ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ཀྱིས་མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ལ་བསྔགས་བརྗོད་བྱས་པ།

ཟླ7པའི་ཚེས6ཉིན། དར་གོས་ཚོང་ལམ་དང་ཕུའུ་ཐའོ་ཡའི་རིག་གནས་སྒྱུ་རྩལ། མཚོ་སྔོན་དང་ཨའོ་མོན་གྱི་མཉམ་འབྲེལ་བྱེད་སྒོ་ཞེས་པ་ལས་མཚོ་སྔོན་དང་ཨའོ་མིན། ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཉོ་འཚོང་དང་རིག་གནས་བརྗེ་རེས་ཀྱི་བྱེད་སྒོར་ཞུགས་པའི་སྐུ་མགྲོན་གྱི་འཐུས་མི་ཚོགས་པ་མཚོ་ལྷོ་ཁུལ་དུ་ཕེབས་ནས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་ས་གནས་དེའི་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རིག་གནས་བརྗེ་རེས་ཀྱི་བྱེད་སྒོ་ཆེ་གྲས་དེ་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་ཕུའུ་གླེང་སྟེགས་ཀྱི་རྒྱུན་བཙུགས་དྲུང་ཡིག་ཁྲུའུ་ཡིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་སོགས་སྡེ་ཁག་མང་པོས་མཉམ་དུ་སྒྲུབ་འགན་འཁུར་བ་དང་། བྱེད་སྒོ་ལས་མཚོ་སྔོན་གྱི་ས་ཁོངས་ཁྱད་ཆོས་དང་མི་རིགས་རིག་གནས་ཀྱི་དགེ་མཚན། སྤུས་ལེགས་པའི་སྐྱེ་ཁམས་ཐོན་ཁུངས་བཅས་ལ་གཞིགས་ཏེ། མཚོ་སྔོན་དང་ཨའོ་མོན། ཕུའུ་ཐའོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་དབར་ཕན་ཚུན་མཉམ་འབྲེལ་བྱེད་པའི་རྒྱལ་སྤྱི་ཅན་གྱི་བརྗེ་རེས་མཉམ་ལས་སྟེགས་བུ་ཞིག་གནད་ལ་འཁེལ་བའི་སྒོ་ནས་བསྐྲུན་ཡོད་ལ། རྟོག་ཞིབ་རིང་འཐུས་ཚབ་ཚོགས་པས་མཚོ་ལྷོ་ཁུལ་གྱི་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འཆར་འགོད་དང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ། རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་སོགས་གཙོ་གནད་ལས་དོན་གྱི་སྐུལ་འདེད་བཏང་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། འཐུས་ཚབ་ཚོགས་པ་འཁོར་དང་བཅས་པས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་རྒྱུར།གནས་མཆོག་མཚོ་ལྷོའི་ཡུལ་ལྗོངས་མཛེས་ཤིང་།མི་རིགས་རིག་གནས་རྔམ་མཐུག་པ།སྐྱེ་ཁམས་འཕེལ་རྒྱས་ཀྱི་གབ་ཤུགས་ཆེ་བས།སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་བག་ཆགས་ཟབ་མོ་བཞག་པ་དང་།ཐེངས་འདིའི་དཔལ་འབྱོར་ཉོ་འཚོང་དང་རིག་གནས་བརྗེ་རེས་བྱེད་སྒོའི་གོ་སྐབས་ལ་བརྟེན་ནས།ཕྱོགས་སོ་སོས་ཐེངས་འདིའི་ཡུལ་དངོས་རྟོག་ཞིབ་སྦྲེལ་ཐག་ཏུ་བཟུང་སྟེ།དཔལ་འབྱོར་ཉོ་ཚོང་གི་དངུལ་གཏོང་དང་རིག་གནས་ཡུལ་སྐོར།ཀྲུང་བོད་ལུགས་སྨན་རྫས་ཀྱི་ཞིབ་འཇུག་གསར་སྤེལ།འཁྱགས་ཟས་རིགས་ཀྱི་དངོས་ཟོག་འཁོར་རྒྱུག ལྗང་མདོག་དངུལ་རྩ་སོགས་ཁྱབ་ཁོངས་མང་པོའི་འབྲེལ་མཐུད་ལ་ཤུགས་བསྣན་ཏེ།མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་དེ་ཕྱི་རྒྱལ་གྱི་ཁྲོམ་རར་འགྲེམས་པར་རམ་འདེགས་བྱས་ནས།རབ་མཛེས་མཚོ་སྔོན།གནས་མཆོག་མཚོ་ལྷོའི་རང་བྱུང་ཡུལ་ལྗོངས་དང་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་དེ་ཕྱི་རྒྱལ་དང་རྒྱལ་སྤྱིའི་གར་སྟེགས་སྟེང་བསྐྱོད་པར་སྐུལ་འདེད་བྱེད་པ་དང་།སྐྱེ་ཁམས་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་།དཔལ་འབྱོར་གྱི་རིན་ཐང་བཅས་མཉམ་དུ་འཕེལ་རྒྱས་ཡོང་བར་བྱས་ཏེ།ལག་གདང་སྦྲེལ་ནས་ཕྱོགས་མང་པོ་གཉིས་ཕན་མཉམ་རྒྱལ་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་རྣམ་པ་གསར་པ་ཞིག་བསྐྲུན་རྒྱུ་ཡིན་ཟེར།

