རྒྱལ་སྤྱི། 详情

ཁོ་ལོམ་པུ་ཡཱའི་དམག་ཕྱོགས་ཀྱིས་བཙན་ཁྲིད་ཐེབས་པའི་མང་ཚོགས་དཀྱུས་མ45བསྐྱབས།

   ཁོ་ལོམ་པུ་ཡཱའི་དམག་ཕྱོགས་ཀྱིས་ཚེས14ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཆའོ་ཁི་ཞིང་ཆེན་དུ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁོ་ལོམ་པུ་ཡཱའི་མི་རིགས་བཅིངས་འགྲོལ་དྲག་ཆས་པས་བཙན་ཁྲིད་བྱས་པའི་མང་ཚོགས་དཀྱུས་མ45བསྐྱབས་པ་དང་། འགུལ་སྐྱོད་སྤེལ་སྐབས་དམག་མི་གཉིས་ཚེ་ལས་འདས་པར་མ་ཟད་དམག་མི་ལྔར་རྨས་ཕོག་ཡོད་ཟེར།

ཁོ་ལོམ་པུ་ཡཱའི་དམག་ཕྱོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ལས་དྲག་ཆས་ཉེས་ཅན་ལ་བཀག་འཇུག་བྱས་པའི་མི་ཚང་མ་ཕྱིར་གཏོང་དུ་བཅུག་ཡོད་ལ། དེའི་ནང་ནར་སོན་མེད་པའི་མི་བཞི་འདུས། མིག་སྔར་མང་ཚོགས་དཀྱུས་མ་དེ་དག་དམག་བཀོལ་གྱེན་འཕུར་གནམ་གྲུར་བསྡད་དེ་བདེ་འཇགས་ངང་དམག་སྒར་ཞིག་ཏུ་འབྱོར་ཡོད་ཟེར།




热门新闻

热门图库

热门排行