སྲིད་དོན། 详情

དོན་གྲུབ་ཀྱིས་མཚོ་སྔོན་པོའི་ལྷོ་རྒྱུད་དུ་བྱ་བ་གཙོ་བོར་ལྟ་སྐུལ་མཛུབ་སྟོན་བྱས་པ།

ཟླ7པའི་ཚེས10ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་མཚོ་སྔོན་པོའི་ལྷོ་རྒྱུད་དུ་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་གྲ་སྒྲིག་དང་འབྲུབ་འགོག་གནོད་སེལ་ལས་དོན་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་སྟོན་གནང་བ་དང་།  ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་བཅོས་སྐྱོང་དང་འབྲོག་ཁྱིམ་གནས་སྤོ་ལེགས་བཅོས་གཏོང་བའི་བཟོ་སྐྲུན་གྱི་འཕེལ་རིམ་ལ་ཡུལ་དངོས་སུ་བཀོད་གཏོང་བྱས་པར་མ་ཟད།  ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་།  ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དང་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་ལག་བསྟར་བྱེད་པ།  དེ་མིན་ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་བདེ་བླག་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས་པར་མ་ཟད།  འབྲུག་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་གཟབ་ནན་ཞིབ་ཚགས་ཀྱིས་དམ་འཛིན་དང་སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རིམ་སྤར་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་ནན་གྱིས་བསྟན།  

640.jpg

རབ་མཛེས་མཚོ་སྔོན་བསྐོར་པའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ལས་ཆབ་ཆ་ནས་ཅང་སི་བར་གྱི་འགྲན་རིམ་གྱི་ལམ་གྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས་རྗེས།  དོན་གྲུབ་འཁོར་དང་བཅས་པ་རྟ་ནག་མ་གྲོང་བརྡལ་དུ་ཕྱིན་ནས་སྔ་རྗེས་སུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་གྱི་འཕེལ་རིམ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་ཁེ་ལས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱར་པ་མ་ཟད།  འབྲེལ་ཡོད་བྱ་བའི་སྙན་ཞུར་གསན་ཞིང་།  ཁོས་བག་མེད་ལྷོང་གཡེང་གི་བསམ་བློ་མཐའ་གཅིག་ཏུ་དོར་ནས་ལམ་རྒྱུད་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཕྱོགས་ཡོངས་དང་ཞིབ་ཚགས་སྒོས་གྲལ་བཤེར་བཅོས་སྐྱོང་གཏིང་ཟབ་བྱེད་པ་དང་འགྲན་ལམ་གྱི་འགྲིམ་འགྲུལ་བཀག་སྡོམ་དོ་དམ་ཚོད་འཛིན་ལ་དམ་འཛིན་ཞིབ་ཚགས་བྱས་ཏེ་རྣམ་པ་ཡག་པོ་བསྐྲུན་ནས།  མཚོ་སྔོན་པོའི་མཐའ་འཁོར་གྱི་ཡུལ་སྐོར་འགུག་ཤུགས་ཆེ་རུ་གཏོང་དགོས་ཤིང་།  ཞིང་ཆེན་དང་ཁུལ་གྱི་འབྲུབ་འགོག་བཀོད་གཏོང་ཚོགས་འདུའི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་ནན་མོ་བྱས་ཏེ་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྐྱོང་བྱེད་པ་དང་།  ཆར་ཆུའི་གནས་ཚུལ་ལ་གཞིགས་ནས་སྒོ་རྒྱག་པ་དང་ལས་མཚམས་འཇོག་པ།  ཕྱིར་འཐེན། སྐོར་ཞིབ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ།  རོང་འབྲོག་མང་ཚོགས་དང་དེ་མིན་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱ་དགོས་ཤིང་།  ཉི་ཟེར་གྲོང་བརྡལ་ཆུང་ངུའི་སྤུས་རྟགས་ཀྱི་མཚན་སྙན་གྲགས་དང་མཚོ་སྔོན་པོའི་མཐའ་འཁོར་གྱི་ཡུལ་སྐོར་ལས་དོན་གྱི་དུས་ཚིགས་གལ་ཆེན་ལ་རྐང་ཚུགས་ཏེ།  སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གྲོང་བརྡལ་གྱི་ཁྱད་ལྡན་རྣམ་པ་སྒྱུར་བཀོད་དང་།  སྣ་མང་ལས་རྣམ་ནང་འདྲེན་དང་སྒྲིག་བཀོད་ཀྱི་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ནས་མང་ཚོགས་ཀྱི་སྟབས་བདེའི་ཚད་གཞི་དང་ཡུལ་སྐོར་བའི་མྱོང་ཚོར་ཆེ་རུ་བཏང་སྟེ། ཡུལ་སྐོར་བྱ་བར་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བྱར་དགོས་ཞེས་བསྟན།

640 (1).jpg

པཎ་ཆེན་ལབ་ཙེ་དང་དུང་དཀར་ཉ་གཟིགས་སྟེགས་བུའི་མཛེས་ལྗོངས་ཁུལ་དུ་དོན་གྲུབ་ཀྱིས་འགྲོ་ཞོར་དང་ལྟ་ཞོར་དུ་མཛེས་ལྗོངས་ཁུལ་གྱི་འཁོར་སྐྱོད་དང་ཞབས་ཞུའི་འགན་སྲུང་།  ལེགས་བཅོས་རིམ་སྤོར་སོགས་གཙོ་གནད་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་པ་དང་འབྲེལ་ཁོར་སྲུང་གནད་དོན་གྱི་དག་ཐེར་ལེགས་བཅོས་གནས་ཚུལ་ལའང་ཡུལ་དངོས་བཀོད་གཏོང་བྱས་ཤིང་།  

ཁོས་གནད་དོན་ལྷག་མར་དག་ཐེར་ཡོ་བསྲང་དང་ཐོ་ཁོངས་ནས་མེད་པར་བཟོས་ཏེ་གད་སྙིགས་བསྡུ་རུབ་བྱས་ནས་ཆ་བསགས་ལ་བརྗེ་བའི་ཚོད་ལྟ་བྱེད་གནས་ཁྱབ་སྤེལ་གཏོང་བ་དང་། རང་འགུལ་ངང་གད་སྙིགས་གཙང་སེལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་བཅས་བྱས་ཏེ།  སྐྱེ་ཁམས་བདེ་འཇགས་ཀྱི་དམར་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱ་དགོས། ཡུལ་སྐོར་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་མཛེས་ལྗོངས་ཁུལ་གྱི་རིམ་སྤོར་དང་སྒྲིག་བཀོད་ཆ་ཚང་ལེགས་བཅོས་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ།  སྤུས་ལེགས་གནས་བབ་ཀྱི་ཕན་འབྲས་ལ་བརྟེན་ནས་ས་ཁོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་ཁྲིད་བྱ་དགོས་ཞེས་བསྟན། དེའི་རྗེས་སུ་དོན་གྲུབ་ཀྱིས་ཅང་སི་གྲོང་བརྡལ་སྲིད་གཞུང་དུ་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དང་འབྲུབ་འགོག་གནོད་སེལ་སོགས་གཙོ་གནས་ལས་དོན་ལ་བཀོད་གཏོང་བྱས་ཤིང་།  ཁོས་ཅན་བཅུའི་ཏང་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་བདེ་འཇགས་འགན་སྲུང་དང་འབྲུབ་འགོག་གནོད་སེལ་དེ་མིན་བདེ་འཇགས་ཐོན་སྐྱེད།  ཡུལ་སྐོར་གྱི་རྙོག་དྲའི་སྣང་ཚུལ་ལེགས་བཅོས་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་བྱས་ཏེ།  འགྲན་བསྡུར་ངོ་མཚར་ཆེ་ལ་ཕུན་སུམ་ཚོགས་པ་དང་ཁྲོམ་ར་གོ་རིམ་ལྡན་ལ་ཚད་ལྡན་ཡོང་བ།  བདེ་འཇགས་ཡིན་པའི་འགན་ལེན་བྱ་དགོས་ཤིང་།  འགན་འཁྲི་ནན་དུ་བཏང་ནས་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་།  འཕྲལ་བསྟུན་ཡུལ་དངོས་བཅས་སུ་འཕྲུལ་ཆས་ཆུང་གྲས་དང་ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་ཀྱི་ཕན་ནུས་འདོན་སྤེལ་ཡག་པོ་བྱེད་པ་དང་།  བརྒྱུད་རིམ་ཧྲིལ་པོར་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་དང་དབོར་འདྲེན་འགན་ལེན།  ལས་སྒྲུབ་ཚད་ལྡན་ཡོང་རྒྱུར་ཤུགས་སྣོན་བཅས་བྱས་ཏེ།  སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་དང་།  སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་བསྟན།

རྟོག་ཞིབ་སྐབས་སུ་དོན་གྲུབ་ཀྱིས་ཁུལ་ཞིང་ཕྱུགས་འཕེལ་རྒྱས་ཀུང་ཟིའི་ཐད་ཚོང་ཁང་འདེམས་པའི་གནས་ཚུལ་ལ་ཡུལ་དངོས་སུ་རྒྱུས་ལོན་ཞིབ་བྱས་ཤིང་།  ཁུལ་གྱི་མགོ་ཁྲིད་ཀྲའོ་ཧུང་ཚའེ་རྟོག་ཞིབ་ལ་ཞུགས།


热门新闻

热门图库

热门排行