རྒྱལ་ནང་། 详情

2026ལོར་མི་ཁྲི2516ལ་བུ་གསོ་ཁ་གསབ་རྩིས་སྤྲོད་བྱས་པ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ7པའི་ཚེས21ཉིན་རྒྱལ་ཁབ་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། 2026ལོའི་བུ་གསོ་ཁ་གསབ་ཀྱི་རེ་ཞུ་ཁྲི2751ཡར་སྤྲད་པ་དང་། རེ་ཞུ་ཁྲི2713ལ་ཞིབ་བཤེར་བྱས་ཏེ། མི་ཁྲི2516ལ་རྩིས་སྤྲོད་བྱས།

   ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡིས་བརྡ་ཐོ་བཏང་སྟེ། 2022ལོ་ནས2024ལོའི་བར་སྐྱེས་པའི་ཕྲུ་གུ་དམར་འབྱར་གྱི་ཐོག་མའི་གསོ་སྐྱོང་ཁ་གསབ་རེ་ཞུ་བྱེད་མཚམས་འཇོག་པའི་དུས་ཚོད་དེ2026ལོའི་ཟླ12པའི་ཚེས31ཉིན་བར་ཕྱིར་འགྱངས་བྱས་ཡོད། ཆ་རྐྱེན་ཚང་བའི་ཕྲུ་གུ་དམར་འབྱར་རྣམས་ཀྱི་རེ་འདུན་འབུལ་མཁན་གྱིས་གཏན་འབེབས་དུས་བཀག་ནང་ཀྲི་ཧྥུ་པའོ(Alipay)འམ་སྐད་འཕྲིན་བརྒྱུད་ནས་ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུའི་སྟེགས་བུ་ལ་བརྟེན་ནས། བུ་གསོ་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་ཏུ་འཛུལ་ནས། "2022ལོ་ནས2024ལོའི་དུས་ཡུན་ཇེ་རིང་དུ་གཏོང་བའི་སྙན་ཞུ་འཇུག་སྒོ"ཞེས་པར་ཞུགས་ཏེ། སྣེ་སྟོན་ལྟར་བུ་གསོ་ཁ་གསབ་ཀྱི་རེ་ཞུ་སྤྲད་ཆོག བུ་གསོ་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ཏེ། 2026ལོར"མཐེབ་གཅིག་གིས་མུ་མཐུད་ལེན་ཐུབ་པའི"ནུས་པ་གསར་པ་བསྣན་ཡོད་པས། མང་ཚོགས་ཀྱིས་སྟབས་བདེ་ངང་མུ་མཐུད་དུ་ལེན་པའི་རེ་ཞུ་ལེགས་འགྲུབ་བྱེད་ཐུབ་པ་རེད། །


热门新闻

热门图库

热门排行