སྲིད་དོན། 详情

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས27པའི་ཅང་སུའུ་ཡི་ཚོང་པ་མཚོ་ལྷོར་བསྐྱོད་པའི་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་།

 མཚོ་ལྷོ་ཁུལ་གྱི་གྲུབ་འབྲས་གསར་པ་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱས་ཏེ་ཁེ་ལས་གྲགས་ཅན་སྔར་བས་མང་པོས་མཚོ་ལྷོར་རྒྱུས་ལོན་བྱེད་པ་དང་།  མཚོ་ལྷོའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་མྱོང་ཚོར་ཐུབ་པ་བྱས་ནས་ལས་གཏོད་དངུལ་གཏོང་གི་ཁོར་ཡུག་ཉམས་སུ་མྱོང་བ་དང་སྤེལ་རེས་མཉམ་ལས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་གཏོང་ཆེད། སྐབས27པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ།  ཟླ7་པའི་ཚེས15ཉིན་རང་ཁུལ་གྱིས་ཅང་སུའུ་ནས་ཡོང་བའི་ཁེ་ལས་ཀྱི་འཐུས་མི་ཁྱོན30ལྷག་ཙམ་རྩ་འཛུགས་བྱས་ནས་ཅང་སུའུ་ཡི་ཚོང་པ་མཚོ་ལྷོར་བསྐྱོད་པ་ཞེས་པའི་བྱེད་སྒོ་སྤེལ།  

རྟོག་ཞིབ་ཚོགས་པ་རྩ་འཛུགས་བྱས་ནས་སྔ་ཕྱིར་བཏུང་ཐང་འོད་ནུས་ཐོན་ལས་གླིང་དང་མཚོ་ལྷོ་ཁུལ་གྱི་ཞིང་ལས་རང་འདེམས་ཚོང་ཁང་། མཚོ་ལྷོ་ཁུལ་གྱི་ལྗང་མདོག་གློག་རྩིས་མཉམ་ལས་ཐོན་ལས་གླིང་། ཚ་རྔ་འགག་མཐོ་སྒང་འཁྱག་ཆུའི་ཉ་གསོ་སྤེལ་རྟེན་གཞི་བཅས་སུ་བསྐྱོད་དེ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་།  ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས།  ལྗང་མདོག་རྩིས་ཤུགས་ཐོན་ལས་དཔེ་སྟོན་ཁུལ་དང་དེ་མིན་མཚོ་ལྷོ་ཁུལ་གྱི་གཙོ་གནད་ཐོན་ལས་འཕེལ་རྒྱས་སོགས་ལ་གཞིགས་ནས་འོས་སྦྱོར་ངོ་སྤྲོད་བྱས་པ་རེད།  

ཐེངས་འདིའི་རྟོག་ཞིབ་སྤེལ་རེས་བྱེད་སྒོས་ཅང་སུའུ་ཡི་ཁེ་ལས་ཁག་གིས་མཚོ་ལྷོ་ཁུལ་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་ཚད་ཟབ་ཏུ་ཕྱིན་པར་མ་ཟད་མ་འོངས་པའི་མཉམ་ལས་ལ་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིངས་ཡོད་།  ང་ཚོས་སྦྲེལ་ཐག་ལྟ་བུའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་མཐུན་སྦྱོར་དང་ཞབས་ཞུ།  གསར་གཏོད།  འཕེལ་རྒྱས་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཅང་སུའུ་ཡི་ས་གནས་ཁག་གི་ཁེ་ལས་དང་མཚོ་ལྷོ་ཁུལ་དབར་ལ་འབྲེལ་ལམ་བཙུགས་ཏེ།  སྤེལ་རེས་དང་མཉམ་ལས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་ནས་ས་གནས་གཉིས་ཀྱི་ཁེ་ལས་ལ་མཉམ་ལས་ཀྱི་གོ་སྐབས་སྔར་བས་མང་པོ་བསྐྲུན་པ་དང་།  ཁྱབ་ཁོངས་སྔར་བས་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་རིམ་པ་སྔར་བས་མཐོ་བ་བཅས་ཀྱི་སྒོ་ནས་མཉམ་ལས་སྔར་ལས་མང་བ་འཚོལ་བར་སྐུལ་འདེད་གཏོང་དགོས།

ཅང་སུའུ་ཝན་པང་ཞིན་ཞིན་གློག་གསོག་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཧྥན་ལི་ཡིས་བཤད་རྒྱུར།དེ་རིང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གོ་སྐབས་དང་བསྟུན་ནས་ང་ཚོ་ཁ་གཏད་རོགས་སྐྱོར་བྱ་ཡུལ་མཚོ་ལྷོ་ཁུལ་ལ་སླེབས་ཡོད།  དེ་རིང་སྔ་དྲོར་འོད་ནུས་གླིང་ཁུལ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་ལྟེ་གནས་སུ་སོང་བ་ཡིན།   ང་ཚོ་ཐེངས་འདིར་ཕྱིར་ལོག་རྗེས་མཚོ་ལྷོ་ཁུལ་གྱི་ཐོན་ཁུངས་ཀྱི་གནས་ཚུལ་ལ་གཞིགས་ནས་གང་མགྱོགས་སྒོས་ཞིབ་འཇུག་བརྡར་ཤ་གཅོད་པ་དང་།  དེའི་རྗེས་འོས་འཚམ་གྱི་འཇུག་སྒོ་དང་ལས་གཞི་དེའི་དམ་འཛིན་བྱ་གཞི་བཙལ་ནས་ངོ་བོའི་རང་བཞིན་གྱི་མཉམ་ལས་ཞིག་གང་མགྱོགས་སྒོས་ཆགས་པར་བྱས་ཏེ།  ཅང་སུའུ་དང་མཚོ་སྔོན་གྱི་མཉམ་ལས་ལ་གྲུབ་འབྲས་ཐོན་པར་ནུས་པ་འདོན་རྒྱུ་ཡིན་ཟེར།

ཅང་སུའུ་ཡུན་ཕིན་རིག་གནས་གསར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཝན་ཆིང་ཧུང་གིས་བཤད་རྒྱུར།ང་གནས་འདིར་མ་ཡོང་གོང་མཚོ་ལྷོ་ཁུལ་ལ་རྒྱུས་ལོན་གསལ་བོར་བྱས་མ་མྱོང་ལ། ཉིན་གཅིག་གི་རྟོག་ཞིབ་བརྒྱུད་དེ་ང་ལ་ངོ་འཚར་དུ་བཅུག གནས་འདི་རུ་ནུས་ཁུངས་གཙང་མ་དང་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས། ཕུལ་དུ་བྱུང་བའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་བཅས་ཡོད་པས།ཐུན་མོང་མ་ཡིན་པའི་འགྲན་རྩོད་ཀྱི་དགེ་མཚན་ལྡན་པ་དང་། ངས་བསམ་ན་གནས་འདི་ལ་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེན་པོ་ཡོད་ལ། རྗེས་ཕྱོགས་དུས་རྒྱུན་དུ་འབྲེལ་འདྲིས་བྱས་ཏེ་མུ་མཐུད་དུ་མཉམ་ལས་བྱེད་པའི་རེ་བ་ཡོད་ཟེར།


热门新闻

热门图库

热门排行