གནད་བསྡུས། 详情

ཁུལ་སྲིད་གྲོས་ཀྱིས་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི(རྒྱ་སྐྱེད)ཚོགས་འདུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་བ།

 ཟླ7པའི་ཚེས10ཉིན། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཚེ་རིང་གིས་སྣེ་ཁྲིད་དེ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི(རྒྱ་སྐྱེད)ཚོགས་འདུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་བ་དང་། ཁུལ་སྲིད་གྲོས་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བ་ཡོངས། རིགས་དྲུག་གི་ཆེད་མཁས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཁག་ཅིག་དང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་བཅས་བྱ་འགུལ་ལ་ཞུགས།

ཐེངས་འདིའི་བྱ་འགུལ་ནི་ཆེད་དོན་འཆད་ཁྲིད་དང་ཡུལ་དངོས་སུ་ལྟ་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་སྤེལ་ཞིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཆེད་མཁས་པ་དང་སློབ་དཔོན་ཆེན་མོ་གདན་དྲངས་ནས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་བཤད》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་བརྗོད་དོན་གཙོ་བོ་དང་ལག་ལེན་གྱི་བླང་བྱ་བཅས་ལ་འགྲེལ་བཤད་ཞིབ་མོ་བྱས་པ་དང་། བཅའ་ཁྲིམས་ཀྱིས་མི་རིགས་ལས་དོན་ཚད་ལྡན་དུ་གཏོང་བ་དང་། རིགས་སོ་སོའི་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་ཀྱི་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་ཏེ། སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཁྲིམས་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་བར་སྐུལ་འདེད་གཏོང་བའི་ཐད་ལ་གཞུང་ལུགས་ཀྱི་མཛུབ་སྟོན་བྱས། དེ་དང་ཆབས་ཅིག་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དང་། སློབ་གྲྭའི་ལོ་རྒྱུས་ཁང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་རྟེན་གཞི་བཅས་སུ་སོང་ནས་ལྟ་སྐོར་དང་སློབ་སྦྱོང་བྱས་ཤིང་། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་ལ་གོ་བ་ཡང་དག་བླངས་ཏེ། མི་དམངས་སྲིད་གྲོས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་བྱ་བ་ལེགས་པོར་སྒྲུབ་པའི་གཞུང་ལུགས་དང་འགན་སྒྲུབ་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་རེད།

རྗེས་ཕྱོགས་ཁུལ་སྲིད་གྲོས་ཀྱིས་བྱ་འགུལ་གྱི་གྲུབ་འབྲས་ལ་གཞི་ཚུགས་ཏེ། བརྗོད་དོན་གཙོ་བོར་དམིགས་ནས་དཔེ་ཀློག་སྲིད་གྲོས་ཞེས་པའི་ཆེད་དོན་བགྲོ་གླེང་སྤེལ་བ་དང་། ཁྲིམས་སྐྱོང་སློབ་སྦྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་འགན་འཁྲིའི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་བླང་བྱ་ཁག་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་དང་ཆབས་ཅིག  ཅན་བཅུའི་ཏང་འཛུགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་བྱ་བ་དང་ཟུང་འབྲེལ་གཏིང་ཟབ་བྱས་ནས། སྲིད་གྲོས་ཀྱིས་ལས་རིགས་ཁག་དང་ཤེས་ལྡན་མི་སྣ་གཅིག་སྡུད་དང་འབྲེལ་བ་བྱེད་པའི་འགན་འཁྲི་སྒྲུབ་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་དང་རིགས་དྲུག་གི་ཨུ་ཡོན་ཆེད་མཁས་པའི་ཞབས་ཞུ་ཚོགས་པ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པར་གཅིག་གྱུར་འཆར་འགོད་དང་རྩ་འཛུགས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་སྒྲོག་འགྲེལ་རྒྱུན་རྣམ་ཅན་དུ་སྤེལ་བ། མི་རིགས་མཐུན་སྒྲིལ་ཁྲིམས་སྐྱོང་ཤེས་བྱ་གཞི་རིམ་མང་ཚོགས་ལ་དྲིལ་བསྒྲགས་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་། ཡུན་རིང་བདེ་འགོད་བཅས་ཀྱི་རྨང་གཞི་རྒྱུན་མི་ཆད་པར་ཇེ་བརྟན་དུ་གཏོང་རྒྱུ་རེད།


热门新闻

热门图库

热门排行