སྲིད་དོན། 详情

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་བསྡུས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་མ་ཟད། འབྲེལ་ཡོད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ནས། རང་ཁུལ་གྱི་ལག་ལེན་བསམ་འཆར་ལ་ཞིབ་འཇུག་དང་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པའི་གསུང་བཤད་གལ་ཆེན་འདི་ནི་མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཡིན་ཞིང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་ལས་འགན་གཙོ་བོ་མངོན་འགྱུར་ཡོང་བར་སྔར་ལས་ཁ་ཕྱོགས་གསལ་བོར་བསྟན་ཡོད་པ་དང་རྩ་དོན་མཁོ་འདོན་བྱས་ཡོད། གཞུང་ལུགས་སློབ་སྦྱོང་དམ་འཛིན་བྱས་ཏེ། ཏང་ཡོན་ལས་བྱེད་པས་ནན་ཏན་དང་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ།སློབ་སྦྱོང་དང་བསམ་གཞིགས། ཤེས་རྟོགས། ལག་ལེན་བཅས་གཅིག་གྱུར་ཡོང་བ་བྱ་དགོས། ཏང་འཛུགས་མཉམ་འདྲེས་བྱེད་པར་དམ་འཛིན་བྱས་ཏེ། ཏང་འཛུགས་ལ་བརྟེན་ནས་འཕེལ་རྒྱས་སྣེ་ཁྲིད་པར་རྒྱུན་འཁྱོངས་བྱས་ཏེ། ཅན་བཅུའི་ཏང་འཛུགས་བྱ་བ་དང་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་འགན་འཁྲི་ལག་བསྟར་དམ་འཛིན་བྱས་ཏེ། ཏང་འཛུགས་འགན་འཁྲིའི་སྦྲེལ་ཐག་ལ་དམིགས་ནས།ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་ནུས་པ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་ལེགས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སེལ་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་བྱས་ཏེ།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས།མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བཟང་པོར་བྱ་དགོས།གནོད་འཚེའི་ཉེན་ཁར་ཡང་དང་བསྐྱར་དུ་ཞིབ་བཤེར་བྱས་ཏེ།ལྷོད་གཡེང་གི་བསམ་བློ་དོར་ནས་དུས་ནམ་ཡང་གཟབ་གཟབ་བྱ་དགོས་པ་དང་།གཙོ་གནད་ས་ཁོངས་ལ་ཡང་དང་བསྐྱར་དུ་ཞིབ་བཤེར་བྱས་ཏེ།བདེ་འཇགས་ཀྱི་ཉེན་ཁ་ཡོད་པའི་ས་ཁོངས་ལ་སླར་ཡང་གྲལ་བཤེར་བྱས་ནས་ཆད་ལུས་མེད་པར་བྱ་དགོས།ཕྱོགས་སོ་སོའི་ཐོན་ཁུངས་གཅིག་གྱུར་བྱས་ཏེ།རོགས་སྐྱོར་དངོས་རྫས་སྣ་ཚོགས་ལ་ཕྱོགས་ཡོངས་ནས་རྩིས་བཤེར་བྱེད་པ་དང་།ས་ཁོངས་བརྒལ་བའི་ཕྱོགས་མང་མཉམ་འགུལ་དངོས་རྫས་ཀྱི་བཀོད་གཏོང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།མང་ཚོགས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ནས།ཆེད་དོན་བྱ་བའི་ཚན་ཁག་སོ་སོ་དང་སྒོས་སུ་མཛེས་པའི་ཁྱིམ་གཞིས་སྲུང་སྐྱོང་ཚན་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ།ལས་བྱེད་པ་དང་མང་ཚོགས་མཉམ་འགུལ་བྱེད་པའི་མཉམ་འགོག་མཉམ་འཛིན་གྱི་རྣམ་པ་ཞིག་བསྐྲུན་དགོས།སྟོབས་ཤུགས་འགན་ལེན་བྱས་ཏེ།མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་གཞི་རིམ་དུ་བྱ་བར་བཀོད་འདོམས་བྱས་ཏེ།ཞོད་འགོག་གནོད་སེལ་བྱ་བའི་ཐད་ལ་གྲུབ་འབྲས་བཟང་པོ་ལེན་དགོས་ཞེས་ནན་གྱིས་བསྟན། 

གྲོས་ཚོགས་ལས་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་གཟབ་ནན་གྱིས་ཏང་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ།གཟབ་ནན་གྱི་རྣམ་པ་ཞིག་ཆགས་དགོས་པ་དང་།ལམ་ལུགས་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བར་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་བྱས་ནས།ཏང་གི་སྒྲིག་ལམ་སོ་སོ་མུ་མཐུད་དུ་ནན་མོར་བཏང་སྟེ།གུས་ཞུམ་ཆེ་ལ།དོགས་ཟོན་ཡོད་པ།མཐའ་ཚད་སྲུང་བ་བཅས་ཀྱི་ཏང་ཡོན་ལས་བྱེད་པའི་དཔུང་སྡེ་ཞིག་བསྐྲུན་དགོས།རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་གཅུན་ལ་ཤུགས་སྣོན་པ་དང་།དུས་རྒྱུན་དུ་རང་སྐྱོན་རང་བརྟག་བྱེད་པ།དུས་ནམ་ཡང་སྤྱོད་གཙང་རང་སྒྲིག་བཅས་བྱས་ནས།གཞུང་སྒེར་གྱི་མཐའ་མཚམས་གསལ་བོར་འབྱེད་པ་དང་དབང་ཆའི་མཚམས་ཐིག་ནན་སྲུང་བྱས་ཏེ།དུས་དང་རྣམ་པ་ཀུན་ཏུ་དྲང་གཞག་གིས་དབང་ཆ་སྤྱོད་དགོས་པ་དང་།སྤྱོད་གཙང་གིས་འགན་ནུས་ལག་བསྟར་བྱ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ས་ཁུལ་དང་སྡེ་ཁག་སོ་སོས་ལས་གཞིའི་གསོག་འཇོག་དང་ཐོ་འགོད་སྙན་སེང་བྱ་བར་དམ་འཛིན་བྱས་ཏེ།སྲིད་ཇུས་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་།བཀོད་གཏོང་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱ་དགོས།མཉམ་འགུལ་མཐུན་སྦྱོར་ལ་ཤུགས་བསྣན་ཏེ།ཆེད་ལས་ལས་ཁུངས་ཀྱི་ལེགས་འདེམས་དང་ལས་གཞིའི་གྲ་སྒྲིག་བྱ་བ་རང་འགུལ་ངང་ཡག་པོ་བསྒྲུབས་ནས།ལས་གཞི་ཁག་ཅིག་ཇུས་འགོད་དང་། ལས་གཞི་ཁག་ཅིག་གསོག་འཇོག ལས་གཞི་ཁག་ཅིག་རེ་ཞུ། ལས་གཞི་ཁག་ཅིག་ལག་བསྟར་བཅས་བྱ་དགོས། འཆར་འགོད་སྣ་ཚོགས་ཕན་ཚུན་འབྲེལ་མཐུད་ཡོང་བར་བྱས་ཏེ། འཆར་འགོད་ལ་འགལ་བ་མེད་པ་དང་། དུས་རིམ་ཕན་ཚུན་སྦྲེལ་མཐུད་པ། དངོས་འབེབས་ལག་བསྟར་བྱ་ཐུབ་པ་བཅས་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་ཁུལ་གྱི་མགོ་ཁྲིད་ཝང་ཅི་ཏེ་དང་མ་ཧྲའོ་ཧྥུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཐོས་བསམ་མྱོང་རྟོགས་བྱས་ཏེ།བསམ་བློའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་སྒོས་བརྗེ་རེས་གཏམ་བཤད་སྤེལ་བ་དང་།གྲོས་ཚོགས་ལས་ཉེ་ཆར་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དོན་ཚན་ལག་བསྟར་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་།དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།།

热门新闻

热门图库

热门排行