སྲིད་དོན། 详情

རབ་མཛེས་མཚོ་སྔོན་བསྐོར་ནས་མཐོ་སྒང་གི་ཡུལ་ལྗོངས་ལ་མྱོང་རོལ་བྱས་པ།

ཟླ7པའི་ཚེས16ཉིན། རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་དྲུག་པར་སླེབས་ཤིང་། འགྲན་ཞུགས་ལུས་རྩལ་པ་རྣམས་གུང་ཧོ་ནས་རྐང་ཚའི་ཕྱོགས་སུ་བསྐྱོད་པ་དང་། སྤྱིའི་ལམ་ཐག་ལ་སྤྱི་ལེ233ཡོད་པས། སྐབས་འདིའི་འགྲན་བསྡུར་གྱི་ཆེས་རིང་བའི་ལམ་ཐག་ཡིན་ལ། ལམ་བར་དུ་གྱེན་ལམ་ས་ཚིགས2དང་མཐའ་མའི་གདོང་མཆོང་ས་ཚིགས4བཀོད་སྒྲིག་བྱས་ཏེ། ལུས་རྩལ་པ་རྣམས་ལ་གནོན་ཤུགས་བསྩལ་ཡོད་པ་མ་ཟད། མཚོ་སྐོར་ལམ་གྱི་འགྲན་སློང་ཞིག་ཀྱང་རེད། 

དབྱར་ཀའི་བསིལ་འཇམ་རླུང་བུས་མགྲོན་པོ་བསུས། རི་ཆུ་སྔོན་མོ་བསྐོར་ནས་ལྩགས་རྟ་འགྲན། སྐབས་ཉེར་ལྔ་པའི་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་དེ་མཚོ་སྔོན་པོའི་ངོ་མཚར་བའི་འགྲན་རིམ་ལ་སླེབས་པ་དང་། མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཞིག་ཡིན་པའི་ཆ་ནས། མཚོ་བོད་མཐོ་སྒང་གི་ཤར་བྱང་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་བཏང་ཡོད་ལ། འགྲན་ལམ་རྒྱུད་ཀྱི་མཚོ་དྭངས་ཤིང་རྩ་ཆུ་འཛོམས་ལ། མཚོ་སྔོན་པོའི་གསེར་ཉས་ཆུའི་རྩེད་འཇོ་ལ་རོལ་བ་དང་། ཆུ་བྱས་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་བཞིན་ཆུ་དང་ཉ། འདབ་ཆགས་བྱ་རིགས་བཅས་མཉམ་གནས་བྱེད་པའི་བདེ་ཐང་སྐྱེ་ཁམས་ཀྱི་སྦྲེལ་ཐག་ཞིག་ཆགས་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3200ཡོད་པ་དེས་ལུས་རྩལ་པའི་ལུས་ཤུགས་ལ་ཉམས་ཚོད་བླངས་ཡོད་ལ། མཚོ་སྔོན་གྱིས་ལོ་མང་རིང་སྐྱེ་ཁམས་ལ་དོ་དམ་སྲུང་སྐྱོང་དང་མཐོ་སྒང་གི་ཚེ་སྲོག་ལ་སྲུང་སྐྱོང་བྱས་པའི་གཡུར་ཟའི་གྲུབ་འབྲས་ཀྱང་མངོན་ཡོད།  རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་གོ་སྐབས་ལ་བརྟེན་ནས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་ཡུལ་སྐོར་ལམ་ཐིག་འདི་ལ་ཡུལ་སྐོར་གྱི་གོ་སྐབས་ཆེན་པོ་བསྩལ་ཡོད། ཁོད་སྙོམས་པའི་འགྲན་ལམ་ལ་ཆེད་གཏོགས་ཀྱི་ལྕགས་རྟའི་ལམ་དང་། ཡུལ་སྐོར་བས་སྒེར་འཁོར་བཏང་ནས་མཚོ་འགྲམ་བརྒྱུད་པའམ་ཡང་ན་གླང་ཆེན་མཆེ་བའི་མཛེས་ལྗོངས་ཁུལ་དུ་ལྕགས་རྟར་ཞོན་ནས་སྤྲོ་གསེང་བྱེད་ཆོག་པའི་ལམ་བགར་ཡོད། མཚོ་གྲུར་བསྡད་ནས་མཚོ་ཁོངས་ཀྱི་ཡུལ་ལྗོངས་ཡོངས་ལ་རྒྱང་ལྟ་བྱེད་པ་དང་། དབུགས་ལྒང་དང་གཡོར་གྲུའི་རྣམ་གྲངས་སོགས་ལ་ཉམས་ལེན་བྱས་ཏེ་མཐོ་སྒང་གི་དབྱར་གཞུང་ལོངས་སུ་སྤྱོད་ཐུབ་ལ།  འགྲན་ཞུགས་པའི་ལྕགས་རྟའི་རུ་དཔུང་དང་ཡངས་ཤིང་རྒྱ་ཆེ་བའི་མཚེའུ། མུ་མཐའ་མེད་པའི་རྩྭ་ཐང་བཅས་ཀྱིས་མཛེས་ལྗོངས་ཀྱི་རྣམ་པ་ཁྱད་པར་བ་ཞིག་གྲུབ་འདུག

སྐྱེ་ཁམས་སྲུང་སྐྱོང་དང་མི་རིགས་རིག་གནས། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་བཅས་ཕན་ཚུན་གཅིག་ཏུ་སྦྲེལ་བའི་རྒྱལ་སྤྱིའི་བྱ་འགུལ་དེ་མཐོ་སྒང་གི་མཛེས་ལྗོངས་དང་འཕྲད་ཅིང་། མཚོ་སྔོན་པོས་རབ་མཛེས་མཚོ་སྔོན་བསྐོར་བའི་ལྕགས་རྟ་འགྲན་རྒྱུག་ལ་བརྟེན་ནས་འཛམ་གླིང་ལ་མཚོ་སྔོན་གྱི་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོའི་གཏམ་རྒྱུད་བརྗོད་བཞིན་ཡོད།

热门新闻

热门图库

热门排行