གནད་བསྡུས། 详情

ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ཁུལ་དུ་ཡུལ་དངོས་བཅར་འདྲིའི་བྱ་འགུལ་སྤེལ་བ།

ཉེ་ཆར། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་རྩལ་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ནས།རང་ཁུལ་དུ་ཡོང་ནས་དུས་ཡུན་ཉིན་ལྔའི་རིང་གི་ཡུལ་དངོས་བཅར་འདྲིའི་བྱ་འགུལ་སྤེལ། ས་གནས་གཉིས་ཀྱི་རིག་རྩལ་ལས་དོན་པས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་བརྩམས་ཆོས་འགྲེམས་སྟོན། ཡུལ་དངོས་བཅར་འདྲི་སོགས་ཀྱི་རྣམ་པར་བརྒྱུད་ནས། ས་ཁོངས་བརྒལ་བའི་རིག་རྩལ་མཉམ་སྒྲུབ་སྒོས་མཐོ་སྒང་གི་རིག་རྩལ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པའི་སྐོར་གྲོས་བསྡུར་བྱས།

ཟླ7པའི་ཚེས14ཉིན། གཙང་པོའི་འབྱུང་ཁུངས་གཅིག་པ་དང་རིག་རྩལ་མཉམ་དར་ཞེས་པའི་བོད་ཡིག་ཡིག་གཟུགས་དང་པར་ལེན་བརྩམས་ཆོས་འགྲེམས་སྟོན་བྱ་འགུལ་དེ་ཁུལ་རིག་གནས་སྨྱན་སྦྱོར་ཐང་ཆེན་ནས་མགོ་བརྩམས་ལ། ཁུལ་གཉིས་ཀྱིས་པར་རིས་དང་ཡིག་གཟུགས་བརྩམས་ཆོས200ལྷག་བཀྲམས་ནས། ཟུར་མི་འདྲ་བའི་སྒོ་ནས་མཐོ་སྒང་གི་སྐྱེ་ཁམས་མཛེས་ལྗོངས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ངོམས་པས་མང་ཚོགས་ཀྱིས་དགའ་བསུ་བྱེད་བཞིན་ཡོད། 

ཀན་ལྷོ་ཁུལ་པར་ལེན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཏིན་ཕའེ་ཆིང་གིས་བཤད་རྒྱུར། མཚོ་ལྷོ་དང་ཀན་ལྷོས་གཅིག་ལ་གཅིག་བརྟེན་སྒོས་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་སེམས་གཅིག་མཐུན་ཡོང་བར་བྱས་ཡོད་ལ། ཏང་གི་མི་རིགས་མཐུན་སྒྲིལ་སྲིད་ཇུས་ཀྱི་ཁྲིད་སྟོན་འོག  ཐེངས་འདིར་ཡིག་རིས་འགྲེམས་སྟོན་གྱི་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་མཛའ་བརྩེ་ཇེ་ཟབ་དུ་བཏང་ལ། དུས་མཚུངས་སུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཇེ་བརྟན་དུ་བཏང་ཡོད།ཕྱིན་ཆད་ང་ཚོས་མུ་མཐུད་དུ་ཁུལ་གཉིས་ཀྱི་ཏང་འཛུགས་རིག་གནས་མཉམ་སྒྲུབ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་མི་རིགས་ཁག་གི་རིག་གནས་སྤེལ་རེས་ཀྱི་བྱ་འགུལ་སྤེལ་ནས།རྩོམ་རིག་བརྩམས་ཆོས་སྦྲེལ་ཐག་བྱས་ཏེ། མི་རིགས་ཁག་གི་ཕན་ཚུན་འགྲོ་འོང་དང་ལག་གདང་སྦྲེལ་མཉམ་འབྲེལ་སྒོས་མཐོ་སྒང་གི་བདེ་སྐྱིད་ཁྱིམ་གཞིས་བསྐྲུན་པར་འབད་པ་བྱ་རྒྱུ་ཡིན་ཟེར།

ཐེངས་འདིའི་བྱ་འགུལ་ནི།ཁུལ་གཉིས་ཀྱི་ས་ཁོངས་བརྒལ་ནས་རྩོམ་རིག་མཉམ་འགུལ་ལ་གཞི་བྱས་ཏེ། ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་ལ་སྐུལ་འདེད། མཉམ་དུ་མཐོར་འདེགས་ཡོང་བ་བརྗོད་དོན་བྱས་ནས། བྱ་འགུལ་སྤེལ་སྐབས་ཁུལ་གཉིས་ཀྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཕུལ་བྱུང་རིག་རྩལ་གསར་རྩོམ་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན།རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས།རིག་རྩལ་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་སོགས་ཀྱི་གྲོས་གཞི་གཏིང་ཟབ་པའི་གྲོས་བསྡུར་བྱས་པ་དང་།ཕན་ཚུན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པའི་རིག་གནས་ཀྱི་གནས་གཞི་འཛུགས་སྐྲུན་དང་ཁྱད་ཆོས་ལྡན་པའི་རིག་རྩལ་མིང་བྱང་བཏོད་པའི་ལག་ལེན་ཉམས་མྱོང་གི་སྐོར་ནས་བཞུགས་མོལ་བྱས།

དེའི་འཕྲོར། ཁུལ་གཉིས་ཀྱི་རིག་རྩལ་གསར་རྩོམ་པ་སྔ་རྗེས་སུ་རྫོང་ལྔར་སོང་ནས་རྨ་ཆུའི་རིག་གནས་དང་འ་ཞའི་གནའ་བོའི་དཔལ་ཡོན། ནུས་རྒྱུ་གཙང་མ་དང་སྐྱེ་ཁམས་བཅོས་སྐྱོང་སོགས་ཀྱི་ཁྱད་ལྡན་བཅར་འདྲིའི་བྱ་འགུལ་སྤེལ་བ་རེད། ཐེངས་འདིར་ས་ཁོངས་བརྒལ་ནས་རིག་རྩལ་བརྗེ་རེས་ཀྱི་བྱ་འགུལ་སྤེལ་ཏེ། ཁུལ་གཉིས་ཀྱི་རིག་རྩལ་མཉམ་ལས་འཕེལ་རྒྱས་ཐད་གསོན་ཤུགས་གསར་བ་བསྣན་པས། ཁུལ་གཉིས་ཀྱི་རིག་གནས་ཐོན་ཁུངས་མཉམ་སྤྱོད་དང་། རིག་རྩལ་ཤེས་ལྡན་མི་སྣར་འབྲེལ་མཐུད། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

热门新闻

热门图库

热门排行