རྒྱལ་སྤྱི། 详情

ཚའེ་ཆི《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་འཁོར65ལོན་པའི་དྲན་གསོའི་སྣེ་ལེན་ཚོགས་འདུར་ཞུགས།

  ཟླ7པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་པེ་ཅིང་དུ་ཁྲའོ་ཞན་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཁྲའོ་ཞན་ངལ་རྩོལ་ཏང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ལས་ཁུངས་ཀྱི་ཙུང་ལི་ཕེའོ་ཐའེ་ཁྲེང་དང་མཉམ་དུ《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ65འཁོར་བའི་དྲན་གསོའི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། 

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་པེ་ཅིན་དུ་ཁྲའོ་ཞན་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཁྲའོ་ཞན་ངལ་རྩོལ་ཏང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ལས་ཁུངས་ཀྱི་ཙུང་ལི་ཕེའོ་ཐའེ་ཁྲེང་དང་མཉམ་དུ《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་འཁོར65ལོན་པའི་དྲན་གསོའི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། 

ཚའེ་ཆི་ཡིས་བསྟན་དོན།  ལོ65ཡི་སྔོན་ལ། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མི་རིགས་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་སྤྱིར་བཏང་མིན་པའི་ལོ་ཟླའི་ནང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ། ཁྲག་དྲོན་གྱིས་འཐབ་གྲོགས་ཀྱི་མཛའ་བརྩེ་ཟབ་མོ་བཏོད་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པ་རྣམས་ཀྱིས་གཟིགས་རྒྱང་རིང་བའི་སྒོ་ནས 《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་སྟེ།  རྒྱལ་ཁབ་གཉིས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་ལ་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། ལོ65ཡི་རིང་། ཀྲུང་ཁྲའོ་ཡི་མཛའ་མཐུན་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་མཐར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་དང་སྲ་བརྟན་འཕེལ་རྒྱས་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨེན་རྣམ་གཉིས་ཀྱིས་མཐོ་སར་རྒྱང་ལྟ་དང་སྔ་འཛིན་ཕྱི་གཏོད་བྱས་ནས། མཉམ་དུ་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་པར་དབུ་ཁྲིད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དེ་རྩ་བའི་བརྩི་སྲུང་དང་འཐབ་ཇུས་ཀྱི་མཛུབ་ཁྲིད་དུ་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་མཐུད་དང་། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་སྲོལ་རྒྱུན་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

   ཕེའོ་ཐའེ་ཁྲེང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུས་ནས་བསྟན་དོན། ལོ65ཡི་རིང་། ཁྲའོ་ཀྲུང་རྒྱལ་ཁབ་གཉིས་ཀྱིས《ཁྲའོ་ཀྲུང་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》གི་དགོངས་དོན་གཞིར་བཟུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་བྱ་གཞག་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་འཐབ་རྩོད་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་ཟབ་མོ་བྱས། ཡུན་རིང་མ་འགོར་བའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕིང་རང་དུ་ལོ་རྒྱུས་རང་བཞིན་གྱི་མཇལ་འཛོམས་གྲོས་མོལ་གནང་ནས། སྤྱི་ཚོགས་རིང་ལུགས་ལྟེ་བ་ཡིན་པའི་ཁྲའོ་ཀྲུང་འབྲེལ་བ་ཇེ་ལེགས་སུ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་བརྩི་སྲུང་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བའི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད།

དྲན་གསོའི་སྣེ་ལེན་ཚོགས་འདུ་མ་འཚོགས་གོང་། ཚའེ་ཆི་དང་ཕེའོ་ཐའེ་ཁྲེང་གིས་སྟབས་བདེའི་ཐུག་འཕྲད་གནང་། །


热门新闻

热门图库

热门排行