རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་ལས་གུང་ཧོའི་འགྲན་རིམ།
ཟླ7པའི་ཚེས15ཉིན།རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་གི་འགྲན་རིམ་ལྔ་པར་སླེབས་ཤིང་། འགྲན་ཞུགས་ལུས་རྩལ་པ་རྣམས་ཁྲི་ཀ་ནས་གུང་ཧོའི་ཕྱོགས་སུ་བསྐྱོད་པ་དང་། སྤྱིའི་ལམ་ཐག་ལ་སྤྱི་ལེ136ཡོད། མདོ་དབུས་མཐོ་སྒང་གི་འགག་སྒོ་ཞེས་བརྗོད་པའི་གུང་ཧོས་ཞུགས་པ་རྣམས་བསུས་ནས། འགྲན་རིམ་དེའང་འགྲན་ཞུགས་པ་རྣམས་ཀྱིས་རྩལ་ནུས་ལ་ཞིབ་བཤེར་བྱེད་པའི་ལམ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།
མདོ་དབུས་མཐོ་སྒང་གི་ཤར་བྱང་རྒྱུད་དུ་གནས་པའི་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ནི་མདོ་དབུས་མཐོ་སྒང་གི་ཤར་སྒོ་ཆེན་མོ་ཡིན་ལ། རྫོང་མཁར་དེ་རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཆེན་མོ་དང་ཀྲུང་གོའི་ཆེས་མཛེས་པའི་མཚོ་ཆེན་ལྔའི་གྲས་ཀྱི་མཚོ་སྔོན་པོའི་ལྷོ་རྒྱུད་དུ་གནས་པ་དང་། མཚོ་སྔོན་པོ་དེ་གཡུ་ཡི་མེ་ལོང་ཞིག་དང་འདྲ་ལ། ལོ་རེའི་དབྱར་ཁར་མཚོ་འགྲམ་གྱི་ལོག་དཀར་མེ་ཏོག་རྣམ་པར་བཞད་དེ་བརྗིད་ཆགས་པའི་དཔེ་རིས་ཤིག་ཆགས་ཡོད། རིག་སྨོན་ཆུ་བོ་ཤར་ནས་ནུབ་ཕྱོགས་སུ་ཀྱག་ཀྱོག་ངང་བཞུར་བཞིན་རྒྱ་བཟའ་ཀུང་ཇོ་བོད་ལ་བྱོན་དུས་ཀྱི་གནའ་བོའི་ངག་རྒྱུན་དང་འགྲོགས་ནས། ས་གནས་དེའི་ཐུན་མོང་མ་ཡིན་པའི་རང་བྱུང་ཡུལ་ལྗོངས་བརྒྱན་ཡོད།
ད་ལྟ། འཛམ་གླིང་གི་གློག་འདོན་ཚད་ཆེས་ཆེ་བའི་འོད་ནུས་གློག་འདོན་གླིང་ཁུལ་གནས་དེ་རུ་བསྐྲུན་ཡོད་པས། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་དང་གྲོང་ཁྱེར་གྱི་སྣང་བརྙན་མངོན་པའི་མིང་བྱང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། གནའ་བོའི་ཤེས་དཔལ་གྱི་རྗེས་ཤུལ་ནས་དེང་རབས་ཀྱི་འཕེལ་རྒྱས་མདུན་ལྗོངས་བར་དང་། ལྟ་ན་སྡུག་པའི་རང་བྱུང་ཡུལ་ལྗོངས་ནས་འཕེལ་རྒྱས་ཀྱི་ལྗང་མདོག་ཐོན་ལས་བར། རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་གི་གོ་སྐབས་ལ་བརྟེན་ནས། གུང་ཧོས་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་འཛམ་གླིང་ཡོངས་ལ་གནས་དེའི་ཐུན་མིན་གྱི་ཁྱད་ཆོས་དང་ཡུལ་ལྗོངས་ངོམས་བཞིན་ཡོད་པ་རེད།