སྲིད་དོན། 详情

རྨ་ཀླུང་སྔོན་མོའི་མཚོ་ལྷོའི་རྒྱུད་ཀྱི་ས་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ཕྲེང་བསྟར་བྱ་འགུལ་སྤེལ་མགོ་བརྩམས།

རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས20ཉིན། རྨ་ཀླུང་སྔོན་མོའི་མཚོ་ལྷོའི་རྒྱུད་ཀྱི་ས་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ཕྲེང་བསྟར་བྱ་འགུལ་སྤེལ་མགོ་བརྩམས་པའི་མཛད་སྒོ་དེ་མཚོ་སྔོན་པོའི་འགྲམ་རྒྱུད་དུ་བསྡུས་ཤིང་། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་རྒྱལ་ཁབ་འཐབ་ཇུས་ཀྱི་ཞིབ་ཕྲའི་ལག་ལེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྨ་ཀླུང་སྔོན་མོའི་སྐྱེ་ཁམས་ཡུལ་སྐོར་ཐུན་མོང་གི་འཕེལ་རྒྱས་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་སྐོར་གྱི་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས།

c2ddc5dc117e9d9f664a1bac33d98a9a.png

ཕྲེང་བསྟར་བྱ་འགུལ་ལས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ཚུགས་པར་ནུས་ཤུགས་འདོན་པ་དང་ཅན་བཅུའི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ། མི་རིགས་མཐུན་སྒྲིལ་དང་འཆམ་མཛེས་ཁྱིམ་གཞིས་མཉམ་སྐྲུན་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། རྨ་ཆུའི་རྒྱུད་ཀྱི་སྤུན་ཟླའི་ཁུལ་དང་རྫོང་མཉམ་འབྲེལ་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས། དེ་མིན་མཚོ་ལྷོའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས། རྫོང་མཐུག་པའི་རིག་གནས་བཅས་མངོན་ཏེ། རི་ཆུའི་མགོ་ཁུངས་དང་རབ་མཛེས་མཚོ་སྔོན། གནས་མཆོག་མཚོ་ལྷོ་ཞེས་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་འོས་སྦྱོར་བྱས།

QQ20260721-145046.jpg

ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲེང་ཅི་ཝེ་དང་། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ། ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཧྲི་ཁྲང་ཀྲི། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཏུང་ཧྥུའུ་ཧའེ། ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཧུ་པིན། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཀརྨ་ཕུན་ཚོགས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་འོས་མི་ཚེ་བརྟན་སྒྲོལ་མ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་བཅས་བྱ་འགུལ་ལ་ཞུགས།

640 (1).png

དོན་གྲུབ་ཀྱིས་ཤིས་ཚིག་འབུལ་སྐབས། དུས་ཡུན་རིང་པོའི་ནང་མཚོ་ལྷོ་ཁུལ་གྱིས་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་མངགས་བཅོལ་གལ་ཆེན་ཡིད་ལ་དམ་པོར་ངེས་པ་དང་། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོ་ནི་ཕ་ཡུལ་ལ་མངའ་བའི་རིན་ཆེན་གཏེར་གྱི་བང་མཛོད་ཡིན་ཞེས་པའི་འདུ་ཤེས་བརྟན་པོར་བཟུང་སྟེ། རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་བྱས་ནས། སྐྱེ་ཁམས་ཀྱི་ཚད་གཞི་ནན་སྲུང་དང་གསར་སྤེལ་གྱི་ནུས་ཤུགས་ཚོད་འཛིན། མ་ལག་གི་བཅོས་སྐྱོང་དམ་འཛིན་བཅས་རྒྱུན་འཁྱོངས་བྱ་དགོས་པ་དང་། བསྟུད་མར་ལོ་མང་རིང་གི་བརླན་ས་ཉམས་གསོ་དང་རྩྭ་ཐང་བཅོས་སྐྱོང་། འབབ་རྒྱུད་དོ་དམ་སྲུང་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་བཅས་བརྒྱུད་དེ། སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་དང་ལས་རྣམ་རྒྱུན་མཐུད་ངང་ཕུན་སུམཇེ་ཚོགས་སུ་ཕྱིན་ཏེ། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད། དེ་དང་ཆབས་ཅིག་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་འཛུགས་པ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་དང་རྨ་ཆུའི་རིག་གནས་ཡུལ་སྐོར་རྒྱུད་འཛུགས་སྐྲུན་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས། སྐྱེ་ཁམས་ཐོན་ཁུངས་དང་མི་རིགས་རིག་གནས། མཐོ་སྒང་མཛེས་ལྗོངས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། དུས་བཞིའི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་སྔོན་སྐྱོད་ཁུལ་བསྐྲུན་ཏེ། སྐྱེ་ཁམས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དང་དམངས་འཚོའི་དགེ་མཚན་དངོས་སུ་བསྒྱུར་དགོས་ཞེས་བསྟན།

640.png

བྱ་འགུལ་གྱི་གོ་སྐབས་དང་བསྟུན་ནས། དོན་གྲུབ་ཀྱིས་སྤྱི་ཚོགས་ལས་རིགས་ཁག་གི་སྐུ་མགྲོན་དག་རྨ་ཀླུང་སྔོན་མོ་དང་མཚོ་སྔོན་པོར་ཡུལ་སྐོར་ལ་ཕེབས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ལ་རྒྱུས་ལོན་དང་གནས་མཆོག་མཚོ་ལྷོའི་མཛེས་སྡུག་ལ་མྱོང་རོལ་བཅས་བྱེད་པར་གདན་ཞུ་བྱས་པ་དང་། སྔར་བཞིན་མཚོ་ལྷོར་ཐུགས་ཁུར་དང་སྒུལ་ནུས་སྩོལ་བ། བྱ་གཞག་ཁག་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བཅས་བྱ་དགོས་པ་དང་། ཐེངས་འདིའི་ཕྲེང་བསྟར་བྱ་འགུལ་དེ་མགོ་འཛུགས་ས་གསར་པ་དང་གོ་སྐབས་སུ་བཟུང་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཚད་གགཞི་ནན་མོར་སྲུང་བ་དང་། རིག་གནས་ཡུལ་སྐོར་དང་ཚོང་དོན། ཁམས་གསོ་དང་ཞིང་ཕྱུགས། ལུས་རྩལ། ཞིབ་འཇུག་སློབ་སྦྱོང་བཅས་ཀྱི་ལས་རྣམ་མང་པོའི་ས་ཁོངས་ཡོངས་ཀྱི་སྤུས་ཚད་དང་ཤོང་ཚད་མཐོར་འདེགས་སུ་གཏོང་བར་གཅིག་གྱུར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ཡུལ་སྐོར་གྱི་རྣམ་པ་གསར་གཏོད་དང་འཛད་སྤྱོད་ཀྱི་གནས་གཙོ་བོ་བསྐྲུན་པ། འཕེལ་རྒྱས་ཀྱི་དགེ་མཚན་འདོན་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ཐོན་ལས་དེ་ཐོན་ཁུངས་ཀྱི་དགེ་མཚན་ནས་དཔལ་འབྱོར་གྱི་དགེ་མཚན་ལ་བརྒལ་བ་དང་། ཐར་ཐོར་ནས་ས་ཁོངས་ཡོངས་མཉམ་འགུལ་རིམ་བསྒྱུར་བྱེད་པ། སྲོལ་རྒྱུན་གྱི་ལྟ་སྐོར་ནས་ཉམས་ལེན་ཟབ་མོའི་ཕྱོགས་སུ་རིམ་སྤོར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

640.jpg

རྒྱུས་ལོན་པ་ལྟར་ན། བྱ་འགུལ་གྱི་སྐབས་སུ་མཚོ་ལྷོ་ཁུལ་གྱིས་སྨྱན་སྦྱོར་ལས་ཁུངས་དང་ཡུལ་སྐོར་ལས་དོན་ཁང་བརྒྱ་ལྷག་གིས་ས་ཁོངས་ཡོངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར། ཕུལ་བྱུང་རིག་རྩལ་འགྲེམས་སྟོན། མཐོ་སྒང་དམངས་སྲོལ་ལུས་རྩལ་འགྲན་བསྡུར། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་འཚོང་། མཐོ་སྒང་ཁམས་གསོའི་ཞིབ་འཇུག་སློབ་སྦྱོང་། ཡིག་རིས་བཅར་འདྲིའི་བྱ་འགུལ་སོགས་གཅིག་བསྡུས་སྒོས་སྤེལ་རྒྱུ་ཡིན་པ་དང་། དུས་མཉམ་དུ་མཚོ་ལྷོས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་དང་ཀྲུང་ཧྭའི་ཟས་མཆོག་སྟེ་མཚོ་སྔོན་གསོལ་སྟོན་གྱི་མཚོ་ལྷོའི་ཟས་རིགས་འཛད་སྤྱོད་ཟླ་བའི་དམངས་ཕན་ལས་གཞི་ཆེན་མོ་གཉིས་ལག་བསྟར་བྱ་རྒྱུ་རེད། ཁུལ་རིམ་པས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི1000བཏང་ནས་སིལ་ཚོང་དང་བཟའ་བཏུང་། མགྲོན་ཁང་། རིག་གནས་ཡུལ་སྐོར། ཞིང་ཕྱུགས་སོགས་ཞབས་ཞུའི་ལས་རིགས་ཆེན་པོ་བརྒྱད་ལ་ཁེབས་པར་བྱས་ཏེ། ས་ཁོངས་ཡོངས་ཀྱི་འཛད་སྤྱོད་ལ་གསོན་ཤུགས་སྩོལ་རྒྱུ་རེད། ཁུལ་གྱི་མགོ་ཁྲིད་ཀྲང་ཅུན་ལུའུ་དང་ཏེང་ཧྲེང་ཕེང་། བསོད་ནམས་བདེ་སྐྱིད། དེ་མིན་འབྲེལ་ཡོད་ཞིང་ཆེན་ཐིང་དང་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་གྱི་འགན་འཁུར་བློ་མཐུན། མཚོ་ལྷོ་རུ་ལས་སྒྲུབ་བྱས་མྱོང་བའི་མགོ་ཁྲིད་རྒན་པ་དང་ལས་བྱེད་རྒན་པའི་འཐུས་མི། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་སྦྱོར་ལས་ཁུངས་དང་ཞིང་ཆེན་གྱི་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ། ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་མགོ་རྩོམ་མཛད་སྒོར་ཞུགས།

640 (1).jpg


热门新闻

热门图库

热门排行