པར་རིས་གསལ་བཤད། 详情

རང་ཁུལ་གྱི་ཁྱད་ལྡན་ཐོན་རྫས་རིགས173མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སུ་འགྲེམ་སྟོན་བྱས།

ཟླ7པའི་ཚེས16ཉིན་སྐབས་ཉེར་བདུན་པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ཀྱི་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དེ་ཟི་ལིང་གྲོང་ཁྱེར་གྱི་མཁར་ལྷོ་འགྲེམ་ཚོགས་ལྟེ་གནས་སུ་འཚོགས་པ་དང་།  མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་རྫས་རིགས་བརྒྱ་ལྷག་ཙམ་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་ལ་ཞུགས་ཏེ།  མཐོ་སྒང་གི་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས། 


1fb31c6f4aea3986f74b414b979b29c8.png

 


སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་མཚོ་ལྷོ་ཁུལ་གྱིས་སྨི་གྲུ་བཞི་མ510ཡི་ཁྱད་ལྡན་བརྗོད་བྱ་གཙོ་བོའི་འགྲེམ་སྟོན་ཁང་བསྐྲུན་པ་དང་སྤུས་ལེགས་ཁེ་ལས61རྩ་འཛུགས་བྱས་ནས་འགྲེམ་སྟོན་ལ་ཞུགས་ཏེ།  ཁྱད་ལྡན་ཐོན་རྫས་རིགས་ཆེན་པོ12ཀྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་རིགས་ཆུང་བ173འགྲེམ་སྟོན་བྱས་ཤིང་། བརྗོད་བྱ་གཙོ་བོའི་འགྲེམ་ཁུལ་ཆེ་གྲས་དྲུག་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཡོད་པ་དང་འགྲེམ་སྟོན་ཁང་གི་བཀོད་པ་སྟབས་བདེ་ཞིང་མིག་ལ་མཛེས་པས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་སྒོས་འགྲེམ་སྟོན་བྱས་ཡོད།  འགྲེམ་སྟོན་ཁང་གི་ཐོན་ལས་ལ་ཁྱད་ཆོས་ཀྱིས་ཕྱུག་ཡོད་དེ་དངོས་ལྗོངས་བྱེ་སྡེར་འགྲེམ་སྟོན་བརྒྱུད་དེ་ལྗང་མདོག་གློག་ཕྱིར་སྐྱེལ་དང་གློག་རྩིས་མཐུན་སྦྱོར་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསོན་ཉམས་ལྡན་པའི་ངང་བཀྲམས་ནས་མཐོ་སྒང་གི་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་མངོན་པར་བྱས་ཡོད་ལ།  དེ་དང་ཆབས་ཅིག་མཐོ་སྒང་གི་སྐམ་ཤ་དང་ལུག་ཤ།   ནས་ཀྱི་ཐོན་རྫས།  ལྷད་མེད་སྦྲང་རྩི་སོགས་སྤུས་ལེགས་པའི་ཞིང་ཕྱུགས་ཐོན་རྫས་ཁག་ཅིག་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་པར་མ་ཟད།  ལྷད་མེད་ཀྱི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་སྐྱེ་ཁམས་ཞིང་ཕྱུགས་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་གང་ལེགས་སྒོས་མངོན་པར་བྱས་ཡོད།  རིག་གནས་ཡུལ་སྐོར་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས་འགྲེམ་ཁུལ་དུ་ཁྱད་ཆོས་ཀྱིས་ཕྱུག་ཡོད་དེ།  རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་ཀྱི་བཀོད་པར་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་འཛུགས་སྐྲུན་གྱི་ཕན་འབྲས་མངོན་པར་བྱས་ཤིང་།   འགྲེམ་སྟོན་ཁུལ་དུ་བོད་ལུགས་ཀྱི་གཙགས་དྲུབ་བརྩམས་ཆོས་དང་ཐང་ག་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་ཁུལ་དང་གྲངས་འཛིན་རིག་གནས་ཉམས་ལེན་རྣམ་གྲངས་བཀོད་སྒྲིག་བྱས་ཏེ།  སྣ་མང་གི་ཉམས་ལེན་རྣམ་པ་ལས་གྲོང་མི་དང་ཡུལ་སྐོར་བར་མཚོ་ལྷོ་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ལ་ཉམས་ལེན་བྱེད་དུ་བཅུག  





མཚོ་སྔོན་བ་རིང་ཆུ་འཐེན་ནུས་གསོག་ཀུང་ཟིའི་ཏུང་ཧྲི་ཀྲང་ལི་ཧའེ་ཧྥུང་གིས་བཤད་རྒྱུར། བ་རིང་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་ནི་མིག་སྔར་ནུབ་རྒྱུད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་འཐེན་ནུས་གསོག་ལས་གཞི་ཞིག་སྟེ་མཚོ་ལྷོ་ཁུལ་ཀོས་ནན་རྫོང་དུ་བཙུགས་ཡོད་པ་དང་འདི་ནི་ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་ལྟེ་བའི་ཁུལ་དུ་གནས་ཡོད་པས་ནུས་ཁུངས་གཙང་མ་གསར་སྤེལ་བྱེད་པར་འཚམ་པའི་རྒྱ་ཁྱོན་ལ་མུའུ་ཁྲི130ལས་བརྒལ་བ་དང་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་མུའུ་ཁྲི4000ལས་བརྒལ་ནས། རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་འཆར་འགོད་ནང་བཞག་པའི་ནུས་ཁུངས་གཙང་མའི་རྗེས་གྲབས་ས་ཆ་མུའུ་ཁྲི53ཙམ་ཟིན་ཡོད་པས།  ཁུལ་ཡོངས་ཀྱི་སྟོང་ཝ་བྱེ་བ་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞིའི་ལྟེ་བའི་ཁུལ་གཉིས་པར་གྱུར་ཡོད། ལས་གཞི་དེ་ནི་མཚོ་ལྷོ་ཁུལ་གྱི་སྟོང་ཝ་ཁྲི1120ཡི་ནུས་ཁུངས་གཙང་མའི་རྟེན་གཞིའི་ལྟེ་བའི་སྒྲིག་ཆས་ཀྱི་རྒྱབ་རྟེན་ཞིག་ཡིན་པ་མ་ཟད། མཚོ་སྔོན་ནས་ཀོང་ཏུང་ལ་ཐད་རྒྱུག་གློག་སྟོང་ཧྥུའུ±800ཡི་ཕྱིར་སྐྱེལ་བགྲོད་ལམ་གྱི་གློག་ཁུངས་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པས། ལྟེ་བའི་རིན་ཐང་ནི་ཆུ་དང་རླུང་།འོད།གསོག་ནུས་བཅས་ནུས་མང་གསབ་རེས་བྱས་པ་བརྒྱུད་དེ།ནུས་ཁུངས་གསར་པའི་བར་འཇགས་རང་བཞིན་དང་འཕར་ཆག་རང་བཞིན་གྱི་དཀའ་གནད་སེལ་ནས།མཚོ་སྔོན་གྱི་ནུས་ཁུངས་གཙང་མ་གཞི་ཁྱོན་ཅན་གྱིས་གསར་སྤེལ་དང་གཏན་འཇགས་ངང་ཕྱིར་སྐྱེལ་བའི་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།



ཚོང་པ་ཆོས་ཐར་གྱིས་བཤད་རྒྱུར། ང་ནི་ཐེངས་དང་པོར་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པ་ཡིན། འདི་རུ་རྒྱལ་ཁབ་ཕྱི་ནང་གི་ཚོང་བ་དང་མགྲོན་པོ་མང་པོ་ཡོད་ལ། ཁོ་ཚོས་ང་ཚོའི་མཐོ་སྒང་གི་ཐོན་རྫས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ངས་ཀྱང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྟེགས་བུ་འདི་བརྒྱུད་ནས་ང་ཚོའི་ཐོན་རྫས་བཟང་པོ་དག་ཕྱི་ཕྱོགས་ལ་ངོ་སྤྲོད་བྱེད་བསམ་པ་ཡིན་ཟེར།

གངས་ལྗོངས་འོ་ལས་ཀུང་ཟིའི་ལས་བཟོ་བ་ཀྲའོ་ཅུན་རེན་གྱིས་བཤད་རྒྱུར། དེ་རིང་ང་ཚོས་འདི་རུ་འོ་མའི་ཐོན་རྫས་རིགས་མང་པོ་འཁྱེར་ཡོང་ཡོད་ལ། འགྲེམ་ཁུལ་དུ་ཐོན་རྫས་དེ་དག་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། ང་ཚོས་ཚོང་གཏམ་གྲོས་ཚོགས་ཀྱི་སྟེགས་བུ་འདིར་བརྟེན་ནས་ཐོན་རྫས་འདི་དག་རྒྱལ་ཡོངས་དང་འཛམ་གླིང་གི་ཁྲོམ་རར་འོས་སྦྱོར་བྱེད་བསམ་པ་ཡིན་ཟེར།

གཞུང་དངོས། འགྲེམ་ཚོགས་ཀྱིས་དྲ་ལམ་དང་ཡུལ་དངོས་གཉིས་སུ་དུས་མཉམ་དུ་ནུས་ཤུགས་བཏོན་ནས། 5Gཐད་གཏོང་ཉོ་སྒྲུབ་དུས་ཆེན་སྤེལ་མགོ་བརྩམས་ཏེ་ཐད་གཏོང་གི་རྣམ་པར་བརྟེན་ནས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་མང་པོ་འོས་སྦྱོར་བྱས་ཏེ། ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱ་བསྐྱེད་དེ་མཐོ་སྒང་གི་སྤུས་ལེགས་ཐོན་རྫས་རང་ས་གནས་ནས་རྒྱལ་ཡོངས་ཀྱི་ཚོང་རར་བསྐྱོད་ཐུབ་པར་སྟེགས་བུ་བསྐྲུན། རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་གྱི་ཆེད་དོན་སྐོར་སྐྱོད་ཁང་གི་བྱ་འགུལ་དེ་ཟླ7པའི་ཚེས16ཉིན་དངོས་སུ་སྤེལ་ནས་མུ་མཐུད་དུ་མཉམ་ལས་མཉམ་འབྲེལ་གྱི་སྟེགས་བུ་བསྐྲུན་རྒྱུ་རེད། མཚོ་ལྷོ་ཁུལ་གྱིས་འགྲེམ་ཚོགས་སྦྲེལ་ཐག་ཏུ་བྱས་ཏེ་ཐོན་ལས་ཀྱི་དགེ་མཚན་དང་སྐྱེ་ཁམས་ཀྱི་དགེ་མཚན་མངོན་པར་བྱས་ནས། ཕྱི་ཕྱོགས་བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། ཁུལ་ཡོངས་ཀྱི་ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།


dc989cde8334f8b6b907d717610e4e00.png


ཞུའུ་ཀྲོའུ་ས་ཁུལ་གྱི་ཤར་ནུབ་རྒྱུད་ཁ་གཏད་རོགས་སྐྱོར་གྱི་འགན་ཁུར་བ་ཡུའུ་ལི་ལི་ཡིས་བཤད་རྒྱུར། ང་ནི་ཅང་སུའུ་ཞིང་ཆེན་ཞུའུ་ཀྲོའུ་གྲོང་ཁྱེར་གྱི་ཡིན། ང་ཚོ་ད་ཐེངས་གནས་འདིར་ཡོང་དོན་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གི་ལྷད་མེད་པའི་ཐོན་རྫས་ཁ་ཤས་ལ་རྒྱུས་ལོན་བྱེད་བསམ་པ་ཡིན། འགྲེམ་ཁང་དུ་ཐོན་པ་ན། ལྷད་མེད་པའི་ཐོན་རྫས་ཀྱི་ཚད་ཅུང་མཐོ་བར་མ་ཟད། མང་ཆེ་བར་ལྗང་མདོག་ཟས་རིགས་ཀྱི་ཚོང་རྟགས་ཀྱང་ཐོབ་འདུག དེའི་ཕྱིར་ང་ཚོའི་དགོས་མཁོ་དང་ཡང་མཐུན་པོ་འདུག དེ་རིང་ང་ཚོས་ཚོང་བ་མང་པོ་དང་ཕན་ཚུན་ལ་འབྲེལ་གཏུག་གི་སྐད་འཕྲིན་བསྣན་ཡོད། མ་འོངས་པར་ང་ཚོས་ཁེ་ལས་བར་འབྲེལ་འདྲིས་བྱས་ནས་ཉོ་སྒྲུབ་བྱས་ཏེ་མཚོ་སྔོན་གྱི་སྤུས་ལེགས་ཚོང་ཟོག་ཅང་སུའུ་ཡི་ཁྲོམ་རར་བསྐྱོད་པར་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར།


热门新闻

热门图库

热门排行