གནད་བསྡུས། 详情

མཚོ་སྔོན་དང་པེ་ཅིང་སྐད་བརྡ་སློབ་ཆེན་གཉིས་ཀྱིས་ལག་གདང་སྦྲེལ་ནས་སྐད་བརྡའི་རིག་གནས་རྒྱལ་སྤྱིའི་བརྗེ་རེས་ཀྱི་སྟེགས་བུ་གསར་བ་མཉམ་བསྐྲུན་བྱས།

ཟླ7པའི་ཚེས20ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་པེ་ཅིང་སྐད་བརྡ་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་གཞིར་མིང་རྟགས་འགོད་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ། ཕྱོགས་གསུམ་ཀྱིས་མཉམ་དུ་འཐབ་ཇུས་མཉམ་ལས་ཀྱི་གྲོས་གཞིར་མིང་རྟགས་བཀོད་པར་མ་ཟད། “ཀྲུང་གོའི་སྐད་བརྡ་རིག་གནས་གསར་གཏོད་ལག་ལེན་རྟེན་གཞི”དང“ཀྲུང་གོ---ཡ་གླིང་དབུས་རྒྱུད་དཔལ་ཡོན་བརྗེ་རེས་ཞིབ་འཇུག་ཁང”གཉིས་ཀྱི་སྒོ་བྱང་བཀལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས།

ཀྲུང་གོའི་སྐད་བརྡ་རིག་གནས་གསར་གཏོད་ལག་ལེན་རྟེན་གཞི་ཡིས་པེ་ཅིང་སྐད་བརྡ་སློབ་ཆེན་རྒྱལ་སྤྱི་རྣམ་པའི་སློབ་སྒྲུབ་ལེགས་ཆ་ལ་བརྟེན་ནས། དུས་བཅད་ལྟར་ཕྱི་རྒྱལ་གྱི་སློབ་མ་རྩ་འཛུགས་བྱས་ཏེ་མཚོ་སྔོན་དུ་ཡོང་ནས་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་དང་རྒྱལ་བབས་སློབ་གསོ་སྤེལ་བ། ཕྱི་རྒྱལ་སློབ་མས་མཚོ་སྔོན་གྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་ཁྲིད་སྟོན་བྱེད་པ། བརྙན་མིག་དང་སྨྱུག་རྩལ་ལ་བརྟེན་ནས་མཚོ་སྔོན་ཟིན་ཐོར་འགོད་པ་དང་། མཚོ་སྔོན་བརྒྱུད་སྒྲོག་བྱེད་པ། ད་དུང་རྒྱལ་བབས་སློབ་གསོ་སོགས་ལ་གཞིགས་ནས་མཉམ་འབྲེལ་ཞིབ་འཇུག་སྤེལ།

ཀྲུང་གོ--ཡ་གླིང་དབུས་རྒྱུད་དཔལ་ཡོན་བརྗེ་རེས་ཞིབ་འཇུག་ཁང་གིས་པེ་ཅིང་སྐད་བརྡ་སློབ་ཆེན་གྱི་རྒྱལ་ཕྱིའི་ཁུང་ཙིའི་སློབ་གླིང་དང་རྒྱལ་ཕྱིའི་རྒྱ་ཡིག་སློབ་སྦྱོང་ལྟེ་གནས་སོགས་ལས་སྟེགས་ཀྱི་དགེ་མཚན་ལ་བརྟེན་ནས། ཡ་གླིང་དབུས་རྒྱུད་ས་ཁུལ་གྱི་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ལས་སྟེགས་བསྐྲུན་པ་དང་། རྒྱལ་སྤྱིའི་རིག་གཞུང་གྲོས་ཚོགས་རྩ་འཛུགས་བྱས་ཏེ། ཡ་གླིང་དབུས་རྒྱུད་རྒྱལ་ཁབ་ཀྱི་ཆེད་མཁས་པ་མཚོ་སྔོན་དུ་ཡོང་ནས་བརྗེ་རེས་མཉམ་ལས་བྱེད་པར་སྐུལ་འདེད་བཏང་།

ཐེངས་འདིའི་མཉམ་ལས་ཀྱིས་ཕྱོགས་གསུམ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྐད་བརྡའི་རིག་གནས་ཀྱི་བརྒྱུད་སྒྲོག་དང་རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་དང་དཔལ་ཡོན་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་གཏམ་རྒྱུད་བརྒྱུད་སྒྲོག་བྱེད་པའི་ལས་སྟེགས་གསར་བ་བསྐྲུན་ཡོད། 


热门新闻

热门图库

热门排行