ཁྲི་ཀ་རྫོང་གི་སྔོ་ལྡུམ་གླང་རྔར་ལོ་ལེགས་བྱུང་བ།
ཟླ7པའི་ཚེས13ཉིན། ཁྲི་ཀ་རྫོང་ཀ་རིང་གཞུང་ཧུའེ་རིགས་ཞང་སྦྲུལ་ལྕེ་སྡེ་བས་སྔོ་ལྡུམ་གླང་རྔ་བསྡུ་བའི་དུས་ཚིགས་བསུས། སྡེ་མི་རྣམས་ཀྱིས་གསར་དུ་བཏུས་པའི་སྔོ་ལྡུམ་གླང་རྔ་བསྡམས་ཏེ་ཀན་སུའུ་ཞིང་ཆེན་ཡུང་ཏེང་རྫོང་དུ་སྐྱེལ་བཞིན་ཡོད།

ལོ་འདི་འགར།ཁྲི་ཀ་རྫོང་གིས་མཐོ་སྒང་གི་གྲང་འཁྱག་སྔོ་ཚོད་ཐོན་ལས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། མཐོངས་ཡངས་སྔོ་ཚོད་དང་འབྲུ་རིགས་ལོ་ཏོག་སོགས་ཐོན་ལས་རྟེན་གཞི་ཆེན་པོ་ལྔ་བསྐྲུན་ཏེ་སྒོག་མྱུག་དང་སྔོ་ལྡུམ་གླང་རྔ། ཀོང་ཚལ་སོགས་ཁྱད་ལྡན་སྔོ་ཚོད་སྤྱི་ཆིང3240བཏབ་པ་དང་། དེའི་ནང་གི་སྦྲུལ་ལྕེ་སྡེ་བའི་མཐོ་སྒང་གི་དབྱར་ཚོད་འདེབས་འཛུགས་རྒྱ་ཁྱོན2017ལོ་ལས་ལྡབ10འཕར་ཡོད་པས། སྔོ་ལྡུམ་གླང་རྔ་འདེབས་པ་དེ་རྒྱལ་ཡོངས་ཀྱི“སྡེ་བ་གཅིག་ལ་ཐོན་རྫས་གཅིག”གི་དཔེ་སྟོན་ལས་གཞི་ཞིག་ཏུ་གྱུར་ཡོད། ཐོན་རྫས་རྣམས་སི་ཁྲོན་དང་ཀན་སུའུ་སོགས་སུ་བཙོང་བཞིན་ཡོད། ཀ་རིང་གཞུང་ཞང་གི་མཐོ་སྒང་དབྱར་ཚོད་སྤྱི་ཆིང400ལྷག་བཏབ་པ་དེས“རྟེན་གཞིས་དཔེ་སྟོན་སྣེ་ཁྲིད་དང་མང་ཚོགས་རྒྱ་ཁྱབ་ངང་ལས་ཞུགས་བྱེད་པའི”འདེབས་འཛུགས་རྣམ་པ་ཆགས་ནས་ལས་མི400ལྷག་ཙམ་བསྡུ་ལེན་བྱས་ཡོད།

