གནད་བསྡུས། 详情

ཅང་སུའུ་ཡི་ཁེ་ལས་པ་མཚོ་ལྷོར་བསྐྱོད་པ་ཞེས་པའི་ཐོན་ལས་འོས་སྦྱོར་བཞུགས་མོལ་ཚོགས་འདུ་བསྡུས།

ཟླ7པའི་ཚེས16ཉིན་གྱི་སྔ་དྲོར། ཅང་སུའུ་ཡི་ཁེ་ལས་པ་མཚོ་ལྷོར་བསྐྱོད་པ་ཞེས་པའི་ཐོན་ལས་འོས་སྦྱོར་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཚོགས་འདུ་ལས་ཅང་སུའུ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗང་མདོག་གློག་རྩིས་མཉམ་ལས་དང་ནུས་ཁུངས་གཙང་མ། སྐྱེ་ཁམས་ཞིང་ཕྱུགས། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་གཙོ་གནད་ཐོན་ལས་སྟོབས་ཆེར་གཏོང་རྒྱུར་དམིགས་ནས། ཅང་སུའུ་ཡི་ཁེ་ལས་པའི་མཉམ་ལས་ཀྱི་འདོད་བློར་ཉན་པ་དང་མཉམ་ལས་འབྲེལ་འདྲིས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། ཡུལ་བབ་དང་མཐུན་པའི་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་རིང་གི་མཚོ་ལྷོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འདོན་སྤེལ་བྱས། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་མགོ་འཛིན་བྱས།

ཚོགས་འདུ་ལས་ཅང་སུའུ་ཞིང་ཆེན་ཚོང་དོན་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡུའུ་ཝུན་ཆིང་དང་ཝན་པེང་གྲངས་འཛིན་ནུས་ཁུངས་མ་རྐང་ཚད་ཡོད་ཀུང་ཟི། ཅང་སུའུ་ཝེ་ལའེ་དྲ་ལམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་དྲུག་གི་འགན་འཁུར་བས་མཚོ་ལྷོར་རྟོག་ཞིབ་བྱས་པའི་མྱོང་ཚོར་བརྗོད་དེ་མཚོ་ལྷོར་མ་དངུལ་གཏོང་བའི་ཡིད་ཆེས་དང་ཆོད་སེམས་བསྟན་པར་མ་ཟད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རྒྱུ་རྐྱེན་འགན་སྲུང་། ཆོག་མཆན་ཞབས་ཞུ་སོགས་ཀྱི་ཐད་ནས་བྱེ་བྲག་གི་རེ་ཞུ་བཏོན། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་ཆ་འཕྲིན་ཅུའུ། རང་བྱུང་ཐོན་ཁུངས་ཅུའུ། སྐྱེ་ཁམས་ཁོར་ཡུག་ཅུའུ། ཞིང་ཕྱུགས་ཅུའུ། རིག་གནས་ཡུལ་སྐོར་ཅུའུ། གཞི་གྲངས་ཅུའུ་སོགས་ཁུལ་ཐད་གཏོགས་སྡེ་ཁག་གིས་རང་རང་གི་འགན་ནུས་དང་ཟུང་འབྲེལ་བྱས་ནས་རེ་རེར་བཞིན་ལན་སློག་པ་རེད། ཞུང་ཡོན་ལའེ་ཡིས་ཉན་ཞོར་དང་ཟིན་བྲིས་འགོད་ཞོར་དུ་ལན་རེར་ཁེ་ལས་པ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་ཏེ། འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཀྱི་བསམ་ཚུལ་དང་དཀའ་ཁག་དག་ནན་ཏན་སྒོས་ལེགས་སྒྲིག་ཞིབ་འཇུག་བྱས་ཏེ་སྲིད་ཇུས་ཇེ་ལེགས་དང་ཞབས་ཞུ་ལེགས་སྒྱུར། བྱ་བར་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱེད་ཐབས་སུ་བསྒྱུར་དགོས་ཞེས་བླང་བྱ་བཏོན།

ཚང་མའི་གཏམ་བཤད་ལ་ནན་ཏན་ངང་ཉན་རྗེས་ཞུང་ཡོན་ལའེ་ཡིས་ཅང་སུའུ་ཡི་ཁེ་ལས་པ་མཚོ་ལྷོར་བསྐྱོད་པའི་བྱ་འགུལ་ནི་ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་གཏིང་ཟབ་ཏུ་བཏང་བར་མ་ཟད། ས་གནས་གཉིས་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་དགེ་མཚན་གསབ་རེས། ཐོན་ལས་གོང་སྤེལ། འཕེལ་རྒྱས་གཉིས་ཕན་ཡོང་བའི་དངོས་སྒྲུབ་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་དང་ཐོན་ལས། ས་ཁོངས། སྲིད་ཇུས་བཅས་ཀྱི་དགེ་མཚན་མང་པོའི་མཉམ་ཤུགས་དང་། ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་གྱི་ཐུན་མོང་མ་ཡིན་པའི་ཕན་ཁེ་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་སྔར་བས་སྲ་བརྟན་དང་། ཐོན་ལས་འཕེལ་རིམ་སྔར་བས་གསལ་བ། སྒོ་འབྱེད་ཀྱི་བག་ཤུགས་སྔར་བས་མངོན་གསལ་ཡིན་པས། ཅང་སུའུ་ཡི་ཁེ་ལས་པ་མཉམ་དུ་ཚོང་ལས་མཉམ་ལས་ཀྱི་མདུན་ལྗོངས་ཡངས་མོ་ཞིག་དང་གོ་སྐབས་བཟང་པོ་ཞིག་ལྡན་ཡོད། རྒྱ་ཆེའི་ཅང་སུའུ་ཡི་ཁེ་ལས་པ་ཡོངས་ཀྱིས་མུ་མཐུད་དུ་མཚོ་ལྷོར་རྒྱབ་སྐྱོར་བྱེད་པ་དང་མཚོ་ལྷོར་མ་དངུལ་འཇོག་པ། མཚོ་ལྷོར་གཞི་འཛུགས་པ། མཚོ་ལྷོར་ནུས་པ་སྩོལ་བ་བཅས་བྱས་ཏེ། མཚོ་ལྷོའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཅང་སུའུ་ཡི་ཁེ་ལས་པའི་ཐོན་ལས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་ཐོན་ལས་ལས་གཞིའི་བཀོད་པ་རྒྱ་བསྐྱེད་པ་དང་ཡན་ལག་ཚོགས་པར་སྐུལ་འདེད་བཏང་ནས། ཐོན་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་ཀྱི་དགེ་མཚན་དང་དཔལ་འབྱོར་གྱི་དགེ་མཚན། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་སུ་བསྒྱུར་དགོས་པའི་རེ་བ་བཏོན།

ཞུང་ཡོན་ལའེ་ཡིས་བཤད་རྒྱུར། མཚོ་ལྷོ་ཁུལ་གྱིས་དུས་ནམ་ཡང་ཚོང་ལས་ལ་མཐོང་ཆེན་བྱེད་པ་དང་ཚོང་ལས་ལ་འབྲེལ་འདྲིས་བྱེད་པ། ཚོང་ལས་ལ་ཁོར་ཡུག་ལེགས་པོ་བསྐྲུན་པ། ཚོང་ལས་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཞབས་ཞུའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཚོང་གཉེར་གྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། སྤུས་ལེགས་ཞབས་ཞུར་སྐུལ་འདེད་གཏོང་བ། ལས་གཞིའི་འབྲེལ་མཐུད་དང་རྒྱུ་རྐྱེན་གཙོ་བོ་འགན་སྲུང་། དཀའ་ངལ་སེལ་བ་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྷག་པར་དུ་ཆུ་གློག་ལམ་རླངས་དང་ཚད་ལྡན་ཅན་གྱི་བཟོ་ཁང་གི་སྒྲིག་བཀོད་སོགས་རྨང་གཞིའི་ཞབས་ཞུ་ལེགས་པོར་བསྒྲུབ་ནས་སྲིད་ཇུས་ཀྱི་ཕན་ཁེ་གནད་འཁེལ་གྱིས་ལོངས་སྤྱོད་ཐུབ་པར་བྱས་ཏེ། མཚོ་ལྷོར་ཡོང་བའི་ཁེ་ལས་པ་ཡོངས་ཀྱིས་བློ་བདེའི་ངང་མ་དངུལ་འཇོག་པ་དང་བྱ་གཞག་གསར་གཏོད། འཕེལ་རྒྱས་ཡོང་བ་བཅས་བྱ་དགོས་ཞེས་བསྟན།

དོན་གྲུབ་ཀྱིས་མགོ་འཛིན་བྱེད་སྐབས་མཚོ་ལྷོ་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་དང་ཕུན་སུམ་ཚོགས་པའི་ནུས་ཁུངས་གཙང་མ། ཁྱད་ཆོས་ལྡན་པའི་སྤུས་ལེགས་ཐོན་ལས། འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་མོ་བཅས་ནི་མདོ་དབུས་མཐོ་སྒང་གི་ལྗང་མདོག་རིམ་སྒྱུར་དང་ཐོན་ལས་རིམ་སྤར། གསར་གཏོད་འཕེལ་རྒྱས་བཅས་ཀྱི་མ་གཏོང་བྱེད་ས་གཙོ་བོ་ཞིག་ཡིན་པ་དང་། མཚོ་ལྷོ་ཁུལ་གྱིས་རེ་ཞུ་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་གཞིའི་འཛུགས་སྐྲུན་གྱི་འགག་སྒྲོལ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་གཞོགས་འདེགས་བྱ་དགོས་ཞེས་བསྟན། ཁེ་ལས་པ་རྣམས་ཀྱིས་མ་དངུལ་འཇོག་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གནས་མཆོག་མཚོ་ལྷོར་རྐང་བཙུགས་ཏེ། ཅང་སུའུ་ཡི་ཐོན་ལས་དང་མ་རྩ། ལག་རྩལ། འཇོན་མི། དོ་དམ་སོགས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་རང་ཁུལ་གྱི་སྐྱེ་ཁམས་དང་ཐོན་ཁུངས། ས་ཁོངས། སྲིད་ཇུས་བཅས་ཀྱི་དགེ་མཚན་མཉམ་བསྲེས་བྱེད་པ་དང་། ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས། ཁྱད་ལྡན་ཞིང་ཕྱུགས་ལས་སྣོན། རིག་གནས་ཡུལ་སྐོར་མཉམ་འདྲེས། ལྗང་མདོག་ཐཱན་ཉུང་སོགས་གཙོ་གནད་ཁྱབ་ཁོངས་སུ་ལས་དོན་ལེགས་པོར་སྒྲུབ་པ་དང་མ་གཏོང་གི་བཀོད་པ་རྒྱ་སྐྱེད་པ། ཐོན་ལས་འཕར་ཚད་ཆེ་རུ་གཏོང་བ། མཉམ་འབྲེལ་གྱི་ཚོང་རྟགས་ཇེ་ལེགས་སུ་གཏོང་བ་བཅས་བྱ་དགོས་ཞེས་རེ་བ་བཏོན།

ཚོགས་ཞུགས་ཁེ་ལས་པ་རྣམས་ཀྱིས་གཅིག་མཐུན་གྱིས་བཤད་རྒྱུར། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བཟུང་སྟེ། འབྲེལ་འདྲིས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁེ་ལས་གྲགས་ཅན་དང་སྤུས་ལེགས་ལས་གཞི་མཚོ་ལྷོར་དོན་འཁྱོལ་བྱ་རྒྱུར་འོས་སྦྱོར་བྱས་ཏེ། ཅང་སུའུ་དང་མཚོ་སྔོན་ས་གནས་གཉིས་ཀྱི་ཐོན་ལས་མཉམ་ལས་དེ་ཕྱོགས་གཉིས་ཀར་ཕན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཁུལ་གྱི་མགོ་ཁྲིད་ཏེང་ཧྲེང་ཕེང་དང་ཅང་ཏུང་མའེ་གཉིས་བཞུགས་མོལ་ཚོགས་འདུར་ཞུགས།

热门新闻

热门图库

热门排行