རྒྱལ་སྤྱི། 详情

ལི་ཆང་གིས་ན་སྨི་པི་ཡའི་སྲིད་འཛིན་དང་མཇལ་འཕྲད་གནང་། 

ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ན་སྨི་པི་ཡའི་སྲིད་འཛིན་ཨེན་ཏའེ་ཐེ་ཝ་ལ་མཇལ་འཕྲད་གནང་། 

ལི་ཆང་གིས་བསྟན་དོན།  ན་སྨི་པི་ཡ་ནི་ཧྥེ་གླིང་དུ་ཡོད་པའི་ཀྲུང་གོའི་གྲོགས་པོའི་གལ་ཆེན་ཞིག་ཡིན། ཚེས་བཅུ་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ལྕམ་མོ་དང་མཉམ་དུ་གྲོས་མོལ་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་སྔར་ལས་དམ་ཟབ་ཏུ་གཏོང་རྒྱུའི་ཐད་འཐབ་ཇུས་ཀྱི་འཆར་འགོད་གསར་པ་གནང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་གཏོང་བ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། ཉོ་ཚོང་དང་རྨང་གཞིའི་འཛུགས་སྐྲུན། གཏེར་ལས། སྣུམ་རླངས། མི་ཚུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། གཉིས་ཕན་མཉམ་རྒྱལ་སྔར་ལས་ལེགས་པར་མངོན་འགྱུར་བྱ་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་ལམ་སྲོལ་འོག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དང་།  ཕྱོགས་སོ་སོ་དང་མཉམ་དུ་དོན་དམ་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་པོ་བཞི་དོན་ཐོག་ཏུ་འཁྱོལ་དགོས། 

ཨེན་ཏའེ་ཐེ་ཝ་ཡིས་བསྟན་དོན། ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་དམ་སྲུང་ནན་མོ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། གཏེར་ལས། རྨང་གཞིའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མི་ཚུལ་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ཏེ། ན་སྨི་པི་ཡ་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་རེ་སྒུག་བྱས་ཡོད།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས། 

热门新闻

热门图库

热门排行