གནས་ཚུལ། 详情

ཀོས་ནན་རྫོང་གིས་བྱེ་འགོག་བྱེ་བཅོས་བྱས་ནས་ལོ་འཁོར30ལོན་པའི་ཕྲེང་བསྟར་བྱ་འགུལ་སྤེལ།

 ཟླ7པའི་ཚེས10ཉིན། ཀོས་ནན་རྫོང་གིས་བྱེ་འགོག་བྱེ་བཅོས་བྱས་ནས་ལོ་འཁོར30ལོན་པའི་གྲུབ་འབྲས་འགྲེམས་སྟོན་གྱི་ཕྲེང་བསྟར་བྱ་འགུལ་གྱི་ཁྱབ་སྤེལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་། ཚོགས་འདུའི་སྟེང་ཀོས་ནན་རྫོང་གི་ལོ་ངོ་སུམ་ཅུའི་བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་ཤིང་། ལོ་ངོ་སུམ་ཅུའི་རིང་ལ། ཀོས་ནན་རྫོང་གིས་རིམ་རྩིས་བྱས་ན་བྱེ་འགྱུར་ས་ཁུལ་མུའུ་ཁྲི221ལ་ཕྱོགས་བསྡུས་བཅོས་སྐྱོང་ལེགས་འགྲུབ་བྱུང་ཞིང་། དེའི་ཁྲོད་མིའི་ཐབས་ལ་བརྟེན་ནས་བྱེ་བཅོས་ནགས་སྐྲུན་མུའུ་ཁྲི164དང་བྱེ་འགོག་ནགས་གསོ་རྩྭ་འདེབས་མུའུ་ཁྲི57ཡོད་པ་དང་། མུའུ་ཁྲི50ལྷག་གི་འགུལ་སྐྱོད་བྱེ་སྒང་ལ་ཚོད་འཛིན་བྱས་ནས་བྱེ་འགྱུར་གྱི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱས།

ཐེངས་འདིའི་ཕྲེང་བསྟར་བྱ་འགུལ་ལས་ལོ་ངོ་སུམ་ཅུ་ཡི་སེམས་ཤུགས་དང་ལྗང་མདོག་བྱེ་བཅོས་ཀྱི་གྲུབ་འབྲས་ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ་བྱེ་འགོག་བྱེ་བཅོས་བྱས་ནས་ལོ་འཁོར30ལོན་པའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་དང་། རྫོང་ཡོངས་ཀྱི་ལོ་ངོ་སུམ་ཅུའི་རིང་གི་བྱེ་ཐང་བཅོས་སྐྱོང་གི་གཡུར་ཟའི་གྲུབ་འབྲས་དང་ཁྱད་ལྡན་དྲིལ་བསྒྲགས་ཕྲེང་བསྟར་བྱ་འགུལ་བཀོད་སྒྲིག་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཁྱབ་བསྒྲགས་བྱས། ཐེངས་འདིའི་ཕྲེང་བསྟར་བྱ་འགུལ་གྱིས་གྲུབ་འབྲས་ཕྱོགས་བསྡོམས་དང་ཉམས་མྱོང་རྒྱུན་འཛིན། འཕེལ་རྒྱས་ནུས་སྩོལ་བཅས་སྲོག་ཤིང་དུ་བཟུང་སྟེ། ཁྱད་ཆོས་ལྡན་པའི་རིགས་ཆེན་མོ་དྲུག་བཀོད་སྒྲིག་བྱས་ཏེ། བྱེ་བཅོས་ཡུལ་ལྗོངས་དངོས་ཀྱི་ཆབ་སྲིད་བསམ་བློའི་སློབ་ཁྲིད་དང་སྨྱན་སྦྱོར་ཡོངས་ཀྱི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས། སྐྱེ་ཁམས་ཞིབ་འཇུག་རིག་པའི་ཚན་རྩལ་ཁྱབ་གདལ་སློབ་གསོ། བཅོས་སྐྱོང་གྲུབ་འབྲས་ཡུལ་དངོས་སུ་ལྟ་སྦྱོང་། བྱེ་བཅོས་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་རྩོམ་སྒྲིག དེ་མིན་ཆེད་དོན་དངོས་བཤུས་གློག་བརྙན་ཕབ་སྐྲུན་བྱེད་པ་བཅས་བྱས་ནས། ཕྱོགས་ཡོངས་ནས་ཀོས་ནན་བྱེ་བཅོས་ཀྱི་འབད་འཐབ་བརྒྱུད་རིམ་དང་སྐྱེ་ཁམས་ལེགས་སྒྱུར་གྱི་ཕན་འབྲས་མངོན་པར་བྱས། ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཕྲེང་བསྟར་བྱ་འགུལ་ནི་ལོ་ངོ་སུམ་ཅུའི་རིང་གི་བྱེ་བཅོས་འགག་སྒྲོལ་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ། བྱེ་བཅོས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་སྐྱེ་ཁམས་ལེགས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ཀོས་ནན་རྫོང་གིས་དེ་ནི་མགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། བྱེ་འགྱུར་ཅན་ལ་བཅོས་སྐྱོང་བྱེད་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་གཏིང་ཟབ་བྱས་ནས་སྐྱེ་ཁམས་བཅོས་སྐྱོང་དང་ལྗང་མདོག་ཐོན་ལས། གྲོང་གསེབ་དར་སྤེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་སྐྱེ་ཁམས་བཅོས་སྐྱོང་གི་བྱེད་ཐབས་དང་ཉམས་མྱོང་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་ཤུགས་ཆེན་པོས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ལེན་པར་བརྩོན་ལེན་བྱ་རྒྱུ་རེད།

ཀོས་ནན་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བཙུན་ཐར་རྒྱལ་གྱིས་བཤད་རྒྱུར། ཀོས་ནན་རྫོང་གིས་ལོ་ངོ་སུམ་ཅུའི་རིང་བྱེ་བཅོས་བྱས་པའི་ཚུན་ལ་མ་དངུལ་སྒོར་དུང་ཕྱུར17.5བཏང་ནས་སྐྱེ་ཁམས་བཅོས་སྐྱོང་བྱས་པ་ཡིན་ཏེ། འགུལ་སྐྱོད་བྱེ་སྒང་མུའུ་ཁྲི50ལྷག་ཙམ་གཏན་འགོག་བྱས་ཏེ་སྤྱི་ལེ300ཡི་ས་མཐོའི་ལྗང་མདོག་གི་ལྕགས་རི་རིང་པོ་བརྟན་པོར་བཏང་ཡོད། ང་ཚོས་མུའུ་ཁྲི221གི་བྱེ་བཅོས་གྲུབ་འབྲས་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཏེ། སྐྱེ་ཁམས་ལས་གཞི་ལ་བརྟེན་ནས་མང་ཚོགས་ལས་གཉེར་དང་ཡོང་འབབ་སྒོར་ཁྲི6200ལས་བརྒལ་བར་སྐུལ་ཁྲིད་དང་སྐྱེ་ཁམས་ཁ་གསབ་སྒོར་དུང་ཕྱུར15.22སྤྲད་དེ། མྱ་ངམ་ཐང་དེ་ལྗང་མདོག་ཅན་དུ་བསྒྱུར་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ལེགས་པར་སྲུང་སྟེ། མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོང་དང་མང་ཚོགས་ཀྱི་འབབ་འཕར་ལ་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་པ་ཡིན་ཟེར།


热门新闻

热门图库

热门排行