སྒྲོན་བརྙན། 详情

ཞུང་ཡོན་ལའེ་ཡིས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས་པ།

 ཟླ7པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་ལག་ལེན་ཟབ་མོ་བྱེད་པ་ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་གྲོས་ཚོགས་སྟེང་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་ལེན་ཟབ་མོ་བྱས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་བརྟེན་ནས་རང་འགུལ་སྒོས་ཏང་གི་འཛུགས་སྐྲུན་འཆར་འགོད་དང་སྐུལ་འདེད་བྱེད་པ་དང་།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ།ཅན་བཅུའི་ཏང་འཛུགས་བྱ་བའི་གྲུབ་འབྲས་གསར་པར་དམ་འཛིན་བྱས་ནས།ཏང་འཛུགས་ནི་མཚོ་ལྷོའི་ལས་དོན་སོ་སོ་མགྱོགས་པོར་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་པའི་སྒུལ་ནུས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ཏེ།གྲུབ་འབྲས་དངོས་ལ་བརྟེན་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཡག་པོ་ཞིག་རྩོམ་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

QQ20260710-144612.jpg

ཞུང་ཡོན་ལའེ་ཡིས་ཏང་འཛུགས་ནི་གཞི་རིམ་གྱི་བཅོས་སྐྱོང་དཀའ་གནད་ཐག་གཅོད་པ་དང་ལས་དོན་སོ་སོ་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་པའི་གཙོ་གནད་དང་།ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོར་གཏོང་བ་དང་།དམངས་ཚིས་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབ་པའི་དགོས་ངེས་རེ་འདུན་ཞིག་ཀྱང་ཡིན་པས།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་དགོས་པ་དང་།ཏང་གི་འཛུགས་སྐྲུན་ལའང་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ།ཏང་འཛུགས་དམ་འཛིན་བྱ་རྒྱུ་ནི་ཆེས་ཆེ་བའི་སྲིད་འབྲས་ཤིག་ཏུ་བརྩིས་ནས།སྔར་ལས་ལྷག་པའི་སྒོ་ནས་ཏང་གཤིས་བྱང་ཚད་མཐོར་འདེགས་དང་བྱ་བའི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་འགན་འཁྲི་འཁུར་ནས་བྱས་རྗེས་སྔར་ལས་མང་པོ་འཇོག་དགོས་ཞེས་བསྟན།

ཞུང་ཡོན་ལའེ་ཡིས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ་ནི་བྱ་བ་བསྒྲུབ་པའི་གཞི་རྩ་དང་རྨང་གཞི་རུ་བརྩིས་ནས།ཀྲུང་གོ་གུང་ཁྲན་ཏང་གི་རྒྱུན་འཁྱོངས་བྱེད་དགོས་པ་དྲུག་གི་ཕུལ་བྱུང་ཁྱད་ཆོས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ།ཆེས་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འོས་འགན་འདུ་ཤེས་ལ་བརྟེན་ནས་དུས་རབས་གསར་པའི་ཏང་འཛུགས་བྱ་བ་དམ་འཛིན་བྱ་དགོས།བདེན་དོན་དོན་གཉེར་གྱིས་བྱ་བ་བསྒྲུབ་པ་དང་།མུ་མཐུད་དུ་ཏང་གི་གསར་སྤེལ་གཞུང་ལུགས་ལ་བརྟེན་ནས་བློ་སེམས་གཅིག་སྒྲིལ་བྱས་ཏེ།འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་སློབ་གསོ་སོགས་དུས་རྒྱུན་དུ་དམ་འཛིན་བྱས་ནས།མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་བྱ་དགོས།མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཏེ།དུས་རབས་གསར་པའི་ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་ཟབ་མོ་བྱས་ནས།ལག་ལེན་གྱི་ཁྲོད་དུ་ཏང་དང་ལས་བྱེད་པ།ཏང་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས།ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་མུ་མཐུད་དུ་ནུས་ཤུགས་བཏོན་ནས།བྱ་བའི་བསམ་ཕྱོགས་གསར་སྤེལ་དང་འཕེལ་རྒྱས་ཀྱི་ཞན་ཆ་གསབ་དགོས།འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན་ནས་དུས་དང་མཉམ་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།ལག་ལེན་གྱི་གཞི་རྟེན་མུ་མཐུད་དུ་ཕུན་སུམ་ཚོགས་པོར་གཏོང་བ་དང་།ཏང་འཛུགས་དེ་བཅོས་སྒྱུར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་ལ་འདྲེས་པར་བྱ་དགོས།འཐབ་རྩོད་བྱེད་ཕོད་པ་དང་།འགལ་བར་ཐད་ཀར་དུ་གདོང་གཏོད་ཕོད་པ་བྱས་ཏེ།ཏང་ཡོན་ལས་བྱེད་པའི་ལངས་ཕྱོགས་བརྟན་པོར་ཡོང་བར་སྣེ་ཁྲིད་ནས།བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་བློ་དཀར་བའི་བསམ་པ་བརྟན་པོར་གཏོང་དགོས།རང་ངོས་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ།ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱས་ནས།རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ཁྲིམས་ནན་མོར་བརྟེན་ཏེ།རུལ་སུངས་བྱ་མི་ཕོད་པ་དང་རུལ་སུངས་བྱ་མི་རུང་བ།རུལ་སུངས་བྱ་མི་བསམ་པ་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས།

QQ20260710-144558.jpg

ཞུང་ཡོན་ལའེ་ཡིས་ཅན་བཅུའི་ཏང་འཛུགས་བྱ་བའི་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པར་སྐུལ་འདེད་བྱས་ཏེ།འདུ་ཤེས་ཇེ་ཟབ་དང་བྱེད་ཐབས་ཇེ་ལེགས།ལམ་ལུགས་འཐུས་ཚང་།བྱ་བ་ཞིབ་ཕྲ་བཅས་ཀྱི་ཐད་ལ་མུ་མཐུད་དུ་ནུས་ཤུགས་འདོན་པ་དང་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ།ཟུར་བལྟ་དང་ཁྱབ་གདལ་བྱ་ཆོག་པའི་གྲུབ་འབྲས་ཤིག་ལེན་དགོས།ཚོང་འགུག་དངུལ་འདྲེན་དང་དཔལ་འབྱོར་འཁོར་སྐྱོད།བདེ་འཇགས་ཐོན་སྐྱེད།ཞོད་ཐན་སྔོན་འགོག  གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཉེ་ཆར་གྱི་གཙོ་གནད་བྱ་བར་གཞིགས་ནས།རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བསམ་གཞིགས་གཏོང་བ་དང་མིག་རྒྱང་རིང་བ།བརྩོན་སེམས་ཆེ་བ།འཁུར་སེམས་ཆེ་བ།བློ་སེམས་བརྟན་པ་བཅས་བྱས་ཏེ།རང་འགུལ་གྱིས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་བླངས་ནས།ལག་ལེན་དང་མི་དམངས།ལོ་རྒྱུས་བཅས་ཀྱིས་ཞིབ་བཤེར་བྱ་ཕོད་པའི་གྲུབ་འབྲས་དངོས་ཤིག་བསྐྲུན་དགོས་ཞེས་བླང་བྱ་བཏོན།

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་ཁུལ་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་འགའ་ཤས་བཅས་གྲོས་ཚོགས་ལ་ཞུགས།

热门新闻

热门图库

热门排行