རང་ཁུལ་གྱིས་ཕུལ་བྱུང་ཏང་གི་སློབ་ཚན་དཔྱད་འདེམས་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་ལ་ནན་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་བའི་འགྲན་བསྡུར་སྤེལ།
ཟླ7པའི་ཚེས9ཉིན།2026ལོའི་ཁུལ་ཡོངས་ཀྱི་ཕུལ་བྱུང་ཏང་གི་སློབ་ཚན་དཔྱད་འདེམས་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་ལ་ནན་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་བའི་འགྲན་བསྡུར་དེ་ཁུལ་ཨུའི་ཏང་གི་སློབ་གྲྭ་ནས་སྤེལ་མགོ་ཚུགས།རྫོང་རིམ་པའི་ཐོག་མའི་འགྲན་བསྡུར་བརྒྱུད་ནས་ཏང་གི་བྱ་བ་སྒྲུབ་མཁན14སྒྲོག་འགྲེལ་འགྲན་སྟེགས་སུ་བསྐྱོད་ནས།སློབ་སྦྱོང་ལ་སྐུལ་འདེད་དང་མཉམ་དུ་འགྲན་བསྡུར་བྱས་ཏེ།གཞི་རིམ་དུ་རྐང་ཚུགས་ནས་གསོན་ཉམས་དོད་པའི་ཏང་གི་སློབ་ཁྲིད་ཐེངས་ཤིག་སྤེལ་བ་རེད།
ཐེངས་འདིའི་བྱ་འགུལ་ནི་ཁུལ་ཨུའི་རྩ་འཛུགས་པུས་སྣེ་ཁྲིད་དེ་སྤྱི་འདོམས་བཀོད་སྒྲིག་བྱས་པ་ཡིན་ལ།ཏང་དང་མི་དམངས་ཀྱི་ཆེད་དུ་དངོས་སྒྲུབ་དཔའ་ངར་ཆེར་བསྐྱེད་ཅེས་པ་བརྗོད་དོན་གཙོར་བྱས་ཏེ།སློབ་སྦྱོང་ལ་མཐོང་ཆེན་དང་།ལམ་ལུགས་འཛུགས་སྐྲུན་ལ་སྐུལ་སྤེལ།བྱ་སྤྱོད་དངོས་ལ་དང་དོད།སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་བཅས་བྱ་རྒྱུའི་དམིགས་འབེན་གཏན་འབེབས་བྱས་པ་དང་།དུས་འགོར་རྫོང་ལྔ་རུ་ཐོག་མའི་འགྲན་བསྡུར་སྤེལ་ནས།རྫོང་ཁག་ནས་བདམས་ཐོན་བྱུང་བའི་འགྲན་ཞུགས་པ2འོས་སྦྱོར་བྱས་ཤིང་།འགྲན་ཞུགས་པ་དེ་དག་ནི་གཞི་རིམ་རོང་འབྲོག་ཁུལ་དང་ལས་ཁུངས། དོན་ལས་སྡེ་ཚན།རྒྱལ་དབང་ཁེ་ལས།སྤྱི་དབང་མིན་པའི་ཁེ་ལས་སོགས་ཁྱབ་ཁོངས་སུ་ཁྱབ་ཡོད།དེ་ནི་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་སློབ་གསོའི་རྣམ་པའི་སློབ་ཁང་ཆེན་མོ་ཞིག་ཡིན་ལ།ཁུལ་ཡོངས་ཀྱི་ཏང་གི་བྱ་བ་སྒྲུབ་མཁན་གྱི་སྦྱོང་བརྡར་ཆེན་མོ་ཞིག་ཀྱང་རེད།
འགྲན་ཞུགས་པའིPPTཡི་བརྙན་ཐུང་དང་།དངོས་གཞིའི་གྱོད་དཔེ།ཡུལ་དངོས་འགྲེམས་སྟོན་སོགས་རྣམ་པ་གསར་བར་བརྒྱུད་ནས།བྱ་བ་དངོས་སྒྲུབ་དང་གཞི་རིམ་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ནས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཞི་རིམ་དུ་ལག་ལེན་བསྟར་རྒྱུར་དམིགས་ཏེ། དོན་དག་ཆུང་ས་ནས་སྲིད་ཇུས་འགྲེལ་བཤད་གསལ་བོ་བྱས་པ་དང་།འབྲོག་ཁུལ་གྱི་གཏམ་རྒྱུད་བརྗོད་པའི་ཁྲོད་ནས་འགན་འཁྲི་ཆེན་པོ་གསལ་བཤད་བྱས་པ་རེད།
ཐེངས་འདིའི་འགྲན་བསྡུར་བརྒྱུད་ནས། གཞི་རིམ་ཏང་འཛུགས་ཀྱི་ཕན་འབྲས་ཐོན་པ་དང་ལས་སྒྲུབ་ལས་བཏོད་ཀྱི་གྲུབ་འབྲས་མངོན་ཡོད།འགྲན་བསྡུར་ཁྲོད་ཚང་མས་ཉམས་མྱོང་སྤེལ་རེས་དང་སྒྲོག་འགྲེལ་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཡོད།ཅན་བཅུའི་ཏང་འཛུགས་ཀྱི་དགེ་མཚན་དེ་སྐྱེ་ཁམས་སྲུང་སྐྱོང་དང་།གྲོང་གསེབ་དར་སྤེལ།མི་རིགས་མཐུན་སྒྲིལ།གཞི་རིམ་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་སྒུལ་ཤུགས་སུ་བསྒྱུར་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་དངོས་སྒྲུབ་ཀྱི་འགན་འཁྲི་འཁུར་ཕོད་པའི་གྲུབ་འབྲས་བཟང་པོ་ཞིག་བླངས་ཡོད།