པར་རིས་གསལ་བཤད། 详情

རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་བརྒྱུད་ནས་མཚོ་ལྷོའི་མཛེས་སྡུག་འཛམ་གླིང་ལ་ངོམས་པ།

རང་ཚགས་པར་གྱི་འཕྲིན།ཟླ7པའི་ཚེས15ཉིན། སྐབས་ཉེར་ལྔ་པའི་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་འགྲན་ཞུགས་པ་རྣམས་མཐོ་སྒང་གི་མུ་ཏིག་ལྟར་མཛེས་པའི་མཁར་གྲོང་སྟེ་ཁྲི་ཀ་ནས་ལམ་དུ་ཆས་ཏེ།གུང་ཧོའི་ཕྱོགས་སུ་བསྐྱོད་པའི་འགྲན་རིམ་གྱི་འགྲན་བསྡུར་མགོ་བརྩམས་ཤིང་།   སྤྱི་ལེ136གི་འགྲན་ལམ་དུ། བྲག་དམར་མཚལ་ལྗོངས་དང་སྤང་ཐང་། གྲོག་རོང་སོགས་མཐོ་སྒང་གི་མཛེས་ལྗོངས་རྣམས་རི་མོ་བཞིན་མིག་ལམ་དུ་བཀྲམ་ཡོད།

130e87b00913b75b43931cab3d15c067.png

སྤྱིའི་རིང་ཚད་ལ་སྤྱི་ལེ136ཡོད་པའི་འགྲན་རིམ་འདིས་ལུས་རྩལ་པ་རྣམས་ལ་བསམ་ཡུལ་ལས་འདས་པའི་འགྲན་སློང་ཞིག་སྤྲད་ཡོད་དེ། མཇུག་སྒྲིལ་སར་བདེ་བླག་ངང་སླེབས་རྒྱུ་ནི་དེ་བས་ལས་སླ་མོ་ཞིག་གཏན་ནས་མིན་པ་དང་། ལམ་བར་གྱི་འཁྱགས་རླུང་དང་ཆར་ཆུས་ལྭ་བའི་ཕྱི་ནང་སྦངས་ནས་འདར་སུག་སུག་ཏུ་གྱུར་ནའང་། འགྲན་ཞུགས་པ་དག་གིས་སྔར་བཞིན་སྙིང་སྟོབས་ཆེན་པོས་མདུན་ནས་མདུན་དུ་བསྐྱོད་དེ། རྫོང་མཁར་ནང་གི་སྤྱི་ལེ6.6གི་ལམ་མཚམས་བསྐོར་རྗེས། རྨ་ཆུའི་དཔྱང་ཟམ་དང་ལ་ཟེ་གྲོང་རྡལ། སྦལ་ཁ་རྩྭ་ཐང་། ཉི་ཟླ་རི་བོའི་དངུལ་བསྡུ་ས་ཚིགས་སོགས་བརྒྱུད་དེ། རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་ཆེན་དེད་ནས་མཐར་གུང་ཧོ་རྫོང་སྤྱོད་དར་ལམ་ཆེན་དུ་གནས་པའི་མཚོ་ལྷོ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་མཇུག་སྒྲིལ་སར་འབྱོར། འགྲན་ལམ་དུ་བསྟུད་མར་གྱེན་ལམ་ས་ཚིགས་གཉིས་བརྒལ་དགོས་ཤིང་། དེ་ཡང་སྤྱི་ལེ43.6གི་མཚམས་སུ་ས་བབ་སྨི3390ཡིན་པའི་སྦལ་ཁའི་གྱེན་ལམ་ས་ཚིགས་དང་། སྤྱི་ལེ48.4ཡི་མཚམས་སུ་ས་བབ་སྨི3754ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྱེན་ལམ་ས་ཚིགས་ཡོད། གྱེན་ལམ་འདི་གཉིས་ཀྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ10.6ཙམ་ཡོད་པས། གྱེན་ཐུར་མང་བའི་མཐོ་སྒང་གི་འགྲན་ལམ་འདིས་འགྲན་ཞུགས་པའི་ལུས་སྟོབས་ལ་འགྲན་སློང་ཆེན་པོ་ཞིག་སྤྲད་ཡོད་པ་རེད།


ལྟད་མོ་བ་ལི་ཞ་ཡིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བཤད་རྒྱུར། ངས་ཐེངས་དང་པོར་རང་ཁྱིམ་གྱི་སྒོ་ཁ་ནས་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ལ་བལྟ་ཐུབ་པས་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། ཕ་ཡུལ་གྱི་འཕེལ་རྒྱས་སྔར་ལས་ཇེ་ལེགས་སུ་འགྲོ་བར་སྨོན་འདུན་ཞུ་བ་དང་ལྷན་དུ། མཚོ་སྔོན་ཐེན་ཡིའུ་ཏེ་རུ་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ་པའི་ཁ་གཡང་བོས་པ་ཡིན་ཟེར།


རྨ་ཆུའི་སྟོད་རྒྱུད་དུ་ཆགས་པའི་ཁྲི་ཀ་རྫོང་ལ་གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངས་ཞེས་པའི་གསེར་གྱི་མིང་བྱང་ཡོད་ལ། མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་སའི་ས་ཁུལ་གྲགས་ཅན་ཞིག་ཀྱང་ཡིན། དྭངས་གཙང་གི་རྨ་ཆུ་དང་བྲག་དམར་མཚལ་ལྗོངས། མཐོ་སྒང་གི་སྤང་ལྗོངས་བཅས་ཀྱིས་རྔམ་མཐུག་པའི་དམངས་སྲོལ་རིག་གནས་དང་མཉམ་དུ་མཛེས་སྡུག་གིའོད་མདངས་ཅིག་འཕྲོ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ས་གནས་དེས་ཡུལ་སྐོར་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། རྨ་ཆུའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས། གྲོང་གསེབ་ཡུལ་སྐོར་གྱི་རྣམ་པ་སྔར་ལས་ཕུན་སུམ་ཚོགས་པར་བཏང་ཡོད། ཐེངས་འདིའི་རབ་མཛེས་མཚོ་སྔོན་བསྐོར་བའི་ལུས་རྩལ་འགྲན་བསྡུར་འདི་སྦྲེལ་ཐག་ཏུ་བྱས་ནས། ཁྲི་ཀའི་སྐྱེ་ཁམས་ཀྱི་ཐོན་ཁུངས་ལེགས་པོ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་འཛམ་གླིང་ལ་ངོམས་པས། རྨ་ཆུའི་འགྲམ་རྒྱུད་ཀྱི་མཁར་གྲོང་ཆུང་ཆུང་འདི་ལ་དོ་ཁུར་ཆེན་པོ་ཐོབ་ཡོད་པ་རེད།།

d12f9bdfea99fd9db51da53c10727a1d.png


热门新闻

热门图库

热门排行