གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱི་ཅན་བཅུའི་ཏང་འཛུགས་དང་འབྲེལ་བའི་བཟོ་སྐྲུན་འཕྲུལ་འཁོར་ཆུང་གྲས་དང་ཁོར་སྲུང་སྒྲིག་ཆས་བགོ་བའི་མཛད་སྒོ་བསྡུས་པ།

2026-07-10 16:26:18 来源: 作者: 编辑:བུ་མོ་མཆོག

    ཟླ6པའི་ཚེས10ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གྱི་ཅན་བཅུའི་ཏང་འཛུགས་དང་འབྲེལ་བའི་བཟོ་སྐྲུན་འཕྲུལ་འཁོར་ཆུང་གྲས་དང་ཁོར་སྲུང་སྒྲིག་ཆས་བགོ་བའི་མཛད་སྒོ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་ཐང་ཆེན་དུ་བསྡུས་པ་རེད།ཐེངས་འདིའི་མཛད་སྒོ་བརྒྱུད།གཞི་རིམ་བཅོས་སྐྱོང་གི་དཀའ་གནད་ལ་དམིགས་ཏེ། བཅོས་སྐྱོང་གི་ཐོན་ཁུངས་གཞི་རིམ་དུ་གཞོལ་བར་བྱས་པ་དང་གཞི་རིམ་གྱི་ལས་ཀའི་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་པ་ལ་བརྟེན་ནས། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་སྟེ། ཁུལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་། མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་བཅས་ཀྱི་ལས་དོན་ལ་ནུས་པ་གལ་ཆེན་འདོན་རྒྱུ་རེད།

e1f388580d37f48fca245e245d99dd13.jpg

QQ20260710-153543.jpg

458b2c4bfb8c9d529f13526a2f14d138.jpg

热门新闻

热门图库

热门排行