སྲིད་དོན། 详情

ཞུང་ཡོན་ལའེ་དང་དོན་གྲུབ་ཀྱིས་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའམ་ནན་ཅིང་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཀུའུ་ཉིང་ལ་མཇལ་འཕྲད་གནང་བ།

ཟླ7པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཟི་ལིང་ནས་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའམ་ནན་ཅིང་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཀུའུ་ཉིང་ལ་མཇལ་འཕྲད་གནང་ཞིང་། ས་ཁུལ་གྱི་སྨན་བཅོས་ཐོན་ཁུངས་རིམ་སྤོར་དང་བོད་སྨན་ཐོན་ཁུངས་གསར་སྤེལ། རིམ་པ་གསུམ་པའི་ཀ་རིམ་པའི་སྨན་ཁང་གསར་གཏོད། དེ་མིན་ས་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་སོགས་ལ་དམིགས་ནས་བཞུགས་མོལ་གནང་བ་རེད།

ཞུང་ཡོན་ལའེ་དང་དོན་གྲུབ་ཀྱིས་ཀུའུ་ཉིང་ཡོན་ཧྲི་མཚོ་སྔོན་དུ་གཟིགས་ཞིབ་ཕེབས་པར་དགའ་བསུ་ཞུས་པ་དང་། ཅང་སུའུ་ཞིང་ཆེན་གྱིས་ཡུན་རིང་བོར་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས། ཉེ་བའི་ལོ་ཤས་རིང་། མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་གཞི་ཚུགས་ཏེ། ཁ་གཏད་རོགས་སྐྱོར་གྱི་སྟེགས་བུ་དང་ས་ཁུལ་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། ཆེད་མཁས་པས་སྣེ་ཁྲིད་པ་དང་རྐང་འཛིན་པའི་འཇོན་ནུས་མཐོར་འདེགས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་རིམ་པ་གསུམ་གྱི་ཤེས་ལྡན་མི་གསོ་སྐྱོང་མ་ལག་བསྐྲུན་པ་དང་། ཞིང་ཆེན་རིམ་པའི་ས་ཁུལ་གྱི་སྨན་བཅོས་ལྟེ་གནས་བསྐྲུན་ནས་བཀོལ་སྤྱོད་བྱས་པ། བོད་ལུགས་སྨན་ལུམས་རྒྱལ་ཁབ་རིམ་པའི་བཅོས་སྐྱོང་ལྟེ་གནས་དང་བོད་སྨན་སྡེབ་སྦྱོར་ལྟེ་གནས2།རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ཚན3བཅས་བདེ་བླག་ངང་བཙུགས་པ་དང་། བོད་ལུགས་གསོ་རིག་གི་ཕྱི་བཅོས་སོགས་ཁྱད་ཆོས་ལྡན་པའི་ལག་རྩལ45བཅས་ཁྱབ་གདལ་དུ་བཏང་བས། སྨན་བཅོས་ཞབས་ཞུའི་ནུས་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱས་ཡོད། ཀུའུ་ཉིང་ཡོན་ཧྲི་འཁོར་དང་བཅས་པས་མཐོ་སྒང་གི་སྙིང་ཁམས་ཁྲག་རྩའི་ནད་རིགས་མཉམ་ལས་ཀྱི་སྔོན་འགོག་དང་བཅོས་སྐྱོང་། བོད་སྨན་གྱི་བདེ་ཐང་ཐོན་རྫས་གསར་སྤེལ་སོགས་ལ་དམིགས་ནས་མཛུབ་སྟོན་དང་འབྲེལ་འདྲིས་ལ་ཤུགས་སྣོན་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་བ་དང་། ཡོན་ཧྲི་འཁོར་དང་བཅས་པས་རང་རེའི་ཁུལ་གྱི་སྨན་བཅོས་སྒྲིག་གཞིའི་མཉམ་ལས་ཚན་རིག་ཞིབ་འཇུག་ས་ཚིགས་འཛུགས་པ་དང་། ས་གནས་ཀྱི་ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་ལ་རོགས་རམ་བྱས་ཏེ། མཐོ་སྒང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རོགས་འདེགས་བྱེད་པར་རེ་བ་ཆེན་པོ་བཅངས་ཡོད་ཅེས་བསྟན།

ཀུའུ་ཉིང་ཡོན་ཧྲིས་མཚོ་ལྷོ་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་མ་འོངས་པར་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་ཐུགས་ཁུར་དང་དོ་སྣང་བྱེད་པ། མཚོ་ལྷོ་ཁུལ་ལ་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་དགེ་མཚན་ལྡན་ལ། བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་ཡོད་པས། མཐོ་སྒང་གི་ནད་རིགས་སྔོན་འགོག་དང་བཅོས་སྐྱོང་བྱེད་པར་བོད་སྨན་ཐོན་ཁུངས་ལ་གཞི་བཅོལ་ནས། སྔོན་ཐོན་ལག་རྩལ་གྱིས་སྐུལ་འདེད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་རོགས་སྐྱོར་བཅས་བྱས་ཏེ། བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་གཉིས་ཟུང་འབྲེལ་དམ་པོ་བྱས་ནས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རིམ་སྤོར་ལ་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་བསྟན།

ཁུལ་གྱི་མགོ་ཁྲིད་པ་ལིའུ་ཡན་དང་ཏེང་ཧྲེང་ཕེང་བཞུགས་མོལ་ཚོགས་འདུ་ལ་ཞུགས།


热门新闻

热门图库

热门排行