ལི་ཆང་གིས་མགོ་འཛིན་གནང་སྟེ་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མགོ་འཛིན་གནང་སྟེ་ཟླ7པའི་ཚེས13ཉིན་གྱི་ཕྱི་དྲོར་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མགོ་འཛིན་གནང་སྟེ་ཟླ7པའི་ཚེས13ཉིན་གྱི་ཕྱི་དྲོར་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།
བཞུགས་མོལ་ཚོགས་འདུའི་སྟེང་ཧོང་ཧན་ཆོན་དང་། དབྱང་ཀྲི་ཡུང་། ཝང་ཝུན། ཀྲང་ཅུན། ཧོའུ་ཆི་ཅུན། ཡུས་ཏུང་ལའེ། ཝང་ཀྲི་ཅན། ལི་ཅུན་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་གྱུར་པའི་རྒྱབ་ལྗོངས་འོག ལོ་སྟོད་དུ་རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། རང་ངོས་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཕྱི་རོལ་ཁོར་ཡུག་གི་ངེས་མེད་རང་བཞིན་ལ་ཁ་གཏད་ནུས་ལྡན་བྱས་ཡོད། ཚང་མས་ད་དུང་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་འགལ་བ་དང་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་བསམ་འཆར་དང་གྲོས་གཞི་བཏོན།
ཆེད་མཁས་པ་དང་ཁེ་ལས་པའི་གཏམ་བཤད་ལ་ཉན་རྗེས་ལི་ཆང་གིས་བསྟན་དོན། ད་ལོ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ས་གནས་དང་སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཤིང་། དཔལ་འབྱོར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་ཧུར་ཐག་བྱས། མིག་སྔའི་དཔལ་འབྱོར་གནས་བབ་ལ་ཁྱོན་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱས་ཏེ། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱ་དགོས་པ་མ་ཟད། གནད་དོན་གསལ་བོར་ངེས་དགོས། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་འགྱུར་ལྡོག་གསར་པ་དང་འཕེལ་ཕྱོགས་གསར་པ། ཚན་རིག་དང་གནས་ལུགས་ལ་ཞིབ་འཇུག་བྱེད་མཁས་པ་བྱས་ནས་ཕན་གཉེར་གནོད་གཡོལ་སྔར་ལས་ལེགས་པོ་བྱ་དགོས། སྤྱི་ཡོངས་ནས་གནས་བབ་ཁོང་དུ་ཆུད་པ་དང་།ལྷག་པར་དུ་རང་རྒྱལ་གྱི་དཔལ་འབྱོར་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་ཡོད་པ་མཐོང་དགོས་ཤིང་། ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་ནང་གནས་ཀྱི་འདེགས་སྐྱོར་སྔར་བས་སྲ་བརྟན་དུ་གཏོང་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་ཏེ། ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཐད་ཀར་འབྲེལ་ཡོད། "ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"མགོ་ལེགས་པོ་ཞིག་རྩོམ་རྒྱུ་དང་འབྲེལ་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱ་དགོས་ལ། ལྡོག་ཕྱོགས་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་ལག་ལྡན་པའི་སྒོ་ནས་ནང་མཁོའི་སྦས་ཤུགས་འདོན་སྤེལ་བྱ་དགོས། སྒུལ་ནུས་གསར་རྙིང་བརྟན་པོའི་ངང་མུ་མཐུད་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ་ཡོང་བའི་བྱ་བ་ལེགས་སྒྲུབ་གཏིང་ཟབ་བྱས་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་སྲ་བརྟན་དང་རྒྱ་སྐྱེད་ཏན་ཏིག་གཏོང་དགོས།
ལི་ཆང་གིས་རྒྱ་ཆེའི་ཁེ་ལས་པར་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་བཏང་སྟེ། དགོས་མཁོ་རིམ་སྤོར་དང་ཐོན་ལས་རིམ་སྤོར་གྱི་གོ་སྐབས་སྔོག་འདོན་གཏིང་ཟབ་བྱས་ནས། ལས་ཞུགས་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་པ་དང་། ཆེད་མཁས་པ་དང་ཤེས་ལྡན་མི་སྣས་སྔ་བལྟས་ཕྱི་བསམ་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་བསྣན་ནས་དགེ་མཚན་ལྡན་པའི་བསམ་འཆར་མང་པོ་འདོན་རྒྱུའི་རེ་བ་བཏོན།
ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས། །