལྷོ་ཁུལ་གྱི་འགྲེམ་ཁུལ་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། ཡུལ་དངོས་ཀྱི་བཏུལ་ཐང་འོད་ནུས་གླིང་གི་དཔེ་རིས་དང་ཁ་དོག་རྣམ་པར་བཀྲ་བའི་བོད་ལུགས་གཙགས་དྲུབ་གཉིས་ཀྱིས་མིག་དབང་ཅིག་ཅར་དུ་འཕྲོག་འགྲོ་བ་དང་། དེ་གཉིས་ཀྱི་བར་ན་དྲག་ཏུ་འབབ་པའི་ལོ་ངོ་སྟོང་གི་རྨ་ཆུ་ཡོད་ཅིང་། ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་ལོ་ངོ་བཅུ་དྲུག་རང་གི་མཉམ་འབྲེལ་གྱི་བརྩེ་བ་ཟབ་མོ་ཡོད་པ་མ་ཟད། མཚོ་ལྷོ་ཁུལ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་མགྱོགས་མྱུར་དང་བརྟན་པོའི་ངང་མདུན་དུ་སྐྱོད་པའི་ལམ་བུའང་ཡོད། འདི་རུ་ཐོན་རྫས་སྣ་མང་འགྲེམ་སྟོན་བྱས་ཡོད་དེ། སྒྲིག་ཆས་དང་ཐོན་ལས་ཀྱི་ཐོད་བརྒལ་དང་སྤྱིར་བཏང་གི་འཚོ་བའི་དྲོད་ཁོལ། སྒོ་འབྱེད་རྒྱང་སྐྱོད་ཀྱི་རྣམ་པ་བཅས་ཀྱིས་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་ཡོད། སྐབས་འདིའི་མཚོ་སྔོན་ཚོང་ཚོགས་ཀྱི་སྐབས་སུ། མཚོ་ལྷོ་ཁུལ་གྱི་ཆེད་དོན་འགྲེམས་ཁུལ་གྱིས་ལས་གཞི6ལ་གན་རྒྱ་བཞག་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར30.49ཟིན་ཏེ། དེར་ནུས་ཁུངས་གསར་པ་དང་ལྗང་མདོག་རྩིས་ཤུགས། ཞིང་ཕྱུགས་ལས་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད་པ་རེད། མཚོ་ལྷོ་ཁུལ་གྱི་ཚོང་འདུས་སྟེགས་བུའི་བྱ་རིམ་ཆུང་བ་དུས་མཉམ་དུ་དྲ་ལམ་ནས་སྤྱོད་མགོ་བརྩམས་པ་དང་། དེས་ཁུལ་ཡོངས་ཀྱི་གྲངས་འཛིན་ཚོང་འགུག་དང་དྲ་ལམ་འོས་སྦྱོར། ཐོན་རྫས་དང་ཕྱིར་འཚོང་འབྲེལ་མཐུད་སོགས་ཀྱི་བྱ་བ་དུས་མཚམས་གསར་བ་ཞིག་ཏུ་སླེབས་ཡོད་པ་མཚོན་ཡོད། 

མཚོ་སྔོན་པེ་ལིས་ཤིང་མངར་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་ཕྱིར་འཚོང་སྤྱི་གཉེར་བ་ཀྲིན་ཁྲེང་ཡུས་ཀྱིས་བཤད་རྒྱུར། ཐེངས་འདིའི་མཚོ་སྔོན་ཚོང་ཚོགས་སྟེང་གླ་སིལ་སྟར་ཁུ་དང་འཕང་འབྲས་ཁུ་བ། ད་དུང་སོ་སྨན་སོགས་ཐོན་རྫས་རིགས3འཁྱེར་ཡོང་ཡོད་ལ། ད་ལྟ་ཉིན་རེའི་ཕྱིར་འཚོང་བྱེད་ཚད་ནི་ཕལ་ཆེར་སྒོར8600ནས13000བར་རེད། ང་ཚོའི་རྗེས་ཕྱོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ནི་ཀོང་ཏུང་དང་ཀོང་ཞི། སི་ཁྲོན། ཡུན་ནན་སོགས་ས་ཁུལ་ཡིན། ཐེངས་འདིའི་ཚོང་ཚོགས་སྟེང་ང་ཚོར་ས་ཁུལ་འདི་དག་ལ་མཉམ་ལས་ཀྱི་འདོད་བློ་ཡོད་དེ། ཕལ་ཆེར་མཉམ་ལས་ཀྱི་མངག་ཐོ་གསུམ་ཡོད་པ་དང་། མ་དངུལ་ཕལ་ཆེར་སྒོར་ཁྲི130ཡས་མས་ཡིན།

ཐུན་ཏེ་རྫོང་སྐམས་ཤའི་ཚོང་དོན་འགན་འཁྲི་ཚད་ཡོད་ཀུང་ཟིའི་འགན་འཁུར་བ་དཔལ་མགོན་གྱིས་བཤད་རྒྱུར། ང་ནི་ཐུན་ཏེ་རྫོང་རྨ་བྱང་ཤང་ནས་ཡོང་བ་ཡིན། ང་ཚོས་ཐེངས་འདིའི་ཚོང་ཚོགས་སྟེང་ཐོན་རྫས་རིགས30ལྷག་ཙམ་འཁྱེར་ཡོང་ཡོད་ལ། གཙོ་བོ་སྐམས་ཤའི་རིགས་ཀྱི་ཐོན་རྫས་ཡིན། ཐེངས་འདིའི་ཚོང་ཚོགས་སྟེང་ཐོན་རྫས་ཕྱིར་འཚོང་བྱེད་ཚད་ང་ཚོའི་སྔོན་དཔག་ལས་བརྒལ་བ་དང་མིག་སྔར་ང་ཚོས་མཉམ་ལས་བྱེད་མཁན4ལ་མཉམ་འབྲེལ་གན་རྒྱ་བཞག་ཟིན་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ཟེར།


热门新闻

热门图库

热门排行