རྒྱལ་སྤྱི། 详情

ཞི་ཅིན་ཕིང2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཐོ་རིམ་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གཙོ་དོན་གསུང་བཤད་གནང་བ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་འཛམ་གླིང་མགྲོན་བསུ་ཁང་དུ2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཐོ་རིམ་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གཙོ་དོན་གསུང་བཤད་གནང་།

ཧོང་ཕུའུ་གཙང་པོའི་འགྲམ་དུ། རྦ་རླབས་གསར་བ་འཕྱུར། འཛམ་གླིང་མགྲོན་བསུ་ཁང་དུ་སྐུ་མགྲོན་མང་པོ་ལྷན་དུ་འཛོམས།

   ཞི་ཅིན་ཕིང་གིས་ཚོགས་ཞུགས་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ། རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་བཅས་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན།

   ཟླ7པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་འཛམ་གླིང་མགྲོན་བསུ་ཁང་དུ2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཐོ་རིམ་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གཙོ་དོན་གསུང་བཤད་གནང་། འདི་ནི་ཞི་ཅིན་ཕིང་གིས་ཚོགས་ཞུགས་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ། རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་བཅས་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པའི་ཚུལ་རེད།

   སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་ཁ་བྱང་ལ《ལག་གདང་སྦྲེལ་ནས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་འཛུགས་དགོས》ཞེས་པའི་གཙོ་དོན་གསུང་བཤད་གནང་།

   ཟླ7པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་འཛམ་གླིང་མགྲོན་བསུ་ཁང་དུ2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཐོ་རིམ་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གཙོ་དོན་གསུང་བཤད་གནང་།

   ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་སྒོས་ཐོད་བརྒལ་བྱུང་ལ། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ལག་རྩལ་གསར་གཏོད་དེ་སྔ་ན་མེད་པའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་པས། གོ་སྐབས་ཧ་ཅང་ཆེན་པོ་འདོན་སྤྲོད་བྱས་ཡོད་པར་མ་ཟད། བཅོས་སྐྱོང་གི་འགྲན་སློང་ལ་ཡང་འཕྲད་ཡོད།

   འཕྲུལ་འཁོར་གྱིས་བསམ་གཞིགས་གཏོང་མགོ་བརྩམས་ཚེ། མིའི་རིགས་ཇི་ལྟར་དེ་དང་མཉམ་གནས་བྱེད་པ་དང་། རྩི་ཐབས་ཐབས་ཇུས་ཁྲོད་ཞུགས་དུས་བདེ་འཇགས་ལ་ཇི་ལྟར་འགན་སྲུང་བྱེད་དགོས་པ། ལག་རྩལ་གྱིས་མི་ཆོས་དང་འགྲན་སློང་བྱས་ཚེ། བཅོས་སྐྱོང་ཇི་ལྟར་བྱེད་པ། བར་ཐག་ཇེ་ཆེར་འགྲོ་དུས་ཀུན་ཕན་ཇི་ལྟར་མངོན་འགྱུར་བྱེད་པ་བཅས་ཀྱི་དུས་རབས་ཀྱི་དྲི་བར་མིའི་རིགས་ཀྱིས་ཐད་ཀར་བསམ་གཞིགས་མི་གཏོང་ཐབས་མེད་བྱུང་། ཀྲུང་གོ་ཕྱོགས་ཀྱིས་བལྟས་ན། རྒྱལ་ཁབ་སོ་སོས་མི་རྩ་བར་འཛིན་པ་དང་ཡར་བརྩོན་དགེ་སྒྲུབ་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། མི་ཐབས་རིག་ནུས་དེ་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཏེ་ལག་གདང་སྦྲེལ་ནས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་འཛུགས་དགོས་པར་འདོད།

   ཞི་ཅིན་ཕིང་གིས་དེའི་ཐད་བསམ་འཆར་ཁག་བཞི་བཏོན་པ་སྟེ། དང་པོ། སྒོ་འབྱེད་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕྲད་དཀའ་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ནས། ཐོན་ཁུངས་སྒོ་འབྱེད་དང་མཉམ་ལས་མཉམ་སྤྱོད་ལ་སྐུལ་མ་གཏོང་བ་དང་། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས། ལྗོངས་རྣམ་བཀོལ་སྤྱོད་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མཐུན་སྦྱོར་ངང་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་དང་གསར་དར་ཐོན་ལས་གསོ་སྐྱོང་རྒྱ་སྐྱེད། འབྱུང་འགྱུར་ཐོན་ལས་མདུན་ལྟ་བཀོད་སྒྲིག་བཅས་བྱས་ཏེ། མི་ཐབས་ཀྱི་རིག་ནུས་ཀྱིས་ལས་རིགས་སྣ་ཚོགས་ཐད་ནུས་པ་འདོན་ཐུབ་པར་བྱེད་དགོས།

   གཉིས་པ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བདེ་འཇགས་དང་ཚོད་འཛིན་ཐུབ་པར་འགན་སྲུང་བྱེད་དགོས། མི་ཐབས་རིག་ནུས་ལས་བྱུང་བའི་ནང་སྐྱེས་དང་མཆེད་འབྱུང་གི་ཉེན་ཁ་སྣ་ཚོགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་ལག་རྩལ་ལྟ་ཞིབ་ཚད་ལེན། ཉེན་ཁ་སྔོན་བརྡ། འཕྲལ་བསྟུན་དང་ལེན་བཅས་ཀྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ། བདེ་འཇགས་ཀྱི་ཚད་མཐའ་ཇེ་བརྟན་དུ་གཏོང་བ། གང་འདོད་དུ་སྤྱོད་རྒྱུར་དོགས་ཟོན་བཅས་བྱས་ནས། མི་ཐབས་རིག་ནུས་ལ་མིའི་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚོད་འཛིན་བྱེད་ཐུབ་པར་འགན་སྲུང་བྱེད་དགོས། མི་ཐབས་རིག་ནུས་ཁྱབ་ཁོངས་སུ་རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་རྒྱ་ཆེར་འགྱུར་བ་དང་རང་རྒྱལ་ཀྱི་བདེ་འཇགས་དེ་རྒྱལ་ཁབ་གཞན་པའི་བདེ་འཇགས་ཀྱི་སྟེང་དུ་འཇོག་པའི་བྱེད་ཐབས་ལ་མཉམ་དུ་ངོ་རྒོལ་བྱེད་དགོས།

   གསུམ་པ། དཀྱེལ་ཡངས་མཉམ་འདྲེས་ལ་སྐུལ་མ་བཏང་ནས་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས།མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལ་བརྟེན་ནས་མི་ཐབས་རིག་ནུས་ཀྱི་རིན་ཐང་ལྟ་བ་བསྐྲུན་པ་དང་། མི་ཐབས་རིག་ནུས་ལག་རྩལ་སྤྱད་དེ་རིག་གནས་མི་འདྲ་བའི་བར་གྱི་རྒྱུས་ལོན་དང་བཟོད་སྒོམ་ཆེ་རུ་གཏོང་བ། རིག་གནས་མི་འདྲ་བའི་བར་བརྗེ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་གཞན་གཉིས་ཀྱི་མཛེས་པ་མཉམ་སྤྱོད་བྱེད་པའི་རིག་གནས་སྣ་འཛོམས་ཀྱི་ལྡུམ་ར་ཞིག་གསོ་སྐྱོང་བྱེད་དགོས།

བཞི་པ། སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ཁག་སེལ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ། མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་བཅོས་སྐྱོང་སྒྲིག་ལམ། ལག་རྩལ་ཚད་གཞི་བཅས་ཀྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་པ། རྒྱ་ཁྱབ་ཀྱི་ཐུན་མོང་ལྟ་བ་ཡོད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲོམ་གཞི་སྔ་མོ་ནས་གྲུབ་པར་བྱེད་པ་བཅས་བྱས་ཏེ་སྔོན་ཐོན་གྱི་ལག་རྩལ་འདིས་མིའི་རིགས་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་དུ་འཇུག་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པར་རོགས་རམ་བྱེད་པ་དང་། གྲངས་རིག་གི་བར་ཐག་མེད་པར་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ལོ་རྒྱུས་ཀྱི་དྲང་གཞག་མིན་པའི་སྣང་ཚུལ་གསར་པ་མི་འབྱུང་བར་བྱེད་དགོས།

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོའི"ལོ་ལྔའི་འཆར་འགོད་བཅོ་ལྔ་པ"མགོ་རྩོམ་པའི་ལོ་ཡིན། "ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འཆར་འགོད་ཀྱིས་མ་འོངས་པའི་ལོ་ལྔའི་རིང་གི་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འཆར་གཞི་བཀོད་ཡོད་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་སྐབས་ཀྱི་གསལ་ཁྲ་ཡང་འདོན་སྤྲོད་བྱས་ཡོད། ཉེ་བའི་ལོ་འགའི་རིང་། ཀྲུང་གོས་ནུས་ལྡན་ཁྲོམ་ར་དང་ནུས་ལྡན་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་བསྣན་པར་མ་ཟད།"མི་ཐབས་རིག་ནུས་དང"འབྲེལ་བའི་འགུལ་སྐྱོད་ལ་སྐུལ་འདེད་བཏང་ལ། རིགས་མི་འདྲ་བའི་གཙོ་གཞི་སྣ་ཚོགས་མཉམ་གནས་མཉམ་དར་བྱེད་པའི་བདེ་ཐང་གི་སྐྱེ་ཁམས་གསོ་སྐྱོང་བྱས་པས། རིག་ནུས་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་ཁྲག་ཆེན་ལས་བརྒལ་ཏེ། "ཀྲུང་གོའི་རིག་སྐྲུན"དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མིང་བྱང་གཞན་ཞིག་ཏུ་གྱུར་ཡོད།དུས་མཚུངས་སུ་ཀྲུང་གོས་འཕེལ་རྒྱས་དང་བདེ་འཇགས་གཉིས་ཀར་མཐོང་ཆེན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ལམ་ལུགས། བཀོལ་སྤྱོད་ཚད་གཞི། ཀུན་སྤྱོད་ཚད་གཞི་བཅས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས།མི་ཐབས་རིག་ནུས་བདེ་འཇགས་དང་བློས་འགེལ་ཆོག་པ།ཚོད་འཛིན་ཐུབ་པ་བཅས་ཡོང་བར་འགན་ལེན་བྱས།འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས།ཀྲུང་གོས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་མཁན་བྱས་ནས་རྒྱུན་ཆད་མེད་པར་ཀྲུང་གོའི་ཇུས་གཞི་འབུལ་བཞིན་ཡོད།

   ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་མང་པོའི་ཐུན་མོང་གི་འབད་བརྩོན་འོགའཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་དུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཧྲང་ཧའེ་རུ་བཙུགས། དེ་ནི་ཀྲུང་གོས་འཛམ་གླིང་ལྷོ་ཕྱོགས་ཀྱི་འབོད་སྐད་དང་ལེན་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཐུན་སྒྲིལ་བྱས་ནས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མི་ཐབས་རིག་ནུས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་ངེས་ཡིན། འཛམ་གླིང་གི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་སྔར་ལས་རྒྱབ་སྐྱོར་དང་འཛམ་གླིང་མི་ཐབས་རིག་ནུས་ཀྱི་ནུས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། མ་འོངས་པའི་ལོ5ཡི་ནང་། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མི་ཐབས་རིག་ནུས་ཀྱི་ཆེད་དོན་ཞིབ་འཇུག་ཟབ་སྦྱོང་གི་གསོ་སྦྱོང་མི་གྲངས5000མཁོ་འདོན་བྱ་རྒྱུ་ཡིན་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཨ་རབ་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ།   ལ་ཏེན་མེ་གླིང་ཐུན་མོང་ཚོགས་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་བཅས་ལ་ཁ་ཕྱོགས་ཏེ་རྒྱལ་སྤྱིའི་མི་ཐབས་རིག་ནུས་ཉེར་སྤྱོད་མཉམ་ལས་ལྟེ་གནས་བསྐྲུན་རྒྱུ་དང་། གནམ་གཤིས་ཀྱི་རིག་ནུས་ཉེན་ཟོན་སྔོན་བརྡའི་ཇུས་གཞི"མ་ཙུའུ"རྒྱལ་ཁབ30རུ་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་སྔར་ལས་སྒོ་འབྱེད་ཀྱི་རྣམ་འགྱུར་དང་སྔར་ལས་དངོས་གཉེར་གྱི་འགུལ་སྐྱོད། སྔར་ལས་རྒྱང་རིང་བའི་མིག་རྒྱང་བཅས་ལ་བརྟེན་ནས། ཕྱོགས་སོ་སོ་དང་མཉམ་དུ་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་འགྲན་སློང་ལ་ཁ་གཏད་འཇལ་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་སྤྱི་ཚོགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་འདོད་ཡོད།

ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ། ཐེ་ཀོའི་ཙུང་ལི་ཨ་ནུའུ་ཐིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཁོ་ཚོས་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་ཧྲང་ཧའེ་རུ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་མིས་ཐབས་རིག་ནུས་འཛམ་གླིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་དང་བྱེད་ཐབས་ལ་ཕྱིར་ལན་ཞུས། ཕྱོགས་སོ་སོས་བསྟན་དོན། མི་ཐབས་རིག་ནུས་དེ་མིའི་རིགས་འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་སུ་འགྱུར་བའི་རེ་བ་ཡོད་ལ། ཉེན་ཁ་ཡང་གནས་ཡོད། ཀྲུང་གོས་རིག་ནུས་དགེ་སྒྲུབ་དང་ཀུན་ཕན་དཀྱེལ་ཡངས། བདེ་འཇགས་ཚོད་འཛིན་ཐུབ་པ་བཅས་དར་སྤེལ་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འབྲེལ་ཡོད་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་པར་རོགས་རམ་བྱས་པ་དང་། མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་བ་དེས་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཡོད། མི་ཐབས་རིག་ནུས་ལག་རྩལ་དེ་རྒྱལ་ཁབ་ཁག་གིས་མཉམ་སྤྱོད་མཉམ་བཅོས་བྱེད་དགོས་ལ། དེས་རྒྱལ་ཁབ་ཡོངས་ལ་འདྲ་མཉམ་ཀུན་ཕན་ཡོང་བར་བྱེད་པ་དང་། མིའི་རིགས་ཡོངས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་ཞབས་འདེགས་ཞུས་ནས་འཛམ་གླིང་གི་རིག་རྩིས་འཕེལ་རྒྱས་དང་ལྷོ་བྱང་འཕེལ་རྒྱས་བར་གྱི་ཧེ་བག་མེད་པར་བཟོ་དགོས། མི་ཐབས་རིག་ནུས་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་རྒྱལ་ཁོངས་ལས་བརྒལ་ཡོད་པས། ཕྱོགས་སོ་སོས་ལག་གདང་སྦྲེལ་ནས་མཉམ་ལས་སྟངས་འཛིན་དང་ཁ་གཏད་གཅོག་དགོས། འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་ཀྱིས་དེའི་ཐད་ནུས་པ་གལ་ཆེན་བཏོན་ནས། སྒོ་འབྱེད་དཀྱེལ་ཡངས་དང་འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་བརྒྱུད་དེ་བདེ་འཇགས་དང་དར་རྒྱས། རྒྱལ་ཁབ་གཅིག་ཀྱང་ཆད་ལུས་མེད་པའི་མཛེས་སྡུག་གི་མ་འོངས་པ་མཉམ་དུ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད་ལ། བསྐྲུན་ཐུབ་པའི་ཡིད་ཆེས་ཀྱང་ཡོད།

   ཚོགས་ཆེན་སྟེང《2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་འཛམ་གླིང་བཅོས་སྐྱོང་གི་མཐོ་རིམ་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་གསལ་བསྒྲགས》སྤེལ།

ཟླ7པའི་ཚེས16ཉིན་གྱི་དགོང་མོར། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་འཛམ་གླིང་མགྲོན་བསུ་ཁང་དུ་ཚོགས་ཞུགས་རྒྱལ་སྤྱིའི་སྐུ་མགྲོན་ཚོར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

  ཚའེ་ཆི་དང་ཏིང་ཞུའེ་ཞང་། ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།

  ཁྲེན་ཅི་ཉིང་གིས་མགོ་རྩོམ་མཛད་སྒོར་མགོ་འཛིན་གནང་། །


热门新闻

热门图库

热门排行