སྒྲོན་བརྙན། 详情

ཝང་ཧུའུ་ཉིང་གིས་འཛམ་གླིང་གི་ཕྱིར་སྡོད་རང་མི་དང་རྒྱལ་ཕྱིའི་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་ཡོངས་ལ་ཐུག་འཕྲད་གནང་བ།

   འཛམ་གླིང་གི་ཕྱིར་སྡོད་རང་མི་དང་རྒྱལ་ཕྱིའི་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་སྐབས་བཅུ་གཅིག་པ་ཚེས13ཉིན་པེ་ཅིན་དུ་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས་ལ་ཐུག་འཕྲད་གནང་བར་མ་ཟད་དྲན་རྟེན་སྐུ་པར་བསྐྱོན།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་གི་ཕྱིར་སྡོད་རང་མི་དང་རྒྱལ་ཕྱིའི་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་སྐབས་བཅུ་གཅིག་པ་ཚེས13ཉིན་པེ་ཅིན་དུ་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས་ལ་ཐུག་འཕྲད་གནང་བར་མ་ཟད་དྲན་རྟེན་སྐུ་པར་བསྐྱོན་ནས། ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཚང་མར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། འཛམ་གླིང་ས་གནས་སོ་སོའི་ཕྱིར་སྡོད་སྤུན་ཟླ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཐུག་འཕྲད་ལ་ཞུགས་པ་མ་ཟད་ཚོགས་འདུའི་མགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད་གནང་། ཁོང་གིས་བསྟན་དོན། ཕྱིར་སྡོད་སྤུན་ཟླ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཟབ་ཞུགས་པ་གཙོ་བོ་དང་། ཀྲུང་གོ་དང་འཛམ་གླིང་འབྲེལ་མཐུད་བྱེད་པའི་སྦྲེལ་ཟམ་གལ་ཆེན་ཞིག་ཀྱང་ཡིན། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་རྣམས་ཀྱིས"རྩ་བ"དང"བླ་སྲོག""ཕུགས་འདུན"སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བློ་ལ་བརྟན་པོར་བཅངས་ཏེ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། དུས་རབས་ཀྱི་རྗེས་སུ་དམ་པོར་འབྲངས་ཏེ། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་འབད་པས་ཞུགས་པ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་འབད་པས་སྐུལ་འདེད་གཏོང་བ། ཕྱིར་སྡོད་རང་མིའི་ཚོགས་པའི་མཐུན་སྒྲིལ་མཉམ་ལས་ལ་འབད་པས་སྐུལ་འདེད་བཅས་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་། ཀྲུང་གོ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མཛའ་བརྩེའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་ཕྱིར་སྡོད་རང་མིའི་ལས་རིགས་ཀྱིས་སྟོབས་ཤུགས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

   འཛམ་གླིང་གི་ཕྱིར་སྡོད་རང་མི་དང་རྒྱལ་ཕྱིའི་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་ནི་གོ་ལ་ཧྲིལ་པོའི་ཕྱིར་སྡོད་རང་མི་དང་རྒྱལ་ཕྱིའི་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་བརྗེ་རེས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན། ཐེངས་འདིའི་ཚོགས་ཆེན་སྟེང"ཕྱིར་སྡོད་རང་མིའི་སེམས་ཤུགས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས། འཕེལ་རྒྱས་དོན་གཉེར"བརྗོད་བྱ་རུ་བྱས་ཏེ། རྒྱལ་ཁབ་དང་ས་ཁུལ140ནས་ཡོང་བའི་ཕྱིར་སྡོད་རང་མི་དང་རྒྱལ་ཕྱིའི་ཀྲུང་གོ་བའི་ཚོགས་པའི་འགན་འཁུར་བ400ལྷག་ཚོགས་ཆེན་ལ་ཞུགས་པ་རེད། །


热门新闻

热门图库

热门排行