སྲིད་དོན། 详情

ཁུལ་སྲིད་གྲོས་ཏང་ཙུའུ་ཡི་ཚོགས་འདུ་བསྡུས་པ།

ཟླ7པའི་ཚེས9ཉིན་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཏང་ཙུའུ་རྒྱ་སྐྱེད་ཚོགས་འདུ་ཐེངས39པ་བསྡུས་པ་དང་།  ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཚེ་རིང་གིས་ཚོགས་འདུར་མགོ་འཛིན་གནང་ནས་གཏམ་བཤད་བྱས་ཤིང་། ཚོགས་འདུ་ལས་ཟླ6པའི་ཚེས30ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས་པ་དང་།  དེ་མིན་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན།  ཟླ7པའི་ཚེས3ཉིན་གྱི་ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྱོང་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་དང་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་སྲིད་གྲོས་ལ་བཏོན་པའི་བྱེ་བྲག་གི་བྱ་བའི་བླང་བྱ་བཅས་བརྒྱུད་བསྒྲགས་བྱས།

ཚོགས་འདུ་ལས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ།  བསམ་བློའི་རླབས་ཆེན་སྟོབས་ཤུགས་དེ་ཏང་འཛུགས་སྐྱོང་དང་སྲིད་གྲོས་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཤིང་།  ཆབ་སྲིད་ཀྱི་ཚུགས་ཤུགས་ཆེ་རུ་བཏང་ནས་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པ་དང་ཨུ་ཡོན་ཚོས་ཐོབ་ཐང་གཙོ་བོ་ནི་གུང་ཁྲན་ཏང་ཡོན་ཡིན་པ་དང་འགན་འཁྲི་གཙོ་བོ་ནི་ཏང་གི་ཆེད་དུ་ལས་དོན་སྒྲུབ་པ་ཡིན་པ་བློ་ལ་བརྟན་པོར་ངེས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་དགོས་པའི་ཁྲིད་སྟོན་བྱེད་དགོས་ཤིང་།  ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་རྒྱུན་འཁྱོངས་བྱེད་དགོས་པ་བཅུ་བཞིའི་ཚན་རིག་དང་མཐུན་པའི་ནང་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ངེས་དོན་གྱིས་སློབ་སྦྱོང་དང་ཤེས་རྟོགས། ཡིད་ཆེས། བེད་སྤྱོད་བཅས་བྱས་ནས།  ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང་བསམ་བློའི་ངོས་འཛིན་གཅིག་མཐུན།  གཞུང་ལུགས་ཀྱི་ངོས་འཛིན་གཅིག་མཐུན།  བརྩེ་དུང་གི་ངོས་འཛིན་གཅིག་མཐུན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཤིང་།  ཏང་འཛུགས་སྐྱོང་དང་འགན་འཁྲི་སྒྲུབ་རྒྱུ་གཉིས་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྐུལ་འདེད་མཉམ་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་དེ་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཐད་མངོན་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྲིད་གྲོས་ཀྱི་འགན་འཁྲི་བསྒྲུབ་པའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུ་ལས་ཁུལ་ཨུའི་མགོ་ཁྲིད་གཙོ་བོས་སྲིད་གྲོས་ལས་དོན་ལ་བླང་བྱ་བཏོན་པ་དེ་ལས་ཁུལ་ཨུས་སྲིད་གྲོས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར།  རེ་བ་ནན་མོ་བཅོལ་བ་གང་ལེགས་སྒོས་མཚོན་ཡོད་པར་མ་ཟད།  སྲིད་གྲོས་ཀྱིས་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་དང་རྩ་དོན་བཏོན་ཡོད་ལ། ཁུལ་ཨུའི་མགོ་ཁྲིད་གཙོ་བོའི་ལས་ཀའི་བླང་བྱར་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས་བློ་རྩ་བརྟན་པོས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། སྲིད་གྲོས་ཀྱི་སྐབས་བརྗེ་དང་ལོ་འཁོར་གྱི་གྲོས་མོལ་འཆར་གཞི་ལག་བསྟར།  སློབ་སྦྱོང་སློབ་གསོ་དང་ཨུ་ཡོན་གྱི་ལས་སྒྲུབ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ནན་ཏན་གྱིས་ལེགས་པར་སྒྲུབ་པའི་རྨང་གཞིའི་ཐོག་སྲིད་གྲོས་ཀྱི་འགན་ནུས་འདོན་སྤེལ་བྱས་ནས་ཁུལ་ཡོངས་ཀྱི་ཅན་བཅུའི་ཏང་འཛུགས་སྐྱོང་ལ་རོགས་རམ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་བྱེད་པ་དང་།  མཐོ་ས་ནས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ།   འགག་གནད་སྒྲོལ་ས་གནད་ལ་འཁེལ་བར་འཚོལ་བ་དང་གནད་འགག་དམ་འཛིན།  ལྟ་ཚུལ་གཅིག་མཐུན་ཡོང་བ་བཅས་ཀྱི་ཐད་འབད་འབུངས་བྱས་ནས།  ལྟ་སྐུལ་མཛུབ་ཁྲིད་ཀྱི་ཇུས་གཞི་དང་འགན་འཁྲི་ཁག་བགོས་ཞིབ་ཚགས་སུ་བཏང་ནས་ལས་ཡུན་ལྡོག་སྒྲིག་དང་རེའུ་མིག་ལམ་གྱི་སྐུལ་སྒྲུབ།  ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་ཅན་བཅུའི་ཏང་འཛུགས་སྐྱོང་གཏིང་ཟབ་དང་ཕན་འབྲས་ཐོན་རྒྱུར་རོགས་རམ་བྱ་ཆེད་སྲིད་གྲོས་ཀྱི་བྱས་རྗེས་འཇོག་དགོས་ཞེས་བསྟན། 

ཚོགས་འདུ་ལས་ད་དུང་ཞིང་ཆེན་སྒྲིག་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས།།


热门新闻

热门图库

热门排行