གནད་བསྡུས། 详情

ས་གྲུ་བཞི་ཤང་སྡེ་བ་གོང་མའི་ཆ་བསགས་སྒོ་རྩིས་ཚོང་ཁང་གིས་དངོས་ཟོག་བརྗེ་ལེན་གྱི་བྱ་འགུལ་སྤེལ་བ།

རང་ཚགས་པར་གྱི་འཕྲིན། ཉེ་ཆར།གུང་ཧོ་རྫོང་ས་གྲུ་བཞི་ཤང་སྡེ་བ་གོང་མའི་ཆ་བསགས་སྒོ་རྩིས་ཚོང་ཁང་གིས་དངོས་ཟོག་བརྗེ་ལེན་གྱི་བྱ་འགུལ་སྤེལ།

བྱ་འགུལ་གྱི་ཡུལ་དངོས་སུ། སྡེ་མི་ཚོས་སྐར་ཆ་གསོག་པའི་སྒོ་རྩིས་ཚོང་ཁང་དུ་རང་འགུལ་ངང་གྲལ་བསྒྲིགས་ནས་ཐོ་འགོད་བྱེད་པ་དང་།སྐར་ཆ་གསོག་པ་དང་དངོས་ཟོག་འདེམས་པ་བཅས་ཀྱི་ལས་ལ་བྲེལ་བཞིན་ཡོད།ཁྲོམ་ར་རུ་དངོས་ཟོག་དང་ལྭ་བའི་འཇོག་སྒམ་དང་།གོས་འཁྲུད་འདག་རྫས་སོགས་རྒྱུན་ལྡན་གྱི་འཚོ་བའི་མཁོ་ཆས་རིགས་དབྱེ་ནས་བཀྲམས་ཡོད།སྡེ་བའི་ལས་བྱེད་པས་ཁྲིད་སྟོན་ཞིབ་ཚགས་དང་།ཞིབ་བསྡུར་ནན་ཏན།ཐོ་འགོད་ཚད་ལྡན་བཅས་བྱས་རྗེས།སྡེ་མི་ཚོས་དགོས་མཁོ་ལྟར་མཁོ་ཆས་འདེམས་པ་དང་།མིང་རྟགས་འགོད་པ།དངོས་ཟོག་བརྗེ་བ་བཅས་ཀྱི་འགྲོ་ལུགས་སྟབས་བདེ་ངང་སྒྲུབ་བཞིན་པས།ཚང་མའི་གདོང་ལ་འཛུམ་གྱིས་ཁེངས་ནས་དངོས་ཕན་དང་དྲོ་སྐྱིད་ཀྱི་ཚོར་བ་རེག་ཐུབ་པ་བྱུང་ཡོད།

གུང་ཧོ་རྫོང་ས་གྲུ་བཞི་ཤང་སྡེ་བ་གོང་མའི་སྡེ་མི་ཀྲའོ་ཚེ་ཡིས་བཤད་རྒྱུར།ང་ཚོ་ས་གྲུ་བཞི་ཤང་སྡེ་བ་གོང་མའི་ཆ་བསགས་སྒོ་རྩིས་ཚོང་ཁང་གིས་ཟླ་རེའི་ཚེས་ལྔ་ཉིན་ཆ་བསགས་བརྗེ་གསོར་བྱེད་ཐུབ་ལ།སྡེ་མིས་སྲང་ལམ་དང་ཡང་ན་ཁྱིམ་དུ་གསོག་ཉར་བྱས་པའི་བཏུང་བྱའི་དམ་བུ་དང།ཤོག་སྒམ་བཅས་ཆ་བསགས་སྤྱད་ནས་ཚོང་ཟོག་བརྗེ་ལེན་ཐུབ་པས།ང་ཚོའི་ཚོང་ཟོག་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་ཟེར།།


热门新闻

热门图库

热门排行