རྒྱལ་སྤྱི། 详情

ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་བ།

ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཞི་ཅོ་མགྲོན་ཁང་དུ་ཀྲུང་གོར་ཕེབས་པའི2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་། མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་པ་མཐོ་བའི་ཚོགས་འདུར་ཞུགས་པའི་ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཞི་ཅོ་མགྲོན་ཁང་དུ་ཀྲུང་གོར་ཕེབས་པའི2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་། མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་པ་མཐོ་བའི་ཚོགས་འདུར་ཞུགས་པའི་ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ནི་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འཕེལ་རིམ་ཞིག་ཡིན་ལ། ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་འབྲེལ་བར་ཉམས་སད་ལོན་པ་དང་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་བྱས་ཡོད་པ་དང་། མཉམ་ལས་ཀྱི་བག་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་མངོན་པར་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུས་མ་ཐག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་འབད་འཐབ་བྱེད་སྐབས་འདུན་ལམ་འོད་སྟོང་ལྡན་པར་གཏོད་ཐུབ་པ་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པའི་རྩ་བ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་བློ་སྟོབས་ཆེན་པོས་བདེན་པ་དོན་གཉེར་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་འཛུགས་པ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ། འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ཤེས་པ། འཐབ་རྩོད་བྱེད་མཁས་པ་བྱེད་ཕོད་པ། རང་ཉིད་སྟོབས་ལྡན་དུ་འགྱུར་བར་དོ་སྣང་བྱེད་པ་སོགས་ཕུལ་བྱུང་གི་ཁྱད་ཆོས་ལྡན་ཡོད་པས་རེད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་སྒྲུབ་ཐུབ་པའི་གནད་འགག་གི་གསང་གྲངས་ཡིན། ཧ་སག་སི་ཐན་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་དམིགས་ནས་བཏོན་པའི་འཐབ་ཇུས་འཆར་འགོད་ཅིག་རེད། ཀྲུང་ཧ་ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་ལ། དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་།  ཐུན་མོང་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་ཀྲུང་ཧ་ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་།  གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཕྱོགས་གཉིས་ཀྱིས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཚོང་དོན་གྲུབ་ཆ་ཇེ་ལེགས་སུ་བཏང་ནས་རྒྱལ་མཚམས་བརྒལ་བའི་དྲ་ཐོག་ཚོང་དོན་དང་ཞབས་ཞུའི་ཚོང་དོན་གྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། ནུས་ཁུངས་གཏེར་ཁ་མཉམ་ལས་བྱེད་པ་རྒྱ་ཆེ་རུ་བཏང་ནས་གཙོ་གནད་རྣམ་གྲངས་དོན་འཁྱོལ་དང་ལག་བསྟར་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། ཕན་ཚུན་སྦྲེལ་མཐུད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཐད་འཕུར་དུས་གཏན་གནམ་གྲུ་ཇེ་མང་དུ་གཏོང་བ། རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱས་ཏེ། ཀྲུང་གོའི་ཕྱོགས་ཀྱིས་གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་མཉམ་སྤྱོད་བྱས་ནས་ཧ་སག་སི་ཐན་གྱི་གྲངས་འཛིན་ཅན་གྱི་ཚུལ་སྒྱུར་ལ་རམ་འདེགས་བྱེད་འདོད་ཡོད་ལ།“ཀྲུང་ཧའི་རིག་གནས་སྤེལ་རེས་ལོ”ལེགས་པོར་སྒྲུབ་ན་ས་སློབ་གསོ་དང་། ཚན་རྩལ། སྨན་བཅོས། འཕྲོད་བསྟེན། ལུས་རྩལ། སྨྱན་སྦྱོར་སོགས་ཀྱི་མཉམ་ལས་ལ་ཤུགས་བརྒྱབ་ནས།  མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་བསྟར་ནས། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྐྱེན་སྲོལ་སོགས་ཕྱོགས་མང་རྐྱེན་སྲོལ་ནང་དུ་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་གིས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།

ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཞི་ཅོ་མགྲོན་ཁང་དུ་ཀྲུང་གོར་ཕེབས་པའི2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་། མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་པ་མཐོ་བའི་ཚོགས་འདུར་ཞུགས་པའི་ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།

ཐུའོ་ཁ་ཡེ་ཧྥུའུ་ཡིས་བསྟན་དོན། གསར་གཏོད་ཀྱི་གསོན་ཤུགས་ལྡན་པའི་གྲོང་ཁྱེར་ཧྲང་ཧའེ་རུ་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་ལ་ཞུགས་ཐུབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་།  ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག  ཀྲུང་གོར་འཛམ་གླིང་གིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་བ་ཡིན། ཧ་སག་སི་ཐན་གྱིས་ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་འབྲེལ་བ་དེ་ཧ་སག་སི་ཐན་གྱི་ཕྱི་འབྲེལ་ཁ་ཕྱོགས་གཙོ་བོར་བརྩིས་ནས།  ཀྲུང་གོ་དང་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་གལ་ཆེན་དོན་འཁྱོལ་བྱ་རྒྱུར་ཡོངས་སུ་འཐད་པ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ཏེ། ཉོ་ཚོང་དང་དངུལ་གཏོང་། འགྲིམ་འགྲུལ། ནུས་ཁུངས། ཞིང་ལས། གྲངས་འཛིན་དཔལ་འབྱོར་སོགས་ཀྱི་ཐད་དངོས་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་དོན་དམ་པའི་གྲུབ་འབྲས་སྔར་ལས་མང་བ་ཐོབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དང་མིའི་རིགས་ཀྱི་ལས་བསྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་ལ་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཡ་གླིང་དབུས་མའི་རྐྱེན་སྲོལ། ཡ་གླིང་གི་རོགས་རེས་ཡིད་རྟོན་གྲོས་ཚོགས་སོགས་ཕྱོགས་མང་ལས་སྟེགས་སུ་ཆུ་ཚད་མཐོ་བའི་རོགས་ལས་མུ་མཐུད་དུ་རྒྱུན་འཁྱོངས་དང་། མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མཉམ་ལས་བྱས་ནས། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་དང་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

ཐུག་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དཔལ་འབྱོར་ཉོ་ཚོང་དང་འགྲིམ་འགྲུལ། ནོར་སྲིད། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པ་མ་ཟད་ཁྱབ་བསྒྲགས་གནང་བར་བདེན་དཔང་མཛད།

ཚའེ་ཆི་དང་། ཏིང་ཞུའེ་ཞང་། ཝང་དབྱི། ཁྲེན་ཅི་ཉིང་སོགས་གོང་གསལ་བྱེད་སྒོར་ཞུགས། །

热门新闻

热门图库

热门排行