གནད་བསྡུས། 详情

རང་ཁུལ་གྱིས་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུ་བསྡུས།

ཟླ7པའི་ཚེས20ཉིན།རང་ཁུལ་གྱིས་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུ་བསྡུས་ཤིང་། ལོ་སྟོད་ཀྱི་དཔལ་འབྱོར་བྱ་བ་དང་ཞན་ཆའི་དབྱེ་ཞིབ་ལ་སྤྱི་སྡོམ་བྱས་ཏེ། ལོ་སྨད་ཀྱི་དཔལ་འབྱོར་འགག་སྒྲོལ་ལས་འགན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་སུན་ཅུན་ཞ་ཚོགས་འདུར་ཞུགས་ཏེ་གཏམ་གནང་བ་དང་། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་བསྡོམས་རྩིས་ཅུའུ། ནོར་སྲིད་ཅུའུ་སོགས་སྡེ་ཁག་གིས་འབྲེལ་ཡོད་དཔལ་འབྱོར་འཁོར་སྐྱོད་དང་དམིགས་ཚད་ལེགས་འགྲུབ། དེ་མིན་ནོར་སྲིད་གཏོང་ཡོང་བཅས་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱས།

ཚོགས་འདུ་ལས་མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནོན་ཤུགས་དང་ཞིང་ཆེན་དང་ཁུལ་གྱི་བྱ་བའི་ཚད་གཞི་མཐོ་བའི་བླང་བྱར་དམིགས་ཏེ། རང་ཁུལ་གྱི་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བའི་ཐད་ཀྱི་ལས་གཞིའི་སྐུལ་འདེད་རྗེས་ལུས་ཡིན་པ་དང་མ་དངུལ་བེད་སྤྱོད་བྱེད་ཚད་དམའ་བ། ལས་གཞིའི་གྲ་སྒྲིག་མི་འདང་བ་སོགས་ཀྱི་གནད་དོན་ཆེན་པོ་ཡོད་པས། འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཡོད། ས་གནས་དང་སྡེ་ཁག་སོ་སོས་ངེས་པར་དུ་ཧེ་བག་ལ་དོ་སྣང་དང་རང་འགུལ་གྱིས་དཀའ་ཁག་ལ་གདོང་གཏད་དེ། རྒྱུན་གཏན་ལས་བརྒལ་བའི་བྱ་ཐབས་ལ་བརྟེན་ནས་ཞན་ཆ་གསབ་པ་དང་འཕེལ་རྒྱས་ཀྱི་བཀག་རྒྱ་སེལ་དགོས། ལས་གཞིའི་འཛུགས་སྐྲུན་གྱི་དཀའ་གནད་ལ་དམིགས་ཏེ། ཚོགས་འདུ་ལས་ལས་གཞིའི་དུས་འགོའི་འགྲོ་ལུགས་ཁག་པའི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་བ་དང་། S207དངS208། ཧར་རྒན་ཆུ་མཛོད་སོགས་གཙོ་གནད་ལས་གཞིའི་སྤྱོད་གནས་ཡར་ཞུའི་བྱ་བ་མགྱོགས་མྱུར་སྒོས་སྒྲུབ་པ་དང་། ཨར་ལས་ཀྱི་སྔོན་གྲབས་དང་འགྲོ་ལུགས་སྒྲུབ་ཚར་རྗེས་མགྱོགས་མྱུར་སྒོས་ལས་མགོ་རྩོམ་ཐུབ་པར་ཁག་ཐེག་བྱ་དགོས་པ་དང་། བོད་འབྲེལ་ལས་གཞིའི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ལས་གཞིའི་དུས་མགོའི་ཇུས་འགོད་སྔོན་ལ་བཟོ་པ་དང་། ལས་གཞིས་མ་དངུལ་ལ་སྒུག་པ་ཞེས་པ་མངོན་འགྱུར་ཡོང་བར་བྱས་ནས་ལས་གཞིའི་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་ཞེས་བགསལ་བོར་བསྟན།

ཚོགས་འདུ་ལས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སྡེ་ཁག་གིས་གོང་འོག་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ས་བསྡུ་ལེན་དང་སྤྱོད་པ། ཁོར་ཡུག་སྲུང་སྐྱོང་གི་ཞིབ་མཆན་འགོད་པ་སོགས་ཀྱི་འགྲོ་ལུགས་ཕན་ནུས་ཆེ་བའི་སྒོ་ནས་བསྒྲུབ་དགོས་ཤིང་། རྫོང་ཁག་དང་སྡེ་ཁག་སོ་སོས་འགན་འཁྲི་གཙོ་བོ་ནན་དུ་བཏང་ནས་རྗེས་ལུས་ཀྱི་ལས་གཞི་རེ་རེ་བཞིན་ཐག་གཅོད་བྱས་ཏེ། ལས་གཞི་གྲངས་མཛོད་དུ་འཇུག་པར་གཅིག་གྱུར་ཚད་ལྡན་ཡོང་བར་བྱ་དགོས་ཤིང་། དུས་མཚུངས་སུ་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་དམ་པོར་དམིགས་ནས་ནུས་ཁུངས་གཙང་མ་དང་ལྗང་མདོག་གློག་རྩིས།བཟོ་ལས་སོགས་གཙོ་གནད་ཁྱབ་ཁོངས་ལ་དོ་སྣང་བྱས་ནས།  སྤུས་ལེགས་ལས་གཞི་ཇུས་འགོད་དང་གསོག་འཇོག་གནད་ལ་འཁེལ་བར་བྱས་ཏེ། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་དངུལ་འཇོག་གྲངས་འཕར་སྣོན་ཡོང་བའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་དགོས་ཞེས་བླང་བྱ་བཏོན།  ལོ་སྨད་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་ཚོགས་ཐོག་ཏུ་ཆེད་དོན་བཀོད་སྒྲིག་བྱས། ཚོགས་འདུ་ལས་ལོ་སྨད་ནི་ལོ་ཧྲིལ་པོའི་དཔལ་འབྱོར་བྱ་བར་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་ལ། ས་གནས་ཁག་དང་སྡེ་ཁག་སོ་སོའི་འགན་འཁུར་བ་གཙོ་བོས་སྒྲུབ་སྐུལ་དང་འགན་འཁྲི་ནན་མོར་བརྟེན་ཏེ། གསང་བའི་ལས་གཞི་གཙོ་བོར་བཀོད་གཏོང་བྱས་ནས་བྱ་བ་རྗེས་སུ་ལུས་པའི་སྡེ་ཁག་ལ་དུས་བཅད་སློབ་གསོའི་དྲན་སྐུལ་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་ཚོང་འགུག་གྲུབ་འབྲས་གནད་འཁེལ་དོན་འཁྱོལ་བྱས་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་དགོས་ཤིང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ་སྐྱེ་ཁམས་དང་བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་ཚད་གཞི་ནན་མོར་སྲུང་བ་དང་འབྲུབ་འགོག་གནོད་སེལ་ལས་དོན་ལ་དམ་འཛིན་བྱས་ནས་བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་སྔོན་འགོག་བྱ་དགོས་ཞེས་ནན་གྱིས་བསྟན།  

热门新闻

热门图库

热门排行