ཨ་མན་ཉེ་འདབས་ཀྱི་མཚོ་ཁོངས་སུ་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་འཇབ་རྒོལ་ཐེབས།
དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་ཚེས13ཉིན་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། སྣུམ་འདྲུད་གྲུ་གཟིངས་ཤིག་ལ་ཉིན་དེར་ཨ་མན་ཉེ་འདབས་ཀྱི་མཚོ་ཁོངས་སུ་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། མིག་སྔར་གྲུ་གཟིངས་སྟེང་གི་གྲུ་བ་རྣམས་བདེ་འཇགས་རེད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་དེ་ཨ་མན་གྱི་ཀའེ་ལེ་ཧཱ་ཐིའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་བཞི་བཅུའི་མཚམས་སུ་བྱུང་བ་རེད། དོན་རྐྱེན་དེ་སྙན་ཞུ་བྱས་པའི་དུས་ཚོད་ནི་ཕྱི་དྲོའི་དུས་ཚོད1དང་སྐར་མ་ཉེར་གཅིག་སྟེང་རེད་ཟེར།
སྤྱི་སྒྲོག་ལས་སྣུམ་འདྲུད་གྲུ་གཟིངས་སྟེང་གི་གྲུ་དཔོན་གྱི་སྐད་ཆ་དྲངས་ནས་བཤད་རྒྱུར། གྲུ་གཟིངས་ཀྱི་གཡས་ཕྱོགས་ལ་འཕུར་མདའ་ཕོག་པ་དང་། གྲུ་བ་ཚང་མ་བདེ་འཇགས་ཡིན་ལ། ཁོར་ཡུག་སྦགས་བཙོག་གི་གནས་ཚུལ་བྱུང་བ་སྙན་ཞུ་བྱས་མེད་ཟེར།