གཙོ་གནད། 详情

ཞི་ཅིན་ཕིང་རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ།

  རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་དུ་འཚོགས། 

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ནི་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་འགག་སྒྲོལ་དུས་སྐབས་ཡིན། ངེས་པར་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་དུས་རབས་ཀྱི་འགྲན་སློང་ལ་གདོང་གཏད་དེ། མགྱོགས་མྱུར་ངང་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་སྐུལ་འདེད་བཏང་སྟེ། 2035ལོར་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལེགས་འགྲུབ་བྱེད་པའི་དམིགས་ཚད་ལ་ཁ་ཕྱོགས་ནས་མཐའ་གཅིག་ཏུ་མདུན་སྐྱོད་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་ཚན་རྩལ་གསར་སྐྲུན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རམ་འདེགས་དང་སྣེ་ཁྲིད་བྱེད་དགོས།

   ལི་ཆང་གིས་མགོ་འཛིན་གནང་བ་དང་། ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས། ཏིང་ཞུའེ་ཞང་གིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས།

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད། རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་སོགས་ལ་བྱ་དགའ་སྤྲད་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ནི་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་འགག་སྒྲོལ་དུས་སྐབས་ཡིན། ངེས་པར་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་དུས་རབས་ཀྱི་འགྲན་སློང་ལ་གདོང་གཏད་དེ། མགྱོགས་མྱུར་ངང་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་སྐུལ་འདེད་བཏང་སྟེ། 2035ལོར་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལེགས་འགྲུབ་བྱེད་པའི་དམིགས་ཚད་ལ་ཁ་ཕྱོགས་ནས་མཐའ་གཅིག་ཏུ་མདུན་སྐྱོད་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་ཚན་རྩལ་གསར་སྐྲུན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རམ་འདེགས་དང་སྣེ་ཁྲིད་བྱེད་དགོས།

   ལི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་གནང་བ་དང་། ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས། ཏིང་ཞུའེ་ཞང་གིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས།

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས་པའི་ཚུལ་རེད། 

སྔ་དྲོའི་ཆུ་ཚོད10དང་སྐར་མ30སྟེང་། ཚོགས་ཆེན་དངོས་སུ་མགོ་བརྩམས་པ་དང་། ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ཏེ། སྐད་གསེང་མཐོན་པོས་རྒྱལ་གླུ་བླངས།

   ཏིང་ཞུའེ་ཞང་གིས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2025ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན》སྒྲོག་འདོན་བྱས།

མཛད་སྒོའི་དུང་བརྡ་གྲགས་པ་དང་ལྷན་དུ། ཞི་ཅིན་ཕིང་གིས་ཐོག་མར2025ལོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་ཀྲུང་གོ་ཚན་རིག་གླིང་གི་དངོས་ལུགས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཁྲེན་ལི་ཆོན་དང་ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པའི་ཞིབ་འཇུག་སུའོ་བཅུ་བཞི་པའི་ཡོན་ཧྲི་པིན་ཏི་ལ་བྱ་དགའ་དང་དཔང་ཡིག་སྤྲད་པ་དང་། ཁོ་ཚོ་དང་ལྷན་དུ་བྱམས་བརྩེའི་ཕྱག་འཇུ་གནང་ནས་རྟེན་འབྲེལ་ཞུས། དེའི་རྗེས་སུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཆེས་མཐོའི་བྱ་དགའ་ཐོབ་མཁན་གཉིས་དང་མཉམ་དུ་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་གཟེངས་བསྟོད་དཔང་ཡིག་སྤྲད།

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་ཀྲུང་གོ་ཚན་རིག་གླིང་གི་དངོས་ལུགས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཁྲེན་ལི་ཆོན(གཡས)དང་ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པའི་ཞིབ་འཇུག་སུའོ་བཅུ་བཞི་པའི་ཡོན་ཧྲི་པིན་ཏི(གཡོན)ལ་བྱ་དགའ་སྤྲོད་པའི་ཚུལ་རེད།

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་ཀྲུང་གོ་ཚན་རིག་གླིང་གི་དངོས་ལུགས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཁྲེན་ལི་ཆོན་ལ་བྱ་དགའ་སྤྲོད་པའི་ཚུལ་རེད།

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པའི་ཞིབ་འཇུག་སུའོ་བཅུ་བཞི་པའི་ཡོན་ཧྲི་པིན་ཏི་ལ་བྱ་དགའ་སྤྲོད་པའི་ཚུལ་རེད།

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ཆེས་མཐོའི་བྱ་དགའ་ཐོབ་མཁན་གཉིས་བཅས་ཀྱིས་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་གཟེངས་བསྟོད་དཔང་ཡིག་སྤྲོད་པའི་ཚུལ་རེད།

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ཆེས་མཐོའི་བྱ་དགའ་ཐོབ་མཁན་གཉིས་བཅས་ཀྱིས་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་གཟེངས་བསྟོད་དཔང་ཡིག་སྤྲོད་པའི་ཚུལ་རེད།

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ཆེས་མཐོའི་བྱ་དགའ་ཐོབ་མཁན་གཉིས་བཅས་ཀྱིས་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་གཟེངས་བསྟོད་དཔང་ཡིག་སྤྲོད་པའི་ཚུལ་རེད།

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ཆེས་མཐོའི་བྱ་དགའ་ཐོབ་མཁན་གཉིས་བཅས་ཀྱིས་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་གཟེངས་བསྟོད་དཔང་ཡིག་སྤྲོད་པའི་ཚུལ་རེད།

   སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་སྐྲུན་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་འབུར་ཐོན་གོ་གནས་སུ་བཞག་སྟེ། མ་ལག་དང་ལྡན་པའི་སྒོ་ནས་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ཇུས་གཞི་བཀོད་པ་དང་། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྒུལ་ནུས་བསྩོལ་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཚན་རྩལ་ལམ་སྲོལ་བཅོས་སྒྱུར་ཇེ་ཟབ་ཏུ་གཏོང་བ་དང་། ཚན་རྩལ་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་། རང་རྒྱལ་ནི་གོ་ལ་ཧྲིལ་བོའི་ཚན་རྩལ་ནང་ཞུགས་མཁན་དང་བྱས་རྗེས་འཇོག་མཁན་ནས་གསར་འབྱེད་པ་དང་སྣེ་ཁྲིད་པའི་ཕྱོགས་སུ་མགྱོགས་མྱུར་ངང་འགྱུར་ལྡོག་བྱུང་བཞིན་ཡོད་པས། གསར་སྐྲུན་ནུས་པ་གོང་དུ་འཕར་ཚད་ཆེས་མགྱོགས་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱིས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དང་འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། ང་ཚོས་གནས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམ་པར་བྱས་ནས། བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། ཏང་ཀྲུང་དབྱང་གི་ཚན་རྩལ་བྱ་གཞག་སྐོར་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱ་དགོས། 

   ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་གསར་གཏོད་མ་ལག་ཅན་གྱི་འགག་སྒྲོལ་ནུས་པ་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། “ཁ་ཕྱོགས་པ་བཞི”ཡི་འཐབ་ཇུས་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས། ཚན་རྩལ་གྱི་འཐབ་ཇུས་འཆར་འགོད་དང་སྲིད་ཇུས་བྱེད་ཐབས། ལས་འགན་གལ་ཆེན། ཚན་རིག་ཞིབ་འཇུག་སྟོབས་ཤུགས། ཐོན་ཁུངས་སྟེགས་བུ། ས་ཁོངས་གསར་གཏོད་སོགས་ཐད་ཀྱི་གཅིག་འདོམས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ལས་འགན་གལ་ཆེན་བཀོད་སྒྲིག་དང་སྒྲིག་འཛུགས་ལག་བསྟར་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་རྨང་གཞིའི་ཆ་རྐྱེན་གྱི་རང་བདག་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཀྱི་བྱེད་ནུས་ངེས་གནས་དང་གྲུབ་ཚུལ་ཇེ་ལེགས་སུ་བཏང་ནས། ལས་འགན་མཐུན་སྦྱོར་དང་ཐོན་ཁུངས་མཉམ་སྤྱོད། དགེ་མཚན་གསབ་རེས་བཅས་ལ་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཚན་རྩལ་ལས་དོན་ལ་གཅིག་འདོམས་དང་མཛུབ་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་དབྱང་དང་ས་གནས་མཐུན་སྦྱོར་དང་ས་ཁོངས་མཉམ་འགུལ་གྱི་ལམ་ལུགས་བཀོད་སྒྲིག་ཆགས་པར་བྱེད་དགོས།

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཚན་རྩལ་མགྱོགས་མྱུར་ངང་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་བའི་ལམ་བུ་གཏོད་དགོས། ཚན་རྩལ་གསར་གཏོད་བྱེད་སྐབས་ཉེར་སྤྱོད་ཀྱི་ཕྱོགས་སྟོན་འབུར་ཐོན་ཡོང་བ་དང་། ཐོན་ལས་གསར་གཏོད་བྱེད་སྐབས་ཚན་རིག་གི་གནད་དོན་འདོན་དགོས། རྒྱལ་ཁབ་ཀྱི་ལག་རྩལ་སྤོ་སྒྱུར་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྣ་མང་ཅན་གྱི་ཉེར་སྤྱོད་རྣམ་པ་དང་ཆུ་ཚད་མཐོ་བའི་ཐོན་ལས་ཁྱུ་ཚོགས་བསྐྲུན་ནས། རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་ལག་རྩལ་ཐོན་རྫས་ཁྱབ་གདལ་བེད་སྤྱོད་དང་གསར་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་གསར་གཏོད་དང་འཚམ་པའི་ཚན་རྩལ་དངུལ་རྩའི་སྒྲིག་སྲོལ་འཛུགས་དགོས། 

   ཞི་ཅིན་ཕིང་གིས་བསྟན་དོན། ཚན་རིག་གི་མ་འོངས་པ་ནི་གཞོན་ནུ་ལ་རག་ལས་ཡོད་པས། ཚན་རིག་དང་སློབ་གསོས་མཐུན་སྦྱོར་གྱིས་མི་སྣ་གསོ་སྐྱོང་ལམ་སྲོལ་ཇེ་ལེགས་སུ་བཏང་ནས། ཕུལ་བྱུང་གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས། ཚན་རིག་ཞིབ་འཇུག་མི་སྣར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཏེ། ཁོང་ཚོར་བློ་སེམས་གཅིག་སྒྲིམ་གྱིས་བརྩོན་ཞིབ་དང་། བློ་བདེ་བག་ཕེབས་ངང་ལས་བཏོད་བྱེད་དུ་འཇུག་དགོས། གཞོན་ནུ་ལོ་ཆུང་གི་དགའ་ཕྱོགས་ཁྱད་ཆོས་དང་། ཚན་རིག་བྱང་ཚད། ཚོད་ལྟའི་ནུས་པ་བཅས་སྔོག་འདོན་དང་གསོ་སྐྱོང་བྱ་རྒྱུར་དོ་སྣང་བྱས་ཏེ། ཚན་རིག་ཞིབ་འཇུག་གི་སྦས་ཤུགས་ལྡན་པའི་གཞོན་ནུ་ལོ་ཆུང་སྔར་ལས་མང་པོ་ཚན་རྩལ་བྱ་གཞག་ནང་ཞུགས་རྒྱུར་ཚུར་འགུག་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རྩལ་གསར་གཏོད་ཀྱི་མ་འཇོག་ཕན་ནུས་ཆེ་རུ་བཏང་ནས། མ་འཇོག་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཕན་ནུས་ཆེ་རུ་གཏོང་བ་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་གྲོན་དངུལ་བགོ་བཤའ་དང་དོ་དམ་བེད་སྤྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་ལས་འགན་གལ་ཆེན་ལ་ཀྲུང་དབྱང་དང་ས་གནས་ཀྱིས་མ་དངུལ་བཏང་ནས་མཉམ་དུ་འགན་འཁུར་བའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་འཆར་གཞིའི་དོ་དམ་ལེགས་བཅོས་དང་། ཚན་རྩལ་རྣམ་གྲངས་ལ་ལྟ་སྐུལ་ཞིབ་བཤེར་དང་ཕན་འབྲས་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་མང་པོ་ཚན་རྩལ་གསར་སྐྲུན་ནང་ཞུགས་པར་སྐུལ་སློང་བྱེད་དགོས།

   ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་གདེང་འཇོག་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ཚན་རྩལ་གདེང་འཇོག་གི་བཀོད་འདོམས་དབྱུག་པ་ཡག་པོར་སྤྱོད་དགོས། རྣམ་གྲངས་ཞིབ་དཔྱད་དང་། སྒྲིག་གཞིའི་དཔྱད་དཔོག འཇོན་མིའི་གདེང་འཇོག་བཅས་ཚང་མས་གསར་གཏོད་ནུས་པ་དང་སྤུས་ཚད། ཕན་འབྲས། བྱས་རྗེས་བཅས་ཀྱི་ཕྱོགས་སྟོན་གཙོ་བོར་འཛིན་པ་ཇེ་དྲག་ཏུ་གཏོང་དགོས། “ཁོ་ན་བཞི་གཏོར་བ”ཇེ་མགྱོགས་སུ་གཏོང་བ་དང་། ཚན་རིག་སློབ་གསོའི་ལས་རིགས་ཀྱི“ཞྭ་མོ”བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱོད་བཟང་གཞུང་དྲང་གི་ཚན་རིག་ཞིབ་འཇུག་སྐྱེ་ཁམས་གསར་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རྩལ་གྱི་མི་ཆོས་དང་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཚན་རྩལ་ཡར་རྒྱས་དང་དྲང་བདེན་ལ་ཕྱོགས་པ་དང་། བདེ་འཇགས་ཚོད་འཛིན་ཐུབ་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་བཅས་ལ་སྐུལ་འདེད་གཏོང་དགོས། སྲིད་ཇུས་ལམ་ལུགས་དང་བཅའ་ཁྲིམས་ཁྲིམས་སྲོལ། བཅོས་སྐྱོང་ཚད་གཞི་བཅས་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་མང་པོ་ཞུགས་པ་དང་། མཐུན་སྦྱོར་མཉམ་སྐྱོང་གི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་མི་ཆོས་ཚད་གཞི་དང་མཛུབ་ཁྲིད་ཁ་གསལ་བཟོས་ནས། ཚན་རྩལ་བདེ་འཇགས་ཀྱི་ཉེན་ཁ་ཞིབ་འཇུག་བརྡར་གཅོད་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ། འཕྲལ་སྡོམ་དང་ལེན་བཅས་ལ་ཤུགས་སྣོན་རྒྱག་དགོས། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་གཏིང་ཟབ་སྒོས་ཞུགས་ནས། ཀྲུང་གོའི་འདོད་ཚུལ་དང་ཀྲུང་གོའི་ཇུས་གཞི་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ཡོད།

   ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་གཏོང་བར་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། རིམ་པོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཚན་རྩལ་ལས་དོན་དེ་ཉིན་རེའི་ལས་རིམ་གལ་ཆེན་དུ་བཞག་སྟེ། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས། དམ་འཛིན་དངོས་སྒྲུབ་དང་ཡུན་རིང་བྱས་རྗེས་འཇོག་པ། རྒྱུན་ཆད་མེད་པར་དམ་འཛིན་བྱས་ནས་གྲུབ་འབྲས་གསར་པ་ཐོན་དུ་འཇུག་དགོས། ཀྲུང་གོའི་ཚན་རིག་་གླིང་དང་ཀྲུང་གོའི་བཟོ་སྐྲུན་གླིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་རིགས་ལ་མཐུན་སྒྲིལ་བྱས་ནས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། འཛམ་གླིང་ཚན་རིག་གི་ཡང་རྩེར་དཔའ་ངར་ཆེན་པོས་འཛེགས་དགོས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་འཚོལ་ཞིབ་གསར་གཏོད་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚན་རྩལ་ལས་དོན་པར་ཞབས་འདེགས་ཞུ་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་ཐག་གཅོད་བྱེད་པར་ཞབས་འདེགས་ཞུ་དགོས།

   ཞི་ཅིན་ཕིང་གིས་བསྟན་དོན། གླིང་གཉིས་ཀྱི་ཡོན་ཧྲིས་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་དང་འབད་འཐབ་ལྷོད་མེད་བྱས་ཏེ། ཚན་རྩལ་གྱི་མདུན་ས་གསར་འབྱེད་དང་། ལས་འགན་གལ་ཆེན་འཁུར་བ། གཞོན་ནུ་ཤེས་ལྡན་མི་སྣ་གསོ་སྐྱོང་། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ལག་ལེན་བཅས་བྱེད་པའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ཚན་རྩལ་ལས་དོན་པས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་མང་ཙམ་འཇོག་རྒྱུའི་རེ་བ་ཡོད། 

   ལི་ཆང་གིས་ཚོགས་ཆེན་མགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཚན་རྩལ་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་ནས། འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་འདུ་ཤེས། ལས་འགན་འཁུར་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་ཚན་རྩལ་བྱ་གཞག་སྐོར་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་གསལ་བོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་རྒྱང་རིང་ལ་དཔང་མཐོ་བ་དང་། བསམ་བློ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་ཤིང་། ཆབ་སྲིད་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དུས་རབས་གསར་པའི་ཚན་རྩལ་ལས་དོན་ཡག་པོར་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས། ཚན་རྩལ་ལས་དོན་ཡག་པོར་སྒྲུབ་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།  

   ཚོགས་འདུའི་སྟེང་། ཁྲེན་ལི་ཆོན་དང་པིན་ཏིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་བ་རེད། 

   ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་ཉེར་གཉིས་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་འཚོགས། འདི་ནི་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་རྣམས་ཀྱིས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱམས་བརྩེའི་ངང་ཐུག་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་དུ་རྗེས་དྲན་འདྲ་པར་བསྐྱོན་པའི་ཚུལ་རེད།

   ཚོགས་ཆེན་སྔོན་དུ། ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱམས་བརྩེའི་ངང་ཐུག་འཕྲད་གནང་བ་མ་ཟད་ཚང་མ་དང་ལྷན་དུ་རྗེས་དྲན་འདྲ་པར་བསྐྱོན། 

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་སྐོར་ཞིག་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུའི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་ཚོགས་ཆེན་ལ་ཞུགས། 

   ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་ཚན་རིག་ལག་རྩལ་གཟེངས་བསྟོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་དང་ལྗོངས། གྲོང་ཁྱེར་ཁག་དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མི། གླིང་གཉིས་ཀྱི་ཡོན་ཧྲི་དང་ཕྱི་རྒྱལ་གྱི་ཡོན་ཧྲི་ཁག་གཅིག ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་སོགས་མི4300ལྷག་ཚོགས་ཆེན་ལ་ཞུགས།

   2025ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ལ་བསྡོམས་པས་བྱ་དགའི་རྣམ་གྲངས258དང་ཚན་རྩལ་ཆེད་མཁས་པ11བདམས་ཐོན་བྱུང་ཡོད། དེའི་ནང་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་མི2ཡོད། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ51དང་དེའི་ནང་ཨང་དང་པོའི་བྱ་དགའ3དང་ཨང་གཉིས་པའི་བྱ་དགའ48ཡོད། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ58དང་དེའི་ནང་ཨང་དང་པོའི་བྱ་དགའ3དང་ཨང་གཉིས་པའི་བྱ་དགའ55ཡོད། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ149དང་དེའི་ནང་དམིགས་བསལ་བྱ་དགའ2དང་། ཨང་དང་པོའི་བྱ་དགའ13། ཨང་གཉིས་པའི་བྱ་དགའ133ཡོད། ཕྱི་རྒྱལ་གྱི་ཆེད་མཁས་པ9ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བསྩལ།།

热门新闻

热门图库

热门排行