ཞི་ཅིན་ཕིང་གིས《རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་གཟེངས་བསྟོད་ཚོགས་ཆེན་དང་གླིང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ཀྱི་སྟེང་གནང་བའི་གསུང་བཤད》ཀྱི་དེབ་རྐྱང་མ་དཔེ་སྐྲུན་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་གཟེངས་བསྟོད་ཚོགས་ཆེན་དང་གླིང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ཀྱི་སྟེང་གནང་བའི་གསུང་བཤད》ཀྱི་དེབ་རྐྱང་མ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། ཉིན་དེ་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་དུ་འགྲེམ་སྤེལ་བྱས་པ་རེད། །